ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སྤྱི་ལོ་2016ལོའི་དྲ་ཆེན་ཁྱབ་པའི་ཀྲུང་གོའི་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་པ།


 

སྤྱི་ལོ་2016ལོའི་དྲ་ཆེན་ཁྱབ་པའི་ཀྲུང་གོའི་དཔེ་སྟོན་གྲོང་ཁྱེར་39ཡི་མིང་ཐོ་ཉེ་དུས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པའི་ནང་།  རང་ལྗོངས་ཀྱི་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཚུད་ཡོད།

རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སྤྱི་ལོ་2016ལོའི་དྲ་ཆེན་ཁྱབ་པའི་ཀྲུང་གོའི་དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་པ་དེའི་ཐོག་ནས་གྲོང་ཁྱེར་དེ་གཉིས་ཀྱི་དྲ་ཆེན་ཁྲིད་པའི་ནུས་པ་དང་ཁྱིམ་ཚང་ལ་ཁྱབ་ཚད་གཉིས་ཀའི་ཆ་སྙོམས་ཆུ་ཚད་དེ་རྒྱལ་ནང་གི་ས་ཁུལ་གཞན་ལས་མཐོ་བ་ཡོད་པ་མཚོན་གྱི་ཡོད་པ་དང་།  དེས་ཆ་འཕྲིན་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་མཉམ་འབྲེལ་དྲ་རྒྱ་དང་འབྲེལ་བའི་འཐབ་ཇུས་ལ་སྐུལ་སྤེལ་གཏོང་བའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན་པ་དང་།  སླད་ཕྱིན།  གྲོང་ཁྱེར་གྱི་དྲ་ཆེན་གྱི་སྤྱིའི་མ་ལག་སྒྲོམ་གཞི་སྐྲུན་རྒྱུ་ཡིན་པ་དེས་གྲོང་ཁྱེར་གྱི་སྤྱི་པའི་དོ་དམ་དང་སྤྱི་ཚོགས་དམངས་གཙོ།  དཔལ་འབྱོར།  སྲིད་དོན་སོགས་ཀྱི་ཁྱབ་ཁོངས་ནང་དྲ་ཆེན་སྤྱད་དེ་རིག་ནུས་མཐུད་སྣེ་དང་ཟོག་སྦྲེལ་དྲ་རྒྱ་སོགས་ཐོན་ལས་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་རྒྱབ་སྐྱོར་ཐུབ་ནས་ལྷ་ས་དང་ཉིང་ཁྲིའི་དཔལ་འབྱོར་སྤྱི་ཚོགས་གང་མགྱོགས་ཕྱོགས་འགྱུར་རིམ་སྤོར་ཡོང་རྒྱུ་རེད་ཅེས་གསུངས།

ཤེས་རྟོགས་བྱས་པར་གཞིགས་ན།  དྲ་ཆེན་ཁྱབ་པའི་ཀྲུང་གོ་ཞེས་པ་དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤྱི་ལོ་2013ལོར་ཁྱབ་བསྒྲགས་བྱས་པའི་འཐབ་ཇུས་ལག་བསྟར་ཇུས་གཞི་ཞིག་ཡིན་པ་དང་།  དཔེ་སྟོན་གྲོང་ཁྱེར་གཏོད་ཡུན་གྱི་ལོ་གསུམ་ནང་།  ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་དྲ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ་དང་གོང་འཕེལ་མགྱོགས་པོ་ཡོང་བ་བྱེད་རྒྱུ་ཡིན་པས་སྐབས་དེ་དུས་དྲ་ཆེན་གྱི་དྲ་ཞུགས་མྱུར་ཚད་དེ་བས་མགྱོགས་པ་དང་ཁྱབ་རྒྱ་དེ་བས་ཆེ་བ།  བེད་སྤྱོད་དེ་བས་མང་བ་བཅས་ཡོང་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།