པཎ་ཆེན་རིན་པོ་ཆེ་ཚང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས

        པཎ་ཆེན་རིན་པོ་ཆེ་ཚང་གི་དད་པ་བརྟན་པོ་དང་། མི་རིགས་ལ་དགའ་བ། ཏང་ལ་བློ་དཀར་བ། སྒྲུབ་ཕོད་པ། མང་ཚོགས་ཀྱི་ཆེད་དུ་སྐད་ཆ་བཤད་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས།
   —པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་ལོན་པ་དང་དགོངས་པ་རྫོགས་ནས་ལོ་འཁོར་སུམ་ཅུ་ལོན་པར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུའི་གཏམ་བཤད།

1.jpg  
      བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་གི་དེད་དཔོན་ཆེན་པོ། ཀྲུང་གོ་གུང་ཁྲན་ཏང་གི་བློ་དཀར་གྱི་གྲོགས་པོ་བཟང་བོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་དང་དགོངས་པ་བསྡུས་ནས་ལོ་འཁོར་སུམ་ཅུ་ལོན་པར་མྱ་ངན་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་དེ་ཁོང་ཚང་གི་ཕ་ཡུལ་མཚོ་སྔོན་ནས་བསྡུས་སོང་། ཕྲན་ཆུང་ང་ལ་ཡིད་སེམས་དད་པའི་འདབ་མ་ཁུར་གྱིས་གནན་ཏེ་ཚོགས་འདུ་དེ་ལ་ཞུགས་པའི་སྐལ་བ་ལྡན་སོང་བ་དང་། ཐེངས་འདིའི་རྩ་འཛུགས་མི་སྣ་ལ་ལྷག་བསམ་ཁོལ་བའི་སྒོ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། 

3.jpg   

      པན་ཆེན་རིན་པོ་མཆོག་གི་སྐུ་ཚེ་ཧྲིལ་བོ་ནི་ཀྱག་ཀྱོག་ལྡན་ཞིང་། ཁོང་ཚང་གིས་ཤིན་ཏུ་ཐུང་བའི་མི་ལོ་ལྔ་བཅུའི་རིང་ལ་ཆོས་ལུགས་དང་། མི་རིགས། མེས་རྒྱལ། སྤྱི་ཚོགས་བཅས་ཀྱིི་འཕེལ་རྒྱས་དང་། བོད་མི་རིགས་ཀྱི་ཁོངས་གཏོགས་སུ་གྱུར་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་གྱི་མཛད་རྗེས་ལ་གྲུབ་འབྲས་བླ་མེད་བསྐྲུན་ཅིང་། མི་རིགས་ཀྱི་སློབ་གསོའི་ཆེད་དུ་འཕྲིན་ལས་རྒྱ་ཆེར་མཛད། ཁོང་ཚང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་དང་། དགོངས་པ་བསྡུས་ནས་ལོ་འཁོར་སུམ་ཅུ་ལོན་པའི་སྐབས་འདིར། ང་ཚོས་ཁོང་ཚང་གི་སྙིང་སྟོབས་འདི་དག་ངེས་པར་དུ་སློབ་སྦྱོང་དང་རྒྱུད་འཛིན་དར་སྤེལ་བྱེད་དགོས། 
      གཅིག ཁོང་ཚང་གིས་ཆོས་ལུགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་སྲ་བརྟན་དུ་བཏང་ཞིང་། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་བསྐྱར་གསོ་བྱེད་པར་བྱས་རྗེས་མངོན་པར་འཕགས་པ་མཛད། 
     གཉིས་པ། ཁོང་ཚང་གིས་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ་སྐད་ཆ་བཤད་ཕོད་པ་དང་། འོས་འགན་ཁུར་ཐུབ་པ། གདོང་མཆོང་བྱེད་ཐུབ་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས།
    གསུམ་པ། ཁོང་ཚང་གིས་མི་རིགས་ཀྱི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ལ་སྲུང་སྐྱོབ་དང་། མི་རིགས་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། རླབས་ཆེ་བའི་མི་རིགས་སློབ་གསོའི་ལས་དོན་སླར་གསོ་དང་འཕེལ་རྒྱས་བཏང་བ། གཏན་སྡོད་ཀྱི་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ཐད་ལ་མཛད་པའི་རླབས་ཆེ་བའི་ལག་རྗེས་ཀྱིས་རིན་པོ་ཆེ་ཚང་གིས་མང་ཚོགས་ཀྱི་བདེ་སྐྱིད་བསྐྲུན་པའི་ཆེད་དུ་འགན་ཁུར་མཐའ་འཁྱོངས་མཛད་པའི་དུས་རབས་ཀྱི་མིག་དཔེར་འོས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས།
     བཞི། རིན་པོ་ཚང་གིས་ཏང་གི་བྱ་གཞག་ལས་དོན་ཐད་ལ་ལག་ལེན་མཐའ་འཁྱོལ་གནང་ཞིང་། རྒྱལ་ཁབ་དང་མི་རིགས་ཆོས་ལུགས་སྲིད་ཇུས་འཐབ་ཕྱོགས་ཆེད་དུ་བོད་ཁུལ་ཡོངས་སུ་བསྐྱོད་ཅིང་། ཞིབ་འཇུག་བྱས་ནས་གཏམ་བཤད་གྲགས་ཅན་གནང་བ་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བློ་དཀར་དགོས་པའི་བསླབ་བྱ་གནང་ཞིང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་དང་། མི་རིགས་མཐུལ་སྒྲིལ་ལེགས་པོ་གནང་སྟེ། རང་གི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་། རང་གི་སྐད་ཆ་དང་ཡི་གེ་ལ་སློབ་སྦྱོང་བཟང་བོ་བྱེད་པ། རང་གི་ཁྱིམ་གཞིས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ས་ཁུལ་རིག་གནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། རིན་པོ་ཆེ་ཚང་གིས་མི་རིགས་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་པོའི་ཐད་ནས་ཏང་དང་རྒྱལ་ཁབ། བོད་རིགས་མི་དམངས་བར་ལ་ཡང་དག་པའི་མཛའ་མཐུན་གྱི་གསེར་ཟམ་བཙུགས་པའི་ནུས་པ་ཐོན་པ་རེད། འདི་ནི་ཆེས་བླ་ན་མ་མཆིས་པའི་རིན་པོ་ཚང་གི་སྙིང་སྟོབས་དང་ཡོན་ཏན་ཁྱད་པར་བ་ཡིན།

2.jpg

 
2019ལོའི་ཟླ1པོའི་ཚེས14ཉིན། འཆད་པ་པོ། སྡེ་རོང་ཚེ་རིང་དོན་འགྲུབ།སྒྱུར་བ་པོ། རྫ་འཇིགས། རྐྱང་ཚ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།