བོད་ཀྱིས་གཞོན་ནུས་གྲོང་གསེབ་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ།


xRsཀྲུང་གོ་བོད་ཀྱི་དྲ་བ།


xRsཀྲུང་གོ་བོད་ཀྱི་དྲ་བ།

 ངའི་ཀྲུང་གོའི་ཕུགས་འདུན་ཏེ། འབད་འཐབ་ཀྱི་ལང་ཚོ་ཆེས་མཛེས་སྡུག་ལྡན་ཞེས་པའི་བརྗོད་དོན་གཙོ་བོའི་བོད་ཀྱི་ཕུལ་བྱུང་གཞོན་ནུའི་སྔོན་ཐོན་བྱས་རྗེས་ལྗོངས་ཡོངས་སུ་སྐོར་སྐྱོད་མཉམ་སྤྱོད་བྱེད་པའི་གྲོས་ཚོགས་ཉེ་དུས་ནག་ཆུ་རྫོང་དུ་འགོ་ཚུགས་ཡོད། པ་སངས་ནོར་བུ་དང་ཚེ་དབང་སྒྲོལ་མ་སོགས་ཕུལ་བྱུང་གི་གཞོན་ནུ་བདུན་གྱིས་གཞི་རིམ་དུ་རྐང་པ་བརྟན་པོ་བཙུགས་པ་དང་། གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པའི་གཏམ་རྒྱུད་མིག་ལམ་དུ་བར་མཚམས་མེད་པར་མངོན་ཡོད། ཉེ་ལམ་ལོ་ཤས་རིང་། ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད་འོག བོད་ཀྱི་གཞོན་ནུ་སྔར་བས་མང་བས་གཞི་རིམ་དུ་རྐང་པ་བརྟན་པོ་བཙུགས་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་མཛེས་སྡུག་ལྔན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་རྣམ་པ་རབ་ཏུ་མངོན་པར་བྱས་ཡོད་པ་རེད།
xRsཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ་2008ལོར་། རང་ལོ་ཉི་ཤུར་སོན་པའི་པ་སངས་ནོར་བུས་ཕྱི་ཕྱོགས་སུ་ལས་ཀར་སྐྱོད་རྒྱུའི་གོ་སྐབས་དོར་ནས། གཟིགས་མ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁུར་ཡོད། ལོ་བརྒྱད་རིང་། པ་སངས་ནོར་བུའི་འགན་ནུས་ལ་འགྱུར་ལྡོག་བྱུང་ཡོད་ནའང་། མི་སེར་གྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་ཡག་པོ་སྒྲུབ་པའི་དང་ཐོག་མའི་བསམ་ཚུལ་ལ་འགྱུར་ལྡོག་བཏང་མྱོང་མེད། ལོ་བརྒྱད་རིང་ཁོང་གི་སྣེ་ཁྲིད་འོག་གཟིགས་མ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཚན་པའི་ཁོངས་མི་ཚོས་མང་ཚོགས་ཀྱི་ཆེད་དུ་སེམས་ཁྲལ་བྱེད་པ་དང་མང་ཚོགས་ཀྱི་ཆེད་དུ་བསམ་བློ་གཏོང་བ། བདེན་འཚོལ་དངོས་སྒྲུབ་དང་ཟོལ་མེད་ཡིད་རྟོན། འབད་འཐབ་བྱེད་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་ཡག་པོ་སྒྲུབ་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།xRsཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ་2013ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འགྲེལ་འགྲུལ་སྐྱེལ་འདྲེན་ཅུད་ཀྱི་ཆབ་སྲིད་ལས་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཉི་མ་རྒྱན་མཚན་གྱིས་རང་འགུལ་སྒོ་ནས་བྲག་གཡབ་རྫོང་དབྱན་ཏོ་གྲོང་རྡལ་ཞོལ་ཏུང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་སྐྲུན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་ཡོད། ལོ་གསུམ་རིང་། ཁོང་གི་སྣེ་ཁྲིད་འོག་ཞོལ་ཏུང་གྲོང་ཚོས་སྔ་རྗེས་སུ་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་དང་རི་མོའི་རྩལ་ནུས་མཉམ་ལས་ཁང་། དེ་བཞིན་གྲོ་ཞིབ་ལས་སྣོན་བཟོ་གྲྭ་སོགས་དཔལ་འབྱོར་དངོས་གཟུགས་བདུན་གྲབས་འཛུགས་བྱས་ཡོད། སྤྱི་ལོ་2015ལོའི་ལོ་མཇུག་བར་སླེབས་དུས་གྲོང་ཚོ་ཡོངས་སུ་རིམ་རྩིས་བྱས་ན་སྒོར་ས་ཡ་གཅིག་དང་ལྔ་འབུམ་ཡན་འབབ་འཕར་བྱུང་བ་དང་། མི་རེའི་ཆ་སྙོམས་སྒོར་2000འཕར་སྣོན་བྱུང་བ། གྲོང་ཚོའི་མཉམ་སྡེབ་ལ་སྒོར་ཉིས་འབུམ་ལྔ་ཁྲི་ཡན་འཕར་སྣོན་བཅས་བྱུང་ཡོད་པ་རེད།xRsཀྲུང་གོ་བོད་ཀྱི་དྲ་བ།

གཞོན་ནུ་སྔར་བས་མང་བ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུ་ཁྲིད་སྟོན་བྱ་ཆེད། ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་ཕུལ་བྱུང་གཞོན་ནུའི་ཁྲོད་ནས་ཕུལ་བྱུང་གི་བྱ་གཞག་གསར་གཏོད་ཀྱི་གཞོན་ནུ་ནོར་བུ་དགྲ་འདུལ་དང་ཕུལ་བྱུང་གི་གཞི་རིམ་གཞུང་ཞབས་པ་ཚེ་དབང་སྒྲོལ་མ་སོགས་སྔོན་ཐོན་དཔེ་མཚོན་གཞོན་ནུ་བདུན་གྱི་མཉམ་སྤྱོད་ཚོགས་པ་སྒྲིག་འཛུགས་བྱས་ཏེ། དུས་ཡུན་ཟླ་བ་གཅིག་ཙམ་དང་ལམ་ཚད་སྤྱི་ལེ་ཆིག་ཁྲི་ལྷག་བརྒྱུད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་བཅུ་ལྷག དེ་བཞིན་མཐོ་རིམ་སློབ་གྲྭ་ཁག་ཅིག་བཅས་སུ་སྐྱོད་ནས། མཉམ་སྤྱོད་བྱེད་སྒོ་ཆེ་ཆུང་ཁག་20ལྷག་སྤེལ་ཡོད།xRsཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ངསྐྱོད་མཉམ་སྤྱོད་ཚོགས་འདུའི་ཐོག ཕུལ་བྱུང་གཞོན་ནུ་བདུན་གྱིས་རྒྱ་ཆེའི་གཞོན་ནུ་རྣམས་ལ་འགོ་བརྗོད་དུ་འབད་འཐབ་བྱེད་པ་དེ་ནི་ལང་ཚོ་ཡིན་ཞེས་པ་དང་ལང་ཚོའི་རྐང་རྗེས་གངས་ལྗོངས་ས་མཐོའི་ཐོག་འཕྲོ་བ་བྱེད་ཅེས་པ་སོགས་ལང་ཚོའི་འབད་འཐབ་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད། བབ་ཆགས་པའི་བརྗོད་བྱ་དང་བློ་སྟོབས་འཕེལ་བའི་གཏམ་རྒྱུད། འབད་འཐབ་ཀྱི་ལང་ཚོ་བཅས་ལས་ལྗོངས་ཡོངས་ཀྱི་རྒྱ་ཆའི་གཞོན་ནུ་ཚོས་འབད་འཐབ་ཀྱི་ལང་ཚོ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་པའི་གོ་དོན་ངོ་མ་བསམ་ཤེས་གཏིང་ཟབ་ཐུབ་་པ་བྱས་པས། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོས་འབད་འཐབ་ཆེན་པོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མེས་རྒྱལ་ལ་དྲིས་ལན་མཇལ་བ། ཕ་ཡུལ་འཛུགས་སྐྲུན་བྱེད་པ། བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་པ་བཅས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད་པ་རེད།།xRsཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།