མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམ་ཐེངས་དང་པོར་ཕྱི་རྒྱལ་ནས་འགྲེམ་སྟོན་གནང་འདུག

ཟླ1པོའི་ཚེས28ཉིན།  གསར་འགོད་པས་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་པ་ལྟར་ན། ཟླ1པོའི་ཚེས11ཉིན་ནས་ཚེས24ཉིན་བར། མཚོ་སྔོན་ཞིང་ཆེན་གྱིབོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམའགྲེམས་སྟོན་གཟའ་འཁོར་གྱི་བྱེད་སྒོའི་ལས་རིམ་ཁག་ཧྥ་རན་སེའི་ཕ་རི་སི་དང་། འཇར་མན་གྱི་པེར་ལིན་ས་ཁུལ་གཉིས་སུ་བདེ་ལེགས་ངང་ལེགས་འགྲུབ་བྱུང་འདུག་ཅིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་མེ་ཏོག་མཆོད་པ་དང་། འཚེམ་དྲུབ། ལྡེབས་རིས་བཅསབོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམཕྱི་རྒྱལ་དུ་འགྲེམས་སྟོན་གནང་ཐེངས་དང་པོ་རེད་འདུག དེ་ཡང་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའིབོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམའགྲེམས་སྟོན་གྱི་གཟའ་འཁོར་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩས་རྒྱབ་སྐྱོར་ཐོབ་པའི་རིག་གནས་ཀྱི་རྣམ་གྲངས་གྲས་ཤིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་བཅུ་ལྷག་ཧྥ་རན་སི་དང་འཇར་མན་དུ་ཕེབས་ཏེ། ཡུལ་དངོས་ནས་མེ་ཏོག་མཆོད་པ་སོགས་བཟོ་བའི་བརྒྱུད་རིམ་ཀུན་ལ་འགྲེམས་སྟོན་གནང་པ་མ་ཟད།  ཐང་ག་དང་འཚེམ་དྲུབ། ཞལ་འབག་རྒྱན་གོས་སོགས་སྒྱུ་རྩལ་ཐོན་རྫས་འགྲེམས་སྟོན་གནང་ནས་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་གྱི་མཚར་སྡུག་ཀུན་གྱི་སྤྱན་ལམ་དུ་བསྟར་ཡོད་པ་རེད།hkQཀྲུང་གོ་བོད་ཀྱི་དྲ་བ།

  འགྲེམས་སྟོན་བྱེད་སྒོར་ས་གནས་དེ་གའི་ཀྲུང་གོ་བ་དང་སྒྱུ་རྩལ་ལས་སྡེའི་མི་སྣ།  གྲོང་མི་ཚོས་བསྔགས་བརྗོད་ཚད་མེད་གནང་ཡོད་ཅིང་།  ཡོ་རོབ་ནས་ཐོན་པའི་མང་ཚོགས་དང་ཕྱིར་སྡོད་རང་མིའི་སྡེ་ནས་ཀྱང་འགྲེམས་སྟོན་ལ་གཟིགས་དུསམཛེས་པའི་མཚོ་སྔོནགྱི་མཚར་སྡུག་གིས་ཡིད་ཀྱི་དྭངས་པ་དབང་མེད་འཕྲོག་ཡོད་པ་རེད། ད་རེསབོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམགྱི་འགྲེམས་སྟོན་གཟའ་འཁོར་བྱེད་སྒོར་རྒྱལ་ཁབ་ཕྱི་ནང་གི་གསར་ལམ་མང་པོ་ནས་དོ་སྣང་ཐོབ་ཡོད་དེ། འགྲེམས་སྟོན་རིང་། ཡོ་རོབ་དུས་ཚགས་དང་། མི་དམངས་ཉིན་ཚགས།  ཞིན་ཧྭ་གསར་ཁང་སོགས་ཀྱིས་འབྲེལ་ཡོད་གནས་ཚུལ་གསར་ལམ་ཁག་ཏུ་སྤེལ་ཡོད་པ་རེད།  ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིང་གི་ཐིང་ཀྲང་ཧྲིང་ཧོང་ཤིང་གིས། སྤེལ་རེས་ཚོགས་འདུར་སྤྱི་སྡོམ་མཛད་དུས་སུ།   ཐེངས་འདིའི་བྱེད་སྒོ་བརྒྱུད་མཛེས་པའི་མཚོ་སྔོན་དང་རིག་གནས་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་ཡར་ཐོན་གྱི་རྣམ་པ་བཟང་པོ་མངོན་ཐུབ་ཡོད་པ་དང་། རྒྱུད་གཅིག་ལམ་གཅིགགི་དཔལ་འབྱོར་དང་རིག་གནས་སྤེལ་རེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ།  མཛེས་པའི་མཚོ་སྔོན་གྱི་སྙན་གྲགས་ཇེ་མཐོར་གཏོང་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཞིང་ཆེན་རིག་གནས་སྡེ་ཁག་ནས་སླད་ཕྱིན་ཀྱངབོད་རིགས་ཀྱི་སྒྱུ་རྩལ་ཁྱད་འཕགས་གསུམསོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྣམ་གྲངས་ཕྱི་རྒྱལ་དུ་བསྐྱོད་པའི་ལས་ཀར་ནུས་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་དང་ཤང་ཀང་། ཨོ་མེན།  ཐའེ་ཝན་བཅས་ཀྱི་རིག་གནས་སྤེལ་རེས་ཀྱི་རྣམ་གྲངས་བེད་སྤྱད་ནས། མཚོ་སྔོན་གྱི་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དང་། མཚོ་སྔོན་གྱི་སྣ་མང་མི་རིགས་རིག་གནས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་པར་ཤུགས་སྣོན་བྱས་བརྒྱུད། མཚོ་སྔོན་གྱི་རིག་གནས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཇེ་མཐོར་གཏོང་རྒྱུ་ཡིན་ཞེས་བསྟན་བྱུང་།hkQཀྲུང་གོ་བོད་ཀྱི་དྲ་བ།


hkQཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།