2019ལོར་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་སློབ་མ55114ཡོད་པ།

   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རང་ཞིང་གི2019ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ། མིང་ཐོ་བཀོད་པའི་སློབ་མ56794ལ་བུད། ཞིང་ཆེན་ནང་ཁུལ་གྱི་དངོས་གཞི་སློབ་གྲྭ་གསུམ་གྱི་ཆེད་སྦྱོང་ནས་དངོས་གཞིར་འཕར་བའི་སློབ་མ1680ཕུད། དངོས་སུ་མིང་ཐོ་བཀོད་པའི་སློབ་མ55114ཡོད་ལ་ན་ནིང་དང་བསྡུར་ན་སློབ་མ5006འཕར། དེའི་ཁྲོད་རིག་ཚན་གྱི་རྒྱུགས་ཞུགས་སློབ་མ16826དང་། རྩིས་ཚན་གྱི་རྒྱུགས་ཞུགས་སློབ་མ29457། རིགས་གཞན་པའི་རྒྱུགས་ཞུགས་སློབ་མ8831(མཐོ་རིམ་ལས་རིགས་སློབ་གསོའི་ཆིག་རྐྱང་གི་སློབ་བསྡུ་རྒྱུགས་ལེན། དམིགས་གསལ་སློབ་བསྡུ་རྒྱུགས་ལེན་གཞན་པ)ཡོད་པ་རེད།

        1.JPG

       རྒྱུས་ལོན་པ་ལྟར་ན། རང་ཞིང་གི2019ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་བྱ་བར་ཁྱད་ཆོས་ལྔ་ལྡན་ལ། གཅིག རིགས་དང་དུས་ཚོད་བགར་ནས་མིང་ཐོ་འགོད་པ་ལག་བསྟར་བྱས་པ། གཉིས། སློབ་མའི་མཛུབ་རིས་ཀྱི་ཆ་འཕྲིན་ཐོག་དང་པོར་བསྡུ་ལེན་བྱས་པ། གསུམ། སློབ་མའི་རྒྱུགས་ལེན་ཐོབ་ཐང་ལ་ནན་གྱིས་དཔྱད་ཞིབ་བྱས་པ། བཞི། ཆ་འཕྲིན་གཞི་གྲངས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་པ། ལྔ། ཆ་འཕྲིན་སྤྱི་བསྒྲགས་ཀྱི་ཚད་ཆེ་རུ་བཏང་བ་བཅས་ཀྱི་ཁྱད་ཆོས་ལྔ་ལྡན་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།