ཆབ་མདོ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

 fuVཀྲུང་གོ་བོད་ཀྱི་དྲ་བ།

 fuVཀྲུང་གོ་བོད་ཀྱི་དྲ་བ།

 fuVཀྲུང་གོ་བོད་ཀྱི་དྲ་བ།

དབྱར་དཀྱིལ་དུ་བོད་ཤར་རྒྱུད་ཀྱི་ས་ཕྱོགས་གང་སར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་རྣམ་པས་ཁེངས་ཤིང་། སྤོམ་མདའ་གནམ་ཐང་གི་རྒྱུག་ལམ་གཉིས་པའི་ཨར་སྐྲུན་དང་། མཛོ་སྒང་ནས་སྨར་ཁམས་བར་གྱི་གཞུང་ལམ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པའི་སྒྱུར་བཀོད་ལས་གྲྭ ཤང་གྲོང་གི་ལས་ཤག ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད། གྲོང་གསེབ་ཀྱི་གཞུང་ལམ། ཤང་གྲོང་གི་ཁྲིམས་འཛིན་སུའོ་73 ཤང་གྲོང་མི་དམངས་ཁྲིམས་ཁང་གི་ཁྲིམས་ར་26སོགས་གཙོ་གནད་རྣམ་གྲངས་ཁག་ཅིག་རིམ་གྱིས་ལས་འགོ་ཚུགས་ནས་སྐྲུན་བཞིན་ཡོད་པ་དང་ཟླ་བ་དང་པོ་ནས་གསུམ་པའི་བར་གྱི་རྣམ་གྲངས་ལ་ཁྱོན་སྒོར་དུང་ཕྱུར་100ལྷག་ཙམ་བཏང་ཡོད་པ་རེད།fuVཀྲུང་གོ་བོད་ཀྱི་དྲ་བ།

རྨང་གཞིའི་སྒྲིག་བཀོད་ཉམས་ཞན་གྱི་དོན་དངོས་ལ་དམིགས་ཏེ་ཆབ་མདོ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་600ཙམ་གྱི་རྨང་གཞིའི་ཐོག་2016ལོར་འགྲིམ་འགྲུལ་སྒྲིག་བཀོད་དང་། ཞིང་ནང་ཆུ་བེད། གློག་ཤུགས་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ཆེན་པོ་ཞིག་མཁོ་འདོན་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།fuVཀྲུང་གོ་བོད་ཀྱི་དྲ་བ།

