བཞད་མཐོང་སྨོན་རྫོང་གིས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཅོས་སྒྲིག་ལས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ།


Ejdཀྲུང་གོ་བོད་ཀྱི་དྲ་བ།

  འདི་ལོ་ནས་བཟུང་། བཞད་མཐོང་སྨོན་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་ལས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དེའི་དམིགས་ཡུལ་ནི་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གཉེར་སྐྱོང་དོ་དམ་བྱ་སྤྱོད་དང་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
Ejdཀྲུང་གོ་བོད་ཀྱི་དྲ་བ།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་སྒྲོམ་སྟེགས་དང་། གློག་རྡུལ་བརྙན་ཤེལ། སྲིད་གཞུང་གི་དྲ་ཚུགས་སོགས་ཀྱི་གཞི་བརྟེན་གང་ལེགས་སྤྱད་དེ་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་ཀའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུལ་དང་དེ་བཞིན་ཆེད་དོན་བཅོས་སྒྲིག་ལས་དོན་སྐོར་གྱི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། བྱེད་སྒོ་སྤེལ་རིང་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་ཀའི་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་པ་དང་སྦྲགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དམར་རྗེན་དུ་བཏོན་ནས་སྤྱི་ཚོགས་ཐོག་མངོན་གསལ་དོད་པའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པ་རེད།།Ejdཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།