ལོ་ལྔ་ཚན་བཅུ་གཉིས་པར་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུཌ་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ།

རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཏན་ཏིག་གཏོང་ཆེད།  སྤྱི་ལོ་2010ལོ་ནས་2015ལོའི་བར།  རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་56བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་སྔ་རྗེས་སུ་སྲིད་འཛིན་གྲོང་ཚོ་5398ལས་གཞི་དེའི་ལག་བསྟར་ཁྱབ་ཁོངས་ནང་བཅུག་པ་རེད།  ལོ་ལྔ་ཚན་བཅུ་གཉིས་པའི་དུས་མཇུག་ཏུ།  རང་ལྗོངས་ཀྱིས་གཞི་རྩའི་ཆ་ནས་སྲིད་འཛིན་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ལ་ཁྱབ་རྒྱུ་སྤྱིར་ན་མངོན་འགྱུར་བྱུང་བ་རེད།
3kCཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རགས་སྟོད་གྲོང་ཚོའི་ཙུའུ་ལྔ་པའི་གྲོང་མི་མིག་དམར་ནས།  ལས་མི་གླ་པ་བྱས་ཏེ་བསགས་པའི་དངུལ་དང་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞིའི་ཁ་གསབ་ལ་བརྟེན་ནས་ད་ཆ་ཁྱིམ་ཚང་ལ་འགྱུར་ལྡོག་ཆེན་པོ་བྱུང་།  དེ་སྔོན་ང་ཚོའི་སྡོད་ཁང་ཐོག་པང་དམའ་ལ་གུ་དོག་པོ་ཡོད་པའི་ཁར་དགོང་མོ་གློག་ཡང་ཡང་ཤི་འགྲོ་གི་ཡོད།  ད་ལྟ་ཁང་པ་ཚང་མ་སོ་ཕག་ལས་གྲུབ་པ་མ་ཟད་ཁྱིམ་སྤྱོད་གློག་ཆས་སོགས་གང་དགོས་ཅི་འདོད་ཀྱང་ཡོད་ཅེས་བཤད།  མིག་དམར་ནས།  ཉེ་བའི་ལོའི་རིང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་སྤེལ་ཚུན།  གྲོང་ཚོའི་གཞུང་ལམ་ཨ་མར་ཨར་འདམ་བཏིངས་བ་དང་གློག་སྒྲོན་བསྒར་བ།  བཙོག་ཆུ་ཕྱིར་བཤངས་མ་ལག་བཙུགས་པ་བཅས་བྱས་པ་དང་།  འདྲུད་འཐེན་འཁོར་ལོ་དང་འཇིབ་ཆུང་རླངས་འཁོར་ཐད་ཀར་སྒོ་འགྲམ་ཏུ་གཏོང་ཆོག་གི་ཡོད་ཅེས་བཤད།3kCཀྲུང་གོ་བོད་ཀྱི་དྲ་བ།

རང་བྱུང་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཐེབས་པར་བརྟེན།  སྔ་ནས་ད་བར་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དོ་སྙོམས་མེད་པ་དང་འཚོ་བའི་ཆ་རྐྱེན་ལ་ཧེ་བག་ཆེན་པོ་ཡོད།  གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་རང་ལྗོངས་ཀྱིས་ཞིང་ཁུལ་དང་འབྲོག་ཁུལ།  ནགས་ཁུལ་བཅས་ཀྱི་ཁྱད་ཆོས་དང་ལྟེ་བའི་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ་ཁག་སོ་སོར་ཇུས་འགོད་ཇུས་གཞི་དང་ལས་ཀའི་ཚད་གཞི་མི་འདྲ་བ་བཟོས་ཡོད།3kCཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གླང་ཐང་གྲོང་ཚོ་དེ་ཡར་ཀླུང་གཙང་པོའི་ཆུ་ལག་སྟེ་ཆུ་རྒྱང་གི་འགྲམ་དུ་གནས་ཡོད་པ་དང་།  དེ་སྔ་གྲོང་ཚོའི་གད་སྙིགས་ཚང་མ་ཐད་ཀར་གཙང་པོའི་ནང་གཡུགས་ཀྱི་ཡོད།  གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཚུན།  རིམ་ཁག་ཚན་པས་འབད་བརྩོན་བྱས་པ་བརྒྱུད་ད་ཆ་གྲོང་ཚོའི་གད་སྙིགས་བླུགས་སྒམ་དང་གད་སྙིགས་དབོར་འདྲེན་རླངས་འཁོར།  གད་སྙིགས་སྦས་ས་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བྱུང་ཡོད།  གླང་ཐང་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ནས།  ང་ཚོའི་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་རྣམ་གྲངས་དེ་སྤྱི་ལོ་2012ལོར་ལག་བསྟར་བྱས་པ་དང་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་ཚོ་100བཏང་ཡོད།  གྲོང་ཚོའི་ནང་ད་དུང་སྔོ་ལྗང་དང་མཛེས་བཟོ།  འཕྲོད་བསྟེན་བཅས་དུད་ཚང་སྒོ་འགྲམ་གྱི་འགན་ལེན་གསུམ་ལག་བསྟར་བྱས་ནས་མང་ཚོགས་ཚོས་རང་རྟོགས་ངང་གྲོང་ཚོའི་ཁོར་ཡུག་ལ་གཅེས་སྐྱོང་བྱེད་དུ་བཅུག་གི་ཡོད་ཅེས་བཤད།3kCཀྲུང་གོ་བོད་ཀྱི་དྲ་བ།

རང་སྐྱོང་ལྗོངས་བདེ་སྡོད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྣམ་རྒྱལ་གྱིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་བརྒྱུད།  སྐྱེ་ཁམས་ལེགས་པ་དང་ཁོར་ཡུག་མཛེས་པ།  གཙང་སྦྲ་དོད་པ།  མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་འབོར་ཆེན་ལྗོངས་ཡོངས་ཀྱི་ས་ཆ་མང་པོར་ཁྱབ་ཡོད།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ད་དུང་སྲིད་གཞུང་གི་རྒྱབ་སྐྱོར་དང་གྲོང་མིའི་རང་སྐྱོང་།  ཁྲོམ་ར་ཅན་གྱི་འཁོར་རྒྱུགས་བཅས་ཟུང་འབྲེལ་བྱེད་པའི་དུས་མཇུག་གི་འཁོར་རྒྱུགས་དང་དོ་དམ།  སྲུང་སྐྱོང་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་གྲོང་གསེབ་གསར་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་མངོན་པར་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་གསུངས།།3kCཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།