ལྷ་སར་གཅིག་བསྡུས་ཡུག་སྦྲེལ་གྱི་སྒྲིག་བཀོད་ཞིང་ལས་རྟེན་གཞི་16ཆགས་པ།


25iཀྲུང་གོ་བོད་ཀྱི་དྲ་བ།

 25iཀྲུང་གོ་བོད་ཀྱི་དྲ་བ།

ཉེ་དུས།  གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོའི་སྔོ་ཚལ་རྟེན་གཞིར་བསྐྱོད་སྐབས།  འདེབས་འཛུགས་མཁན་སྒྲོལ་དཀར་དྲོད་ཁང་ནང་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད།  སྒྲོལ་དཀར་གྱིས་བཟའ་ཟླ་དང་མཉམ་དུ་སྤྱི་ལོ་2006ལོར་དྲོད་ཁང་གི་སྔོ་ཚལ་འདེབས་འཛུགས་བྱེད་འགོ་བཙུགས་པ་དང་།  ད་ལྟ་དྲོད་ཁང་མང་པོ་ཞིག་ནང་སེ་ཕན་ཕུད་ད་དུང་ཀྲུ་མ་ཀྲུ་དང་ཧོང་ཀྭ།  པད་ཚལ་སོགས་འདེབས་ཀྱི་ཡོད།25iཀྲུང་གོ་བོད་ཀྱི་དྲ་བ།

སྟོད་ལུང་བདེ་ཆེན་ཆུས་སུ་སྒང་བདེ་གླིང་གྲོང་ཚོའི་སྔོ་ཚལ་རྟེན་གཞི་ཕུད་ད་དུང་ཡབ་མདའ་ཤང་དེང་རབས་ཞིང་ལས་སྒྲིག་བཀོད་གླིང་དང་།  འབྲོག་མ་འབྱུང་འཕྲོད་ཐོན་ལས་རྟེན་གཞི་སོགས་ཡོད།  རྟེན་གཞི་ཁག་ཅིག་ནང་སྔོ་ཚལ་འདེབས་འཛུགས་བྱེད་པ་ཕུད་ད་དུང་མེ་ཏོག་དང་སྨན་རྩྭ་སོགས་ཀྱང་འདེབས་ཀྱི་ཡོད།25iཀྲུང་གོ་བོད་ཀྱི་དྲ་བ།

ཁྲེང་ཀོན་ཆུས་ས་གཙང་ཀུང་སིའི་ལས་དོན་པས།  དྲོད་ཁང་གིས་ས་ཆ་དེ་གའི་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་གྲོང་མི་ཚོས་གོང་ཁེ་བའི་རང་ཡུལ་གྱི་སྔོ་ཚལ་བཟའ་རྒྱུ་བྱུང་བ་མ་ཟད་འདེབས་འཛུགས་དུད་ཚང་ལ་ཡོང་འབབ་འཕར་སྣོན་ཡང་བྱུང་ཡོད་པ་དང་ཆབས་ཅིག  འདེབས་འཛུགས་སྣེ་ཁ་མང་དུ་ཕྱིན་པ་དེས་གྲོང་མིའི་སྔོ་ཚལ་གྱི་གདམ་ག་ཕུན་སུམ་ཚོགས་སུ་ཕྱིན་ཡོད།25iཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་།  ལྷ་སའི་སྒྲིག་བཀོད་གླིང་གི་ཐོན་ལས་གོང་འཕེལ་མགྱོགས་པོ་བྱུང་བ་དང་།  ད་བར།  སྒྲིག་བཀོད་གླིང་གི་རྒྱ་ཁྱོན་མུའུ་ཁྲི་ཚོ་1.77ཟིན་ཏེ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དང་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ།  སྟག་རྩེ་རྫོང་འབྲོམ་ཐོད་ཤང་།  ཆུ་ཤུར་རྫོང་གནམ་ཤང་སོགས་གཅིག་བསྡུས་ཡུག་སྦྲེལ་གྱི་སྒྲིག་བཀོད་ཞིང་ལས་རྟེན་གཞི་16ཆགས་ཡོད་པ་རེད།།25iཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།