མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་སྤེལ་བའི་རྒྱ་བོད་ལོ་ཙཱའི་མུ་འབྲེལ་འཆད་ཁྲིད་ཀྱི་གནས་ཚུལ་རགས་བསྡུས།

    རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་ཤེས་པ་རྒྱ་བསྐྱེད་པ་དང་ལོ་ཙཱ་སློབ་མཁན་དག་གི་དགོས་མཁོར་དམིགས་ནས། སློབ་གླིང་འདི་གའི་རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་གསོ་སྐྱོང་དང་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་ཕྱི་ནང་གི་ཆེད་མཁས་དག་གདན་དྲངས་ནས་གཟའ་འཁོར་གཉིས་རིང་དུ་རྒྱ་བོད་ལོ་ཙཱའི་ཐད་ཀྱི་འཆད་ཁྲིད་ཕྲེང་བར་སྤེལ། 
         དང་པོ། མིང་བརྡ་གསར་བའི་སྒྱུར་ཐབས་སྐོར་གླེང་བ།

1.jpg

   2018ལོའི་ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་སངས་རྒྱས་ལགས་གདན་དྲངས་ཏེ་གཡང་དཔལ་ཐོག་ཁང་དུ་མིང་བརྡ་གསར་བ་སྒྱུར་སྐབས་ཀྱི་གོ་སྟོབས་དང་སྒྱུར་རྩལ། དེའི་ཐད་ཀྱི་བླང་བྱ་ལྔ་སོགས་ནས་འཆད་ཁྲིད་གང་ལེགས་གནང་།

2.jpg 
        གཉིས་པ། རྒྱ་བོད་རྩོམ་རིག་ལོ་ཙཱའི་སྐོར་གླེང་བ།

3.jpg

   2018ལོའི་ཟླ12པའི་ཚེས20ཉིན་གྱི་དགོང་མོར་ཡང་བསྐྱར་སློབ་དཔོན་ཆེན་མོ་སངས་རྒྱས་ལགས་གདན་དྲངས་ཏེ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ་རུ་རྒྱ་བོད་རྩོམ་རིག་ལོ་ཙཱའི་གོ་དོན་དང་དབྱེ་བ། ཐབས་ལམ་སོགས་ལུང་རིགས་དཔེ་གསུམ་དང་སྦྱར་ནས་འཆད་ཁྲིད་རྒྱ་ཆེར་གནང་།
         གསུམ་པ། རྒྱ་བོད་གཞུང་ཡིག་ལོ་ཙཱའི་སྐོར་གླེང་བ།

5.jpg

      སྤྱི་ལོ2018ལོའི་ཟླ12པའི་ཚེས21ཉིན་གྱི་སྔ་དྲོར།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལྷ་མོ་བསོད་ནམས་(龚启德)ལགས་གདན་དྲངས་ཏེ། བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ་རུ་རྒྱ་བོད་གཞུང་ཡིག་ལོ་ཙཱའི་རྩ་དོན་དང་རིགས་དབྱེ། མཉམ་འཇོག་ས་སོགས་འཆད་ཁྲིད་ཕུན་སུམ་ཚོགས་པ་གནང་། 
         བཞི་པ། རྒྱ་བོད་གསར་འགྱུར་ལོ་ཙཱའི་སྐོར་གླེང་བ།

7.jpg   སྤྱི་ལོ2018ལོའི་ཟླ12པའི་ཚེས26ཉིན་གྱི་སྔ་དྲོར་མཚོ་སྔོན་བརྙན་འཕྲིན་ཁང་གི་ཞུས་ཆེན་ལོ་ཙཱ་བ་ཨོ་རྒྱན་ལགས་གདན་དྲངས་ནས། བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ(524)རུ“རྒྱ་བོད་གསར་འགྱུར་ལོ་ཙཱའི་ཁྲོད་བྱུང་བའི་མིང་དང་ཚིག་གི་འགྱུར་སྐྱོན་སྐོར་ནས་འཆད་ཁྲིད་ཉམས་མྱོང་གིས་ཡོངས་སུ་ཕྱུག་ཅིང་བློ་བསྐྱེད་འཐོབ་པ་གནང་། 
 ལྔ་པ། རྒྱ་བོད་འཁྲབ་གཞུང་ལོ་ཙཱའི་སྐོར་གླེང་བ།

7.jpg       སྤྱི་ལོ2018ལོའི་ཟླ12པའི་ཚེས27ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཞུས་ཆེན་ལོ་ཙཱ་བ་རྡོ་རྗེ་ཚེ་བརྟན་ལགས་གདན་དྲངས་ཏེ། བོད་རིག་པའི་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དང་པོ(524)རུ“རྒྱ་བོད་འཁྲབ་གཞུང་ལོ་ཙཱའི་ཁྲོད་རྒྱུན་པར་འཕྲད་པའི་རིག་གནས་ཀྱི་བསྟན་དོན་ཡོད་པའི་ཁ་བྱང་དག་གི་སྒྱུར་ཚུལ་ཐད་ནས་འཆད་ཁྲིད་གྲ་རྒྱས་གནང་།
    འཆད་ཁྲིད་རེ་རེ་ཡི་སྐབས་སུ་རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་གསོ་སྐྱོང་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་རིག་འཛིན་ལགས་ཀྱིས་འགོ་འཛིན་དང་ཕྱོགས་སྡོམ་མཛད། 

8.jpg

         མདོར་ན་ཐེངས་འདིའི་གཟའ་འཁོར་གཉིས་རིང་དུ་སྤེལ་བའི་འཆད་ཁྲིད་གཞི་རྒྱ་ཆེ་ཞིང་དངོས་བརྒྱུད་གང་རུང་ནས་ཞུགས་པའི་ཉན་མཁན་སྟོང་ཕྲག་ལས་བརྒལ་ལ།  ལྷག་པར་དུ་གདན་ཞུས་ཆེད་མཁས་དག་གིས་རང་རང་གི་ལོ་དུ་མའི་ལོ་ཙཱའི་ཉམས་མྱོང་དག་རྒྱལ་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་ལ་སྦྱར་ནས་འཆད་ཁྲིད་གྱ་ནོམ་པ་བསྩལ་བས་ཉན་མཁན་དག་གི་དགའ་བསུ་ཚད་མེད་ཐོབ་པར་མ་ཟད་རྒྱ་བོད་ལོ་ཙཱའི་བྱ་བཞག་གོང་དུ་འཕེལ་བའི་གསོས་སུ་གྱུར་ཏོ། །

9.jpg


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།