བདེ་ཆེན་ཁུལ་འབའ་ལུང་རྫོང་གི་རྒུན་འབྲུམ་ལོ་ལེགས་བྱུང་བ།

16.jpg

ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་ཡུས་ཀྲི་གྲོང་རྡལ་ཞིན་ལོས་སྡེ་བས་རྒུན་འབྲུམ་ས་མུའུ༣༠༠ལྷག་འདེབས་འཛུགས་བྱས་ཡོད།   སྔར་ལས་ལྷག་པར་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད།   སྡེ་བའི་རྒུན་འབྲུམ་འདེབས་འཛུགས་བྱེད་མཁན༡༣གྱིས་འབའ་ལུང་རྫོང་ཞི་ཧྥུན་ཞིན་རྒུན་འབྲུམ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས།   མཉམ་ལས་ཁང་འདིའི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།  ཉེ་ལམ་ས་གནས་གཞན་པའི་ཚོང་བ་མང་པོས་རྒུན་འབྲུམ་ཉོ་སྒྲུབ་བྱེད་ཀྱིན་ཡོད་ལ།  རྒུན་འབྲུམ་སྤྱི་རྒྱ་རེར་སྒོར༧ལྟར་རྩིས་བརྒྱབ་ན། སྡེ་བ་འདིའི་རྒུན་འབྲུམ་ཐོན་ཚད་ཏུན༤ནས་ཏུན༥བར་ཡིན་པས།   མུའུ་རེར་ཐོན་ཚད་ཆ་སྙོམས་སུ་སྒོར་ཁྲི༣ལྷག་ལ་བསླེབ་ངེས་པ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།