གྲོ་མོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་བཏང་བ།

 ལོ་འདི་ཤར་བའི་ཚུན་དུ་གྲོ་མོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དབུལ་སྐྱོར་གསར་སྤེལ་དང་དཔལ་འབྱོར་གོང་འཕེལ་དབར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མ་རྩའི་སྟོབས་ཤུགས་གཅིག་སྡུད་དང་བྱ་ཐབས་མང་པོ་བཟུང་སྟེ་དབུལ་གྲོལ་འགག་སྒྲོལ་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བ་རེད།ptRཀྲུང་གོ་བོད་ཀྱི་དྲ་བ།

ཤེས་རྟོགས་བྱུང་བར་གཞིགས་ན།  རྫོང་དེས་ཁྱད་ལྡན་ཞིང་འབྲོག་ལས་དང་ཁྱད་ལྡན་ཡུལ་སྐོར་ལས་རིགས།  ཁྱད་ལྡན་མཐའ་མཚམས་ཉོ་ཚོང་ལས་རིགས་སོགས་རྫོང་རིམ་པའི་ཐོན་ལས་རྟེན་གཞི་10དང་བསྟུན་ནས་རྟེན་གཞི་དང་ཁེ་ལས།  མཉམ་ལས་ཁང་།  ཞིང་དུད་བཅས་གཞི་གཅིག་ཏུ་སྒྲིལ་བའི་གཉེར་སྐྱོང་བྱེད་སྟངས་ལག་ལེན་བསྟར་ནས་ཁྱད་ཆོས་གཅིག་མངོན་ཆེར་འཛིན་པ་དང་།  རྟེན་གཞི་གཅིག་གཏོད་པ།  ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་པ་བཅས་ཀྱི་ཐོན་ལས་གོང་འཕེལ་གྱི་རྣམ་པ་ཞིག་ཆགས་ཟིན་པ་རེད།  ད་ལོ་རྫོང་དེས་ཐོན་ལས་རྣམ་གྲངས་23རེ་ཞུ་བྱས་པའི་ནང་ནས་17ལ་དཔྱད་ཞིབ་བྱས་ཟིན་ཞིང་མ་དངུལ་སྒོར་དུང་ཕྱུར་1.4གཏོང་རྩིས་ཡོད་པ་དང་།  མ་དངུལ་དོན་འཁྱོལ་ཐུབ་རྗེས་ཐོན་ལས་རྣམ་གྲངས་ཁག་ལ་དམིགས་ཏེ་རྫོང་དེས་རྫོང་རིམ་པའི་ལས་བྱེད་པའི་ལས་བགོས་འགན་འཁུར་ལམ་ལུགས་ལག་ལེན་བསྟར་ནས།  རྫོང་དེ་ཡོངས་ཀྱི་དབུལ་ཕོངས་དུད་ཚང་642དང་མི་གྲངས་2232ལ་ཕན་པ་ཐོབ་རྒྱུ་རེད།  རྣམ་གྲངས་དོན་འཁྱོལ་གང་མགྱོགས་ཡོང་བ་བྱེད་ཆེད།  ཐོན་ལས་རོགས་སྐྱོར་གྱི་དངུལ་བུན་ལ་ཆོག་མཆན་མ་སྤྲད་གོང་རྫོང་དེས་རྫོང་ནོར་སྲིད་ཀྱི་མ་དངུལ་སྒོར་4851སྔོན་དུ་བཏང་སྟེ་གྲོ་མོའི་ཉ་གསོའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་རྩིས་ཡོད་པ་རེད།།ptRཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།