ཀྲུང་གོ་བོད་ཀྱི་དྲ་བ།

2016ལོར་མཚོ་བྱང་ཁུལ་གྱི་དོན་ལས་སྡེ་ཁག་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཞིབ་བཤེར་ཆོག་མཆན་བརྒྱུད།མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་ཀྱི་གཏན་འབེབས་ལྟར།2016ལོར་མཚོ་བྱང་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དོན་ལས་སྡེ་ཁག་ལ་ལས་མི་286 བསྡུ་རྒྱུ་ཡིན་པ་སྟེ།དོན་ཚན་དང་འབྲེལ་བའི་བརྡ་སྦྱོར་ནི་གཤམ་གསལ་ལྟར།

གཅིག རྒྱལ་ཡོངས་ལ་ཁ་ཕྱོགས་ནས་མི་གྲངས5དང་།ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་མི་གྲངས48།ཁུལ་ཡོངས་སུ་ཁ་ཕྱོགས་ནས་མི་གྲངས་233བསྡུ་རྒྱུ་ཡིན་པ།

ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་ཁྱབ་ཁོངས་ནི།རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁོངས་ཡིན་པ།རང་ཞིང་གི་སློབ་ཆེན་ནས་མཐར་ཕྱིན་པ།རང་ཞིང་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་ལ།ཁུལ་ཡོངས་སུ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།མཚོ་བྱང་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དང་།མཚོ་བྱང་ཁུལ་གྱི་སྐྱེས་ཁོངས་ཡིན་པ།མཚོ་བྱང་ཁུལ་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་མཚོ་བྱང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་པ་དང་།རྒྱུུྱགས་སྤྲོད་མཁན་ཚོས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་འགོད་མི་མི་ཆོག་པ་རེད།

བྱེ་བྲག་གི་ལས་གནས་ནི་2016ལོའི་མཚོ་བྱང་ཁུལ་གྱི་དོན་ལས་སྡེ་ཁག་ལ་ལས་མི་བསྡུ་བའི་འཆར་འགོད་རེའུ་མིག་2016年度海北州事业单位公开招聘工作人员计划表》ལས་གསལ།

གཉིས། ལས་མི་བསྡུ་བའི་ཆ་རྐྱེན།

མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གི་ལས་མི་བསྡུ་བའི་བྱེད་ཐབས་ལྟར་གཏན་འབེབས་བྱས་པའི་གཞི་རྩའི་ཆ་རྐྱེན་གྲ་སྒྲིག་བྱེད་དགོས་པ་ལས་གཞན་ད་དུང་2016ལོའི་མཚོ་བྱང་ཁུལ་གྱི་དོན་ལས་སྡེ་ཁག་གི་ལས་མི་བསྡུ་བའི་འཆར་འགོད་རེའུ་མིག་གི་གཏན་འབེབས་བྱས་པའི་ལས་གནས་རེ་འདུན་དང་འཚམ་དགོས་པ་རེད།

ལོ་ན་45མན་དང་།དགེ་རྒན་གྱི་དཔང་ཡིག་མེད་པ་དག་རྒྱུགས་ལ་ཞུགས་མི་ཆོག་པ།ཉེས་དོན་གྱི་ཆད་པ་འཁུར་མྱོང་བ།ལས་ཁུངས་ནས་ཕྱིར་ཕུད་པ།བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་རྒྱུགས་སྤྲོད་མི་ཆོག་པ་དག་རྒྱུགས་ལ་ཞུགས་མི་ཆོག་པ་རེད།

གསུམ། ལས་མི་བསྡུ་བའི་གོ་རིམ།

ལས་མི་བསྡུ་བའི་བྱ་བའི་གོ་རིམ་ནི་ཐོག་མར་དྲ་ཐོག་ནས་ལས་མི་བསྡུ་བའི་བརྡ་སྤྱོར་ཁྱབ་བསྒྲགས་བྱེད་པ།དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་ཕུང་བརྟག་དཔྱད་བྱེད་པ།དཔྱད་ཞིབ།སྤྱི་བསྒྲགས།གདན་ཞུའི་འགྲོ་ལུགས་བསྒྲུབ་པ་སོགས་གོ་རིམ་ལྟར་བསྒྲུབ་དགོས་པ་རེད།

བཞི། མིང་ཐོ་འགོད་སྟངས་དང་།དུས་ཚོད།ཐོབ་ཐང་འཛིན་ཡིག་ཞིབ་དཔྱད་བྱེད་པ།

ཐེངས་འདིའི་མིང་ཐོ་འགོད་པའི་བྱ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་(www.qhpta.com)བརྒྱུད་ཞིབ་ཏུ་རྒྱུས་ལོན་བྱེད་རོགས། དྲ་ཐོག་ནས་མིང་ཐོ་འགོད་་པའི་དུས་ཚོད་ནི།2016ལོའི་ཟླ9བའི་ཚེས22ཉིན་གྱི་ཆུ་ཚོད་9སྟེང་ནས་ཟླ9བའི་ཚེས28ཉིན་གྱི་ཆུ་ཚོད་24བར་ཡིན་པ་རེད།

སྐར་མ་སྣོན་པའི་སྲིད་ཇུས་དང་མཐུན་ན།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱས་པའི་རྗེས་སུ་རང་གི་ཐོབ་ཐང་ལག་ཁྱེར་དང་སྐར་མ་སྣོན་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེའི་མ་ཡིག་དང་དཔར་ཡིག་ཁྱེར་ནས་2016ལོའི་ཟླ10བའི་ཚེས10ཉིན་ནས་ཟླ10བའི་ཚེས13ཉིན་བར་མཚོ་བྱང་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་ནས་སྐར་མ་སྣོན་པའི་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱེད་དགོས།

ལྔ། ཡིག་རྒྱུགས་ལེན་པའི་དུས་ཚོད།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་2016ལོའི་ཟླ10བའི་ཚེས29ཡིན་པ།

དྲུག ལུས་ཕུང་བརྟག་དཔྱད་བྱེད་པ།

བདུན། སྤྱི་བསྒྲགས་བྱེད་པ།

འབྲེལ་གཏུག་ཁ་པར་ཨང་གྲངས།

  མཚོ་བྱང་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས། 0970--8645669

  རྒྱ་མདོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། 0970--8612066

  མདོ་ལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།0970--8672178

  རྐང་ཚ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།0970--8651107

  མདའ་གཞི་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། 0970—8631002

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།