གཞིས་རྩེ་གྲོང་ཁྱེར་ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་ཀྱིས“བཞོན་མ་འཕྲལ་སྡོམ་ལྟེ་གནས”ཀྱི་མིང་ཤོག་བཏོད་པ།

གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་ཀྱིས“ལེགས་གསོ་ཞན་འབུད་དང་གཉིས་གསོ་དྲུག་བཙའི”གསོ་ཚགས་བྱེད་སྟངས་སྤྱད་དེ“བཞོན་མ་འཕྲལ་སྡོམ་ལྟེ་གནས”ཀྱི་མིང་ཤོག་ཧུར་ཐག་བཏོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱུགས་རིགས་རྒྱུད་སྤེལ་ས་ཚིགས་དེས་བཞོན་མ་ཐོན་ལས“གྲོང་ཚོ་ཧྲིལ་པོར་སྐུལ་གཏོང”གི་བྱ་སྤྱོད་འཆར་གཞི་ལག་ལེན་ཧུར་ཐག་བསྟར་ཏེ་རྒྱུད་སྤེལ་ལྟེ་གནས་དང་ཉེ་འགྲམ་གྱི་གསོ་ཚགས་དུད་ཚང་ཟུང་འབྲེལ་བྱས་ནས“བཞོན་མའི་ཆུ་ཚོད24རིང་གི་འཕྲལ་སྡོམ་ལྟེ་གནས”བཙུགས་ཡོད། བཞོན་མ་གསོ་སྤེལ་དང་རྒྱུད་སྤེལ་དོ་དམ་གསོ་སྦྱོང་སོགས་ཀྱི་གོ་སྐབས་སྤྱད་དེ་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་བྱ་རྒྱུར་དར་སྤེལ་ཤུགས་ཆེན་བཏང་ནས་གསོ་ཚགས་དཔེ་སྟོན་དུད་ཚང་གི་རྒྱུད་བཟང་བཞོན་མའི་རིམས་ནད་སྔོན་འགོག་དང་། སྨན་བཅོས། ཕ་སྦྱོར། དེ་བཞིན་གསོ་ཚགས་དོ་དམ་སོགས་ལ་རྗེས་འདེད་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་པས། རྒྱ་ཆེའི་ཞིང་འབྲོག་པའི་རྒྱུད་བཟང་བཞོན་མ་གསོ་སྤེལ་གྱི་ཧུར་བརྩོན་རང་བཞིན་འཕེལ་བ་མ་ཟད། ཡུལ་དེའི་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སྒྲིག་དང་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།