བོད་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ལྟེ་བར་གནས་པའི་ཆབ་མདོས་འགྲིམ་འགྲུལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་འདོད་ཀྱང་དེར་ཚོད་འཛིན་ཕོག་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པ་ནི་ཆབ་མདོའི་ཞན་ཆ་ཆེ་ཤོས་དེ་ཡིན་ལ་ཆབ་མདོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་ཀྱི་གྲས་ཤིག་ཀྱང་ཡིན། ཆབ་མདོས་ཁྲོན་བོད་ལྕགས་ལམ་གྱི་དར་མདོ་བརྒྱུད་ཆབ་མདོ་ནས་ཉིང་ཁྲི་བར་གྱི་དུས་འགོའི་ལས་དོན་སྤེལ་ཤུགས་ལ་ཤུགས་སྣོན་བརྒྱབ་སྟེ་2017ལོར་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། སྤོམ་མདའ་གནམ་ཐང་གི་རྒྱུག་ལམ་གཉིས་པ་དང་། G317གྱི་སྟེང་ཆེན་ནས་ཤེལ་ལ་རི་བོའི་བར་གྱི་ལམ་དུམ་བུ། G318ཀྱི་མཛོ་སྒང་ལམ་དུམ་བུ། S303གྱི་ལྷོ་རོང་ནས་དཔལ་འབར་བར་གྱི་ལམ་དུམ་བུ། དཔལ་འབར་ནས་འབྲི་རུ་བར་གྱི་བཟོ་བཅོས་རྒྱས་སྐྲུན་དང་དེ་བཞིན་སྔས་ལ་རི་བོ་དང་། ཤེལ་ལ་རི་བོ། རྩེ་ཐུངས་རགས་ཆེན་གྱི་ཕུག་ལམ། མཛོ་སྒང་ནས་སྨར་ཁམས་བར་གྱི་གཞུང་ལམ་སོགས་ཀྱི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། ཆབ་མདོ་ནས་སྤོམ་མདའ་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་། G214དང་G317གྱི་ཆབ་མདོ་གྲོང་རྡལ་སྒྲོལ་བའི་ལམ་ཐིག བྲག་གཡབ་ནས་སྨར་ཁམས་བར་གྱི་གཞུང་ལམ་གྱི་དབྱེན་འདུམ་གྲོང་རྡལ་ནས་བྱམས་མདུན་གྲོང་རྡལ་བར་གྱི་ལམ་དུམ་བུ་བཅས་ལས་འགོ་འཛུགས་རྒྱུ། ལྷོ་རོང་རྫོང་ནས་ཤིང་རོང་ཤང་བར་དང་དེ་ནས་གདགས་རོངས་ཤང་བར་དང་། གོ་འཇོ་རྫོང་ནས་རྩེ་པ་ཤང་བར། འཇོ་མདའ་རྫོང་ནས་སྡེ་རོང་རྫོང་བར། G318ཀྱི་སྨར་ཁམས་རྫོང་ནས་མཆོད་རྟེན་ཤང་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་སོགས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།fuVཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་ནི་ས་ཁོངས་ཀྱི་ལྟེ་བར་གནས་མོད། འོན་ཀྱང་ས་ཕྱོགས་གང་དུ་སྐྱོད་དགོས་རུང་འགྲིམ་འགྲུལ་གཏན་ནས་སྟབས་བདེ་མེད། ས་ཁོངས་ཀྱི་ལེགས་ཆ་དེ་སྟོབས་དང་ལྡན་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ཚེ་གཞི་ནས་འདོན་སྤེལ་གང་ལེགས་བྱེད་ཐུབ། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱས་པར། ཆབ་མདོས་ཆབ་མདོ་ནས་ཡུལ་ཤུལ་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་དང་ལྷོ་རོང་ནས་སྤོ་བོ་རྫོང་དང་། དཔལ་འབར་ནས་ནག་ཆུའི་ལྷ་རི་རྫོང་བར་གྱི་གཞུང་ལམ་གྱི་དུས་འགོའི་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད། ཆབ་མདོ་ནས་ཡུན་ནན་བདེ་ཆེན་བར་དང་། ཆབ་མདོ་ནས་མཚོ་སྔོན་ཡུལ་ཤུལ་བར། ཆབ་མདོ་ནས་སི་ཁྲོན་དཀར་མཛེས་བར་སོགས་ས་འབྲེལ་གྲོང་ཁྱེར་དང་ཀྲོའུ་ཡི་རིམ་པ་མཐོ་བའི་གཞུང་ལམ་གྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད།fuVཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཚང་མ་ཆབ་མདོ་ནས་གཙང་པོ་གཅིག་ནང་སྒྲིལ་གྱི་ཡོད་རུང་ཆབ་མདོའི་ནུས་རྒྱུའི་ཆུ་བེད་འཛུགས་སྐྲུན་རྗེས་སུ་ལུས་ཡོད། ཆབ་མདོས་འདི་ལོ་ཆབ་མདོའི་གློག་དྲ་དང་བོད་ཀྱི་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་ནས་དཔལ་འབར་དང་། སྟེང་ཆེན། ལྷོ་རོང་བཅས་རྫོང་གསུམ་གྱི་ཞིང་དྲའི་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་པ་དང་ས་མཐོའི་སྣོད་བཅུད་དྭངས་གཙང་ནུས་རྒྱུའི་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་འོད་ཤུགས་གློག་ཁང་བསྐྲུན་ཡོད། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཆུ་མཁོ་འདོན་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུམ་བུའི་འབྲུབ་འགོག་ལས་གྲྭ་དང་མཛོ་སྒང་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ འཇོ་མདའ་རྫོང་གྲོང་གི་ཆུ་འབུད་འབྲུབ་འགོག་ལས་གྲྭ མཛོ་སྒང་རྫོང་གྲོང་གི་འཐུང་ཆུའི་ཆུ་ཁུངས་ས་ཆའི་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱས་ཏེ་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྤུས་ཚད་ལེགས་སུ་གཏོང་བའི་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། དཔའ་ཤོད་རྫོང་གི་བཀྲ་ཤིས་རྩེ་གྲོང་ཚོ་དང་། བྲག་གཡབ་རྫོང་གི་ཝ་ཤང་དང་རང་གྲུབ་གྲོང་ཚོ། མཛོ་སྒང་རྫོང་གི་འབྲུམ་རོང་གྲོང་ཚོ་སོགས་ཀྱི་ཞིང་ཆུ་འདྲེན་ཁུལ་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱ་རྒྱུ། དཔའ་ཤོད་རྫོང་གི་གླིང་ཆུ་གཙང་པོ་དང་ཁ་རུབ་ཆུས་ཀྱི་རྫོང་ཐང་ཁ་ཕྱོགས་བསྡུས་ཆུ་བེད་ལྟེ་བ་དང་སྨར་ཁམས་རྫོང་གི་གྲྭ་ཚང་ཁའི་ཆུ་མཛོད་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ། ལོ་ཧྲིལ་པོར་ཞིང་ཆུ་འདྲེན་རྒྱ་མུའུ་ཁྲི་4མང་དུ་གཏོང་རྒྱུ་བཅས་རེད། དྲ་ཆེན་ཆབ་མདོ་དང་དྲ་གསུམ་མཉམ་འདྲེས་སོགས་ཀྱི་འདུ་འགོད་ལག་བསྟར་མགྱོགས་མྱུར་བྱས་ཏེ་རིགས་ཁག་གི་སྦྲེལ་ཚུགས་92གསར་དུ་འཛུགས་རྒྱུ་ཡིན་པ་དང་མྱུར་སྐྱེལ་ཞབས་ཞུའི་དྲ་ཚིགས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་ནས་རྫོང(ཆུས)གི་མྱུར་སྐྱེལ་ཞབས་ཞུའི་དྲ་ཚིགས་ཁྱབ་ཚད་65%ཟིན་པ་བྱ་རྒྱུ་རེད།fuVཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་ཞབས་ཞུ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་དང་རྣམ་གྲངས་ལ་རམ་འདེགས་འཛུགས་སྐྲུན་བྱེད་རིང་། དངུལ་རྩའི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུར་སྣང་ཆེན་གྱིས་དངུལ་རྩའི་སྲིད་ཇུས་ལ་གོ་བ་ལེན་པ་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། རང་འགུལ་ངང་དངུལ་རྩའི་སྒྲིག་གཞི་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་པ། མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་མ་དངུལ་དགོས་མཁོ་སྐོང་ཐུབ་ཡོད། ཆེད་སྤྱོད་མ་དངུལ་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་ཇུས་དམིགས་ཚད་ཉེ་བ་དང་། རྒྱབ་སྐྱོར་ཁ་ཕྱོགས་གཅིག་མཚུངས། རོགས་སྐྱོར་ས་ཁོངས་དང་འབྲེལ་བ་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་པ་དང་། མ་དངུལ་འཁོར་རྒྱུག་མྱུར་ཚད་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་འཆར་འགོད་བྱེད་པ། མ་དངུལ་ཡུན་རིང་བེད་མེད་སོར་འཇོག་གི་སྣང་ཚུལ་མི་ལྷག་པ་བཅས་ཀྱི་ཐོག་ནས་ཚད་ཡོད་ཀྱི་མ་དངུལ་ཡག་པོ་སྤྱོད་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་འགན་ལེན་བྱས་ཏེ་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་པ་རེད།།fuVཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།