འབྲོག་པ་དབང་རྒྱལ་གྱི་དབུལ་ཐར་ལམ་བུ།

ཟླ4པའི་ཚེས25ཉིན་གྱི་ཞོགས་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གཙང་གསུམ་འབྱུང་ཡུལ་དྲིན་གཟོ་ནགས་ཚལ་ནང་དུ། ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་དོན་སྒྲུབ་ཁང་སྐར་མདའ་སྡེ་བའི་དབང་རྒྱལ་ཉིན་རྒྱུན་དུ་སྡོང་པོ་འཛུགས་དུ་ཡོང་ཡོད། དེ་རིང་། དབང་རྒྱལ་གྱིས་རང་གི་ཆུང་དང་མཉམ་དུ་ཡོང་འདུགJ1Jཀྲུང་གོ་བོད་ཀྱི་དྲ་བ།

ཟླ4པ་ནི་ཡུས་ཧྲུའུ་ཡི་སྡོང་འཛུགས་ཀྱི“རྫོགས་ལྡན་དུས་སྐབས”ཡིན། དབང་རྒྱལ་གྱིས་ན་ནིང་ནས་བཟུང་། ནམ་ཡང་ཁོམ་པ་ཡོད་ཚེ་སྡོང་པོ་འཛུགས་སུ་སོང་བ་དང་། ཉིན་རེར་སྡོང་པོ་བཙུགས་པའི་ཡོང་སྒོ་ལའང་ཡིད་ཚིམས་ཡོད།J1Jཀྲུང་གོ་བོད་ཀྱི་དྲ་བ།

“ང་ཚོ་འདིར་གླས་ནས་སྡོང་པོ་འཛུགས་པར་ཡོང་བས། སྡོང་པོ་རྐང་གཅིག་བཙུགས་ན་གླ་ཡོན་སྒོར4.5རེ་ཡོད། ཉིན་འདི་གར་རྒྱུན་དུ་འདིར་ཡོང་ནས། སྡོང་འཛུགས་ནགས་སྐྲུན་བྱེད་པ་ལས་གཞན་ད་རུང་ན་ནིང་བཙུགས་ནས་མ་སྐྱེས་པའི་ཤུལ་དུ་སྡོང་པོ་བསྐྱར་དུ་འཛུགས་དགོས”དབང་རྒྱལ་གྱིས་ལག་ཏུ་ལྕགས་ཁེམ་བཟུང་ནས་དེ་ལྟར་བཤད།J1Jཀྲུང་གོ་བོད་ཀྱི་དྲ་བ།

“བཙུགས་ནས་མ་སྐྱེས་པའི་ཤུལ་དུ་བསྐྱར་དུ་སྡོང་པོ་འཛུགས་དགོས་ཚེ། ས་སྙི་མོ་ཡིན་པས། ཉིན་གཅིག་ལ་སྡོང་པོ་རྐང100ཡན་འཛུགས་ཐུབ། ས་དོང་གསར་དུ་བརྐོས་ནས་འཛུགས་དགོས་ཚེ། ཉིན་གཅིག་ལ་རྐང30ལྷག་འཛུགས་ཐུབ། ཉིན་རྒྱུན་དུ་སྡོང་པོ་འཛུགས་སུ་ཡོང་ན་ཡོང་སྒོ་ཧ་ཅང་བཟང”ཞེས་དབང་རྒྱལ་གྱིས་བཤད།J1Jཀྲུང་གོ་བོད་ཀྱི་དྲ་བ།

