ཀྲུང་གོ་བོད་ཀྱི་དྲ་བ།

2016ལོར་མགོ་ལོག་ཁུལ་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་ཀྱི་གཏན་འབེབས་ལྟར།ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད།མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་ཞིབ་བཤེར་ཆོག་མཆན་ཐོབ་པས། 2016ལོར་མགོ་ལོག་ཁུལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དོན་ལས་སྡེ་ཁག་ལ་ལས་མི་བསྡུ་རྒྱུ་སྟེ།དོན་ཚན་དང་འབྲེལ་བའི་བརྡ་སྦྱོར་ནི་གཤམ་གསལ་ལྟར།

  གཅིག ལས་མི་བསྡུ་བའི་རྩ་དོན།

  ཐེངས་འདིའི་ལས་མི་བསྡུ་བའི་རྩ་དོན་ནི།ཡོངས་བསྒྲགས།འདྲ་མཉམ།འགྲན་རྩོད།ལེགས་འདེམས་བཅས་ཀྱི་རྩ་དོན་ལྟར་བསྒྲུབ་རྒྱུ་ཡིན་པ།

  གཉིས།ལས་མི་བསྡུ་བའི་ཁྱབ་ཁོངས་དང་གོ་རིམ།

  ཐེངས་འདིར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དོན་ལས་སྡེ་ཁག་གིས་ལས་མི་201བསྡུ་རྒྱུ་ཡིན་པ་དང་།དེའི་ནང་།ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་མི་གྲངས་15དང་།ཁུལ་ཡོངས་སུ་ཁ་ཕྱོགས་ནས་མི་གྲངས186བསྡུ་རྒྱུ་ཡིན་པ་རེད།བྱེ་བྲག་གི་ལས་གནས་ནི་ལས་མི་བསྡུ་བའི་འཆར་འགོད་རེའུ་མིག(具体招聘岗位见附表)ནང་གསལ།

  ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་ཁྱབ་ཁོངས་ནི།རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་།རང་ཞིང་གི་སྐྱེ་ཁོངས་ཡིན་པ།རང་ཞིང་གི་སློབ་ཆེན་ནས་མཐར་ཕྱིན་པ།རང་ཞིང་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་།རང་ཞིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་ལ།ཁུལ་ཡོངས་སུ་ཁ་ཕྱོགས་ནས་ལས་མི་བསྡུ་བའི་ལས་གནས་སུ།མགོ་ལོག་ཁུལ་གྱི་ཁྱིམ་ཐོ་ཡིན་པ་དང་།མགོ་ལོག་ཁུལ་གྱི་སྐྱེས་ཁོངས་ཡིན་པ།མགོ་ལོག་ཁུལ་ནས་ཞབས་ཞུ་བྱེད་པའི་རྣམ་གྲངས་ཁག་གི་མཐོ་རིམ་མཐར་ཕྱིན་སློབ་མ་དང་མགོ་ལོག་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི་ཡིན་དགོས་པ་རེད།

  ལས་མི་བསྡུ་བའི་གོ་རིམ་ནི་ཐོག་མར་དྲ་ཐོག་ནས་ལས་མི་བསྡུ་བའི་བརྡ་སྤྱོར་ཁྱབ་བསྒྲགས་བྱེད་པ།དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཡིག་རྒྱུགས་ལེན་པ།ཡུལ་དངོས་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།ཁ་རྒྱུགས་ལེན་པ།ལུས་ཕུང་བརྟག་དཔྱད་བྱེད་པ།དཔྱད་ཞིབ།སