མཁར་སྒང་མཉམ་ལས་ཁང་གི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་མཆོག

ཉེ་སྔོན། རྫ་ཆུའི་འགྲམ་དུ་གནས་པའི་ནང་ཆེན་རྫོང་སྐྱོབ་བྲག་ཞང་ཁ་གཞུང་གཉིས་སྡེ་བར་སླེབས་པ་ན། མིག་ལམ་དུ་མངོན་པ་ནི་སྡོང་པོ་འཛུགས་བཞིན་པའི་མི་རྣམས་ཡིན། མཉམ་དུ་སྐྱོད་པའི་ནང་ཆེན་རྫོང་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཏའེ་ཅིས་མཚམས་སྦྱོར་བྱས་པ་ལྟར་ན། “སྡོང་པོ་འཛུགས་བཞིན་པའི་འབྲོག་པ་དེ་ཚོ་ནི་མཁར་སྒང་འདེབས་འཛུགས་གསོ་སྤེལ་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཡིན་པ་དང་། ཞྭ་མོ་ཁྲ་ཁྲ་གྱོན་ཡོད་པ་དེ་ནི་མཉམ་ལས་ཁང་གི་ལས་འཛིན་པ་དོན་གྲུབ་རེད། ཁོ་ཚོའི་མཉམ་ལས་ཁང་གིས་ལོ་རེ་རེར་སྡོང་པོ་འཛུགས་པ་དང་། ན་ནིང་ཁོ་ཚོས་སྡོང་པོ་ཁྲི་གཅིག་ལྷག་བཙུགས་པ་རེད།”hUEཀྲུང་གོ་བོད་ཀྱི་དྲ་བ།

མཁར་སྒང་འདེབས་འཛུགས་གསོ་སྤེལ་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགྲམ་དུ་དྲོད་ཁང་ཆེན་པོ་བཞི་ལས་ཡོད། མཉམ་ལས་ཁང་གི་ལས་སྣོན་འཁོར་ཁང་གི་ནང་དུ་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་རྫ་དམར་མང་པོ་བཞག་ཡོད་པ་དང་།མཉམ་ལས་ཁང་གི་ཁོངས་མི་ཚོས་རྫ་དམར་བཟོ་བཞིན་པའི་སྒང་རེད། དེའི་འགྲམ་གྱི་ཁང་པའི་ནང་དུ་ཆང་རྫ6བཞག་ཡོད་ལ། དེ་ནི་མཉམ་ལས་ཁང་གིས་ནས་ནག་གི་ཆང་སྙོལ་ས་རེད།hUEཀྲུང་གོ་བོད་ཀྱི་དྲ་བ།

“ང་ཚོའི་མཉམ་ལས་ཁང་ནི2012ལོར་བཙུགས་པ་དང་། ཁྱིམ་ཚང25དང་མི150མཉམ་ལས་ཁང་ནང་ཞུགས་ཡོད། མཉམ་ལས་ཁང་གིས་གཙོ་བོ་འདེབས་འཛུགས་དང་རྫ་དམར་བཟོ་བ། ཆང་སྙོལ་བ་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད”ཅེས་མཉམ་ལས་ཁང་གི་ལས་འཛིན་པ་དོན་གྲུབ་ཀྱིས་དེ་ལྟར་མཚམས་སྦྱོར་བྱས།hUEཀྲུང་གོ་བོད་ཀྱི་དྲ་བ།

མཉམ་ལས་ཁང་བཙུགས་རྗེས་རྨོ་ཞིང་སྤྱི་ཆིང20བུབ་སྒྲིལ་བྱས་པ་དང་། གཅིག་གྱུར་གྱིས་ནས་ནག་བཏབ་སྟེ་ཆང་བསྙལ་བ་ཡིན། བཀྲ་བཟང་ནི་མཉམ་ལས་ཁང་བཙུགས་མ་ཐག་ཏུ་དེའི་ནང་དུ་ཞུགས་པ་ཡིན་ལ། ཁྱིམ་ལ་དབང་བའི་རྨོ་ཞིང་སྤྱི་ཆིང1.2ཡོད་པ་མཉམ་ལས་ཁང་ནང་དུ་བུབ་སྒྲིལ་བྱས་རྗེས། མཉམ་ལས་ཁང་གིས་གཅིག་གྱུར་སྒོས་ནས་ནག་འདེབས་བཞིན་ཡོད། བུ་མོ་སྒྲོལ་གཡང་གིས་མཉམ་ལས་ཁང་གི་ནང་དུ་རྫ་དམར་ལས་བཞིན་ཡོད་པས། ཉིན་རེར་སྒོར200ལྷག་གི་ཡོང་སྒོ་ཡོད།hUEཀྲུང་གོ་བོད་ཀྱི་དྲ་བ།

མཉམ་ལས་ཁང་གི་དྲོད་སྤྱིལ་ཆེན་པོའི་ནང་བཏབ་ཡོད་པའི་ཧོང་ཀྭ་དང་ཚལ་ཀྭ། སེ་པན་སོགས་ཀྱི་སྔོ་ཚོད་ལ་མྱུ་གུ་འབུས་ཡོད་པ་དང་། དོན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། “དྲོད་སྤྱིལ་ཆེན་པོ་འདི་བཞི་པོ་ནི་ན་ནིང་ཁུལ་ཞིང་ཕྱུགས་ཅུའུ་ཡིས་མ་དངུལ་བཏང་ནས་བཟོ་སྐྲུན་བྱས་པ་ཡིན། དྲོད་སྤྱིལ་རེ་རེའི་སྐྲུན་ཡོན་སྒོར་ཁྲི25ལ་སླེབས་པ་དང་ས་ཞིང་སྨི་གྲུ་བཞི་མ60ཟིན་ཡོད། ང་ཚོས་བཏབ་པའི་སྔོ་ཚོད་ཀྱིས་རང་རེའི་དགོས་མཁོ་ཚིམ་པར་མ་ཟད། ལྷག་མ་རྣམས་དགོན་པ་དང་སློབ་གྲྭར་བཙོངས་ན། ལོ་གཅིག་ལ་དྲོད་སྤྱིལ་ཆེན་པོ་རེས་སྒོར་ཁྲི1གི་ཡོང་སྒོ་ལེན་ཐུབ”ཟེར།hUEཀྲུང་གོ་བོད་ཀྱི་དྲ་བ།

སྐྱོབ་བྲག་ཞང་ནི་ཡུས་ཧྲུའུ་ཁུལ་གྱི“རྫ་དམར་གྱི་ཕ་ས”ཡིན། སྔོན་ཆད་ཁྱིམ་ཚང་རེ་རེས་རྫ་དམར་ལས་བཞིན་ཡོད་པས། རྫ་དམར་ནི་རོང་འབྲོག་པ་མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་མཁོ་དངོས་སུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་དུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་དང་ཆབས་ཅིག་ཏུ། ཅ་ལག་གཞན་པ་སྣ་ཚོགས་བྱུང་བའི་དབང་གིས་རྫ་དམར་རིམ་བཞིན་མི་རྣམས་ཀྱི་འཚོ་བ་དང་ཐག་ཇེ་རིང་དུ་སོང་བ་རེད།hUEཀྲུང་གོ་བོད་ཀྱི་དྲ་བ།

2012ལོར་དོན་གྲུབ་ཀྱིས་སྡེ་དམངས་རྣམས་ཁྲིད་ནས་མཉམ་ལས་ཁང་བཙུགས་རྗེས། རྫ་དམར་ཡང་བསྐྱར་དེང་རབས་ཅན་གྱི་འཚོ་བའི་ནང་ཞུགས་ཏེ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི“ཐབས་མཆོག”ཏུ་གྱུར།hUEཀྲུང་གོ་བོད་ཀྱི་དྲ་བ།

རྫ་དམར་བཟོ་བའི་འཁོར་ཁང་ནང་དུ། ལོ་ན30ལ་སོན་པའི་བློ་དགེ་ཡིས་བློ་གཅིག་སེམས་གཅིག་གིས་རྫ་དམར་ལས་བཞིན་ཡོད་ལ། ཁོ་ལ་མཚོན་ན་རྫ་དམར་ལས་པ་ནི་རྩེད་འཇོར་རོལ་བ་བཞིན་བྱང་ཆ་ཆེན་པོ་ལྡན་འདུགhUEཀྲུང་གོ་བོད་ཀྱི་དྲ་བ།

“བློ་དགེ་ཡིས་ལས་བཞིན་པ་ནི་ཞོ་ཟོ་ཡིན་ཞིང་། ཁོའི་ལག་རྩལ་གྱིས་དུས་ཚོད་གཅིག་གི་ནང་དུ་ཞོ་ཟོ་གཅིག་རེ་ལས་ཚར་བ་དང་། རྫ་དམར་གྱི་ཞོ་ཟོ་གཅིག་གི་རིན་གོང་སྒོར300ལྷག་ཡིན། གལ་ཏེ་བཟོ་རྩལ་ཅན་ཞིག་ལས་ན་སྒོར600ལྟར་བཙོང་ཐུབ། ང་ཚོའི་འདི་རུ་བཟོས་པ་ཆེས་མང་བ་ནི་ཆུ་ཕོར་དང་དཀར་ཡོལ་ཡིན། དེ་དག་ནི་དུས་ཚོད་ཕྱེད་ཀའི་ནང་གཅིག་རེ་ལས་ཐུབ་པ་དང་། གཅིག་གི་རིན་གོང་སྒོར50ཡིན”ཟེར།hUEཀྲུང་གོ་བོད་ཀྱི་དྲ་བ།

དོན་གྲུབ་ཀྱིས་བཤད་རྒྱུར། ལོ་འདི་འགར་རྫ་དམར་གྱི་ཚོང་ཇེ་ཡག་ཏུ་འགྲོ་བཞིན་ཡོད། ལན་རེར་ཐོན་རྫས་དཀོན་པའི་གནས་ཚུལ་འབྱུང་བས། མི་རེའི་ཉིན་རེའི་ཆ་སྙོམས་ཡོང་སྒོ་སྒོར500ཡས་མས་སུ་སླེབས་པ་དང་། ཆེས་དམའ་མོ་ཡང་སྒོར100ལ་སླེབས་ཐུབ། ཉིན་འདི་འགར་ང་ཚོས་སྟོབས་ཤུགས་ཡོད་རྒུས་ཚོང་རར་དགོས་མཁོ་ཆེ་བའི་ཐོན་རྫས་ཀྱི་སྐོར་ལས་བཞིན་ཡོད།hUEཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་གི་སྣ་གཅིག་ཅན་གྱི་འདེབས་འཛུགས་དང་རྫ་དམར་ལས་ཁང་ནས་ད་ལྟ་ཆེད་ལས་མཉམ་ལས་ཁང་དུ་རྒྱ་བསྐྱེད་དེ། དོན་གྲུབ་ཀྱིས་སྡེ་དམངས་རྣམས་ལ་སྣེ་ཁྲིད་ནས་ཕྱུག་བསྒྱུར་དང་ཡོང་སྒོ་འཕར་བའི་ལམ་དུ་སྐྱོད་ཀྱིན་ཡོད། །hUEཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།