དབང་རྒྱལ་ཚང་ལ་བཟའ་མི5ཡོད་ལ་བྱིས་པ་གསུམ་ཡོད། དེའི་ནང་གི་བྱིས་པ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད། སྔོན་ཆད་དབང་རྒྱལ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རེད། དབུལ་ཕོངས་ཀྱི་རྒྱུ་རྐྱེན་ནི་ལག་རྩལ་མེད་པའི་ཁར་མིག་ཡ་གཅིག་ལོང་བར་གྱུར་ཡོད་པས་རང་ཉིད་གོང་དུ་སྤེལ་བའི་ནུས་པ་མེད་པས་སོ། །J1Jཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་། ཡུས་ཧྲུའུ་ཁུལ་གྱིས་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པའི་ཁྲོད་དུ། སྐར་མདའ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གིས་དབུལ་ཕོངས་ཁྱིམ་ཚང་རེའི་སྒོར6400ཡི་དབུལ་སྐྱོར་མ་དངུལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་རྒྱུ་ཐག་བཅད།J1Jཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ལ་ས་འགུལ་བྱུང་རྗེས། སྐར་མདའ་སྡེ་བས་ཀུན་ཕན་སྣ་འཛོམས་རང་འདེམ་ཚོང་ཁང་ཞིག་ཕྱེ་མོད། འོན་ཀྱང་། སྐབས་དེའི་རང་འདེམ་ཚོང་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ107མ་གཏོགས་མེད། ན་ནིང་། སྡེ་བ་གང་པོའི་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་མ་དངུལ་སྒོར་ཁྲི83མཉམ་སྡེབ་བྱས་ཏེ། ཀུན་ཕན་སྣ་འཛོམས་རང་འདེམ་ཚོང་ཁང་གི་རྒྱ་བསྐྱེད་ནས་སྨི་གྲུ་བཞི་མ600ཡོད་པས། ན་ནིང་ཡོང་སྒོ་སྒོར་ཁྲི53ཡོད།J1Jཀྲུང་གོ་བོད་ཀྱི་དྲ་བ།

ཁེ་སྤོགས་བགོས་རྗེས། སྐར་མདའ་སྡེ་བར་ལག་དངུལ་བགོ་རྒྱུ་མེད་རུང་། “གཅིག་ཅན་ལྔ”བགོས་པ་སྟེ། སྡེ་བ་གང་པོའི་མི་རེར་འབྲས་ཁུག་མ་གང་དང་། ཕྱེ་ཁུག་མ་གང་། གཡུས་ཟོ་བ་གང་། ནས་ཁུག་མ་གང་།བོད་ཇ་ཐུམ་གཅིག་བཅས་བགོས་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཡང་བསྐྱར“གཅིག་ཅན་ལྔ”ཐེངས་ཤིག་ལ་བགོས། “གཅིག་ཅན་ལྔ”དེ་ནི་ཚོང་རའི་རིན་གོང་སྒོར1000ལས་བརྒལ། དབང་རྒྱལ་ལ་མཚོན་ནས་བཤད་ན། ན་ནིང་གི་ལོ་ཧྲིལ་པོར་བཟའ་མི་གང་པོར་བསྡོམས་པས་འབྲས་ཁུག་མ10། ཕྱེ་ཁུག་མ10།གཡིས་ཟོ་བ10། ནས་ཁུག་མ10། བོད་ཇ་ཐུམ10བཅས་བགོས།ལོ་གཅིག་ལ་ལྟོ་བར་འདང་རྒྱག་མེད་པ་དང་། ད་ལྟ་བསམ་དགོས་པ་ནི་སྒོར་མོ་ཇི་ལྟར་བཙལ་རྒྱུ་དེ་རེད།J1Jཀྲུང་གོ་བོད་ཀྱི་དྲ་བ།

དབང་རྒྱལ་གྱིས་རང་ཉིད་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་དུ་བཅུག དབང་རྒྱལ་ཚང་ལ་ནོར་གནག13ཡོད་པ་དང་། ལོ་རེའི་ཡོང་སྒོ་ནི་དབྱར་རྩྭ་དགུན་འབུ་བརྐོ་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་མ་གཏོགས་མེད། ཉེ་བའི་ལོ་འགའི་རིང་ལ། དབང་རྒྱལ་གྱིས་སྒུག་བརྟེན་སློང་གསུམ་གྱི་སྲོལ་རྒྱུན་བསམ་བློ་བསྒྱུར་ཏེ། གྲོང་ཁྱེར་དང་བར་ཐག་ཉེ་བའི་སྟབས་བདེ་བེད་སྤྱོད་བྱས་ནས། ཁོམ་པ་ཡོད་ཚེ་གྲོང་ཁྱེར་དུ་གླ་རྒྱག་ཏུ་སོང་བས། ཡོང་སྒོ་ཡིད་ཚིམས་པ་ཞིག་ལེན་ཐུབ་སོང་།J1Jཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་ལ་མཚོན་ན། དབང་རྒྱལ་དང་ཆུང་མས་ཞོར་ལས་ནས་ལོ་གཅིག་ལ་ཡོང་སྒོ་སྒོར7000ལོན་པ་དང་། དེའི་ཁར་དབྱར་རྩྭ་དགུན་འབུ་བརྐོས་པའི་ཡོང་སྒོ་དང་ཕྱུགས་ལས་ཀྱི་ཡོང་སྒོ། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་ལ་སོགས་པ་བསྣན་ན། ལོ་གཅིག་གི་བཟའ་མི་གང་པོའི་ཡོང་སྒོ་མི་རེར་ཆ་སྙོམས་ཀྱིས་སྒོར6800ལ་སླེབས།J1Jཀྲུང་གོ་བོད་ཀྱི་དྲ་བ།

དབང་རྒྱལ་ཚང་གི་སྡོད་ཁང་སྨི་གྲུ་བཞི་མ80པོ་ནི་གནོད་ཐེབས་བསྐྱར་སྐྲུན་ཁྲོད་དུ་གཅིག་གྱུར་འཆར་འགོད་བྱས་ནས་ཐོབ་པ་དང་། མཉམ་ལས་ཁང་གིས་བགོས་པའི་འབྲུ་རིགས་ཀྱིས་ལོ་གཅིག་ལ་འདང་བ། དབང་རྒྱལ་དང་ཆུང་མ་གཉིས་ལ་ད་རུང་ངལ་རྩོལ་ནུས་པ་ཡོད་པས། ཡུལ་ན་སློབ་མ་ཡོད་རུང་སློབ་ཡོན་སྤྲོད་མི་དགོས་པའི་ཁར། སྡེ་བའི་ནང་དུ་སློབ་ཆུང་དུ་འགྲིམ་པའི་བུ་ཆུང་འབྲིང་བར་ལོ་རེར་ད་རུང་སྒོར800རེའི་ཁ་གསབ་ཡོད་པས། ད་སྐབས་དབང་རྒྱལ་ཚང་གིས་དབུལ་ཕོངས་ཀྱི་ཞྭ་མོ་རྩ་བ་ནས་ཕུད་ཡོད།J1Jཀྲུང་གོ་བོད་ཀྱི་དྲ་བ།

དབང་རྒྱལ་སོགས་ཀྱི་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་རྗེས། ན་ནིང་། སྐར་མདའ་སྡེ་བས་སྡེ་བ་གང་པོས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ལས་འགན་གྲུབ་པ་དང་། རྗེས་ཕྱོགས་ཀྱི་ལས་འགན་ནི་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་། བསྐྱར་དུ་དབུལ་པོར་འགྱུར་དུ་མི་འཇུག་རྒྱུ་དེ་ཡིན། དེའི་རྐྱེན་གྱིས་དབང་རྒྱལ་ནི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།J1Jཀྲུང་གོ་བོད་ཀྱི་དྲ་བ།

“ཟླ་འདིར་སྡོང་པོ་བཙུགས་ཚར་རྗེས། དབྱར་རྩྭ་དགུན་འབུ་བརྐོ་དགོས། དབྱར་རྩྭ་དགུན་འབུ་བརྐོས་རྗེས་ཁུལ་ཐོག་ཏུ་གླ་རྒྱག་ཏུ་འགྲོ་དགོས། ཡུལ་སྐོར་དུས་གཞུང་དུ། སྡེ་བའི་ཞབས་བྲོ་རུ་ཁག་ཏུ་ཞུགས་ཏེ་འཁྲབ་སྟོན་བྱེད་དགོས། གང་ལྟར་ལས་ཀ་ལས་འདོད་ན་ལོ་ཧྲིལ་པོར་ལས་ནས་རྫོགས་རྒྱུ་མེད་པའི་ལས་ཀ་ཡོད། ”ཅེས་དབང་རྒྱལ་ནི་མ་འོངས་པའི་འཚོ་བར་རེ་བས་ཁེངས་ཡོད། །J1Jཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།