རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་ལོ་རྒྱུས་བསྡུས་གསལ།

46.9K

         དགེ་བཤེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་ནི་ད་ལྟའི་ཤུན་ཧྭ་རྫོང་རྡོ་སྦིས་ས་ཆར་སྤྱི་ལོ༡༨༨༤ལོའི་ཟླ༤པའི་ཚེས༨ལ་ཡབ་ལྷ་ལུང་སྐྱབས་དང་ཡུམ་ལྷ་ལུང་སྐྱིད་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།སྤྱི་ལོ༡༩༦༨ལོའི་ཟླ༡༡པའི་ཚེས༡ཉིན་སྐུ་གཤེགས།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1183.JPG9peཀྲུང་གོ་བོད་ཀྱི་དྲ་བ།

        དགུང་ལོ་བདུན་གྱི་སྟེང་སྒོ་མང་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་སྟེ་རྡོ་སྦིས་གྲྭ་ཚང་གི་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། དགུང་ལོ་ཉེར་གཅིག་སྟེང་ལྷ་སར་ཕེབས་ཏེ་གཞུང་ལུགས་ཐམས་ཅད་མཁས་པར་སྦྱངས་ནས་ལྷ་རམས་པའི་དགེ་བཤེས་ཀྱི་གོ་འཕང་བླངས། དགུང་ལོ་ང་ལྔའི་སྟེང་གོ་མིན་ཏང་གིས་གདན་དྲངས་པ་ལྟར་རྒྱ་ནག་ཏུ་ཕེབས། དགུང་ལོ་དོན་གསུམ་གྱི་སྟེང་རྒྱ་གར་དང་བལ་བོའི་རྒྱལ་ཁབ་གཉིས་ཀྱིས་གདན་དྲངས་པ་ལྟར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་གྱི་ཚོགས་འདུར་ཞུགས། གཞན་ཡང་སྔ་ཕྱིས་སུ་འབར་མ་དང་། ཀམ་བྷོ་ཛ། སིང་གྷ་ལ། རོས་ཏན་སོགས་ཆོས་ལྡན་རྒྱལ་ཁབ་མང་བོར་ཕེབས་ཏེ་བཀའ་ཆོས་མང་དུ་གནང་། ཞལ་སློབ་ དགེ་བའི་བཤེས་གཉེན་ལྷ་རམས་པ་སྐལ་བཟང་རྒྱ་མཚོ། དགེ་བཤེས་གཞོང་བ་ཚུལ་ཁྲིམས་སོགས་སྡེ་སྣོད་འཛིན་པའི་བུ་སློབ་བགྲང་གིས་མི་ལང་བ་བསྐྱངས། གསུང་རྩོམ་མང་དུ་མཛད་ཀྱང་ལོ་བཅུའི་ཟིང་འཁྲུག་གིས་མེད་བརླག་བྱས་པས།ད་ལྟ་ལྕགས་དཔར་པོད་གསུམ་མ་གཏོགས་མི་བཞུགས་སོ།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1172.JPG9peཀྲུང་གོ་བོད་ཀྱི་དྲ་བ།

མི་འཇིགས་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་མཆོག9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1173.JPG9peཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ1954ལོར་མི་དམངས་ཚོགས་ཁང་ཆེན་མོར་གཙོ་འཛིན་མའོ་ཙེ་ཏུང་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་རྣམ་གཉིས་ཞལ་མོལ་གནང་བའི་ཚུལ།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1175.JPG9peཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཐུགས་སྲས་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ་ལ་མཇལ་འཕྲད་གནང་བ།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1176.JPG9peཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ1964ལོའི་ཟླ6པར་པེ་ཅིང་གི་ནུབ་རིའི་སངས་རྒྱས་ཀྱི་ཚེམས་རིན་པོ་ཆེའི་མཆོད་རྟེན་གསར་བཞེངས་ཀྱི་མཛད་སྒོ་དབུ་འཛིན་གནང་བཞིན་པའི་དགེ་བཤེས་མཆོག།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1177.JPG9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1178.JPG9peཀྲུང་གོ་བོད་ཀྱི་དྲ་བ།

དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་དེ་སྔར་རྒྱལ་བཙུགས་སློབ་ཆེན་ལྔའི་འཆད་ཁྲིད་སློབ་དཔོན་གྱི་མཚན་སྙན་བཞེས་པའི་སྐབས་ཀྱི་དམ་ཕྲུག9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1180.JPG9peཀྲུང་གོ་བོད་ཀྱི་དྲ་བ།

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་སྐུ་ཚེ་ཧྲིལ་བོའི་མཛད་འཕྲིན་ཕྱོགས་སྡོམ་གནང་བའི་ཕྱག་བསྟར་མ།9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1181.JPG9peཀྲུང་གོ་བོད་ཀྱི་དྲ་བ།

IMG_1182.JPG9peཀྲུང་གོ་བོད་ཀྱི་དྲ་བ།

དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་མཆོག་གི་གདན་ས་རྡོ་སྦིས་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་གི་ལྗོངས་རྣམ།
རྡོ་སྦིས་དགེ་བཤེས་ཆེན་པོའི་རྣམ་ཐར་མདོར་བསྡུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
            
                                   དོར་ཞི་གདོང་དྲུགས་སྙེམས་བློས་བརྩམས།
  
འཕགས་ཡུལ་སྨྲ་བའི་ཁྱུ་མཆོག་ལེགས་ལྡན་འབྱེད།།
འཇམ་དབྱངས་མི་གཟུགས་ས་སྐྱ་པན་ཊི་ཏའི།།
སྐུ་ཡི་སྐྱེ་བར་གྲྭ་ས་ཆེ་རྣམས་སུ།།
རླུང་ལྟར་གྲགས་པའི་ངེས་དོན་དགེ་བཤེས་ཆེ།།
  
དབུ་ཡི་ཟུར་ཕུད་བྲེགས་པའི་འཇམ་པའི་དབྱངས།།
རི་དྭགས་པགས་པའི་གོས་མེད་སྙིང་རྗེའི་གཏེར།།
རྡོ་རྗེ་ཕྱག་ཏུ་མི་འཛིན་གསང་བའི་བདག།
རྣམ་གསུམ་དབྱེར་མེད་བསྟན་འགྲོའི་དཔལ་དུ་ཤར།།
  
མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་སྙིམ་པར་བསྐྱིལ།།
བརྩེ་བས་རིས་མེད་སེམས་ཅན་གདུལ་བྱར་བསྡུས།།
ནུས་པས་ཆོས་སྲིད་ཟུང་གི་འཁོར་ལོས་བསྒྱུར།།
དྲེགས་ལྡན་ས་སྐྱོང་མང་པོས་སྤྱི་བོར་འཛིན།།
 
འཆད་ཚེ་གསུང་ཟུར་གཅིག་གིས་གཞུང་བརྒྱ་བཀྲོལ།།
རྩོད་ཚེ་ལུང་རིགས་ཕྲ་མོའི་རྩེ་བརྒྱ་འབར།།
ལྗགས་རྩོམ་ཚིག་དོན་རྒྱ་མཚོའི་རླབས་ཕྲེང་ཅན།།
མཁས་དགུ་རྩོམ་རིགས་བྱེ་མའི་རི་བོར་བཏང་།།
  
ནན་ཅིན་པེ་ཅིན་གཉིས་སུ་ཞབས་སོར་འཁོད།།
སྲིད་གཞུང་གསར་རྙིང་གཉིས་སུ་བསྟན་སྲིད་བསྐྱངས།།
རྒྱ་བོད་གཉིས་སུ་གཏན་བདེའི་ལམ་ཆེན་སྤེལ།།
རྒྱལ་ཁབ་ཕྱི་ནང་གཉིས་སུ་མཚན་སྙན་འབར།།
  
རྒྱ་གར་འབར་མ་བལ་བོ་སིང་ག་ལ།།
ཀམ་པོ་ཛ་སོགས་ཆོས་ལྡན་རྒྱལ་ཁབ་ཀྱི།།
ས་སྐྱོང་རྣམས་ཀྱིས་ཞབས་བསིལ་མཆོད་པ་དང་།།
མེ་ཏོག་ཕྲེང་མཛེས་ཕུལ་བའི་རྣམ་ཐར་བརྗིད།།
  
སྟོན་པའི་དྲུང་དུ་རྒྱལ་རིགས་འདུས་པ་བཞིན།།
ཅང་ཅེ་ཧྲི་དང་མའོ་ཙེ་ཏུང་གཙོ་བྱས།།
རྒྱ་ཡི་དཔོན་ཆེན་མཁས་ཆེན་མང་པོ་ཞིག།
ཆོས་ཁྲིད་གནང་བའི་གྲལ་དུ་ཞུགས་པ་ཐོས།།
  
ཐུབ་པའི་ཞལ་ཚབ་རྒྱལ་པཎ་རྣམ་གཉིས་ཀྱང་།།
གང་ལ་གུས་པའི་བརྟུལ་ཞུགས་དཔེ་མེད་བཟུང་།།
པཎ་ཆེན་བོད་དོན་ཞུ་ཡིག་ཁྲི་བདུན་མའང་།།
གང་གི་ཕྱག་བྲིས་ཡིན་ཞེས་ཀུན་གྱིས་གླེང་།།
 
རིག་གནས་གསར་བརྗེར་ནག་ཉེས་ཁག་བཀལ་ནས།།
བཙོན་དང་བརྡེག་བརྡུང་མནར་གཅོད་འཇིགས་བསྐུལ་ཀྱང་།།
མི་འཚམ་མི་འོས་མ་རབས་སྤྱོད་ངན་ལ།།
དྲང་སྲོང་བདེན་པའི་ཚིག་གིས་རྒོལ་བར་བྱས།།
  
ལྷ་རམས་དགེ་བཤེས་དང་པོ་མིང་ཙམ་མིན།།
དོན་གྱི་ཕྱག་རྗེས་རླབས་ཆེན་འགྲན་བྲལ་བཞག།
གཞུང་ཆེན་གནད་གསང་འབྱིན་པའི་བཀའ་རྩོམ་དང་།།
སྨྲ་ངན་སྲོག་ལ་རྒོལ་བའི་རྩོད་ཡིག་བརྗིད།།9peཀྲུང་གོ་བོད་ཀྱི་དྲ་བ།


9peཀྲུང་གོ་བོད་ཀྱི་དྲ་བ།

ཤེས་རབ་ཏཱ་ཧྲི་བསྟན་པའི་སྣང་བྱེད་ཆེ།།
མཚན་གྱི་ཉི་འོད་གླིང་བཞིའི་ཁྱོན་ཀུན་ཁྱབ།།
བསྟན་འགྲོར་ཕན་པའི་རླབས་ཆེན་མཛད་རྗེས་ནི།།
སྲིད་མཐའི་བར་དུ་ཉམས་ཤིང་བརྗེད་པ་མེད།།
   ཅེས་པ་འདི་ནི་གངས་ཅན་མཁས་པའི་གཟི་དཔལ་མཚུངས་ཟླ་མེད་པ། ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སྐུ་འཁྲུངས་ནས་ལོ་བརྒྱ་དང་ཉེར་གཉིས་སོང་བའི་སྤྱི་ལོ་ཉིས་སྟོང་དང་ཉག་མ་དྲུག་གི་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་ལ། དམ་པ་གང་གི་མཛད་རྣམ་རགས་བསྡུས་རྒྱ་ཡིག་ཏུ་བསྒྱུར་བ་དཔར་འཁོད་སྐབས། ཡིག་བསྒྱུར་མཁན་བཀྲ་ཤིས་ཚེ་བརྟན་གྱི་འདོད་མོས་བཞིན། མཚམས་སྦྱོར་མཚོན་བྱེད་ཀྱི་ཚིགས་བཅད་དུ་དོར་ཞི་གདོང་དྲུག་སྙེམས་བློར་འབོད་པས་བྲིས།།
9peཀྲུང་གོ་བོད་ཀྱི་དྲ་བ།


9peཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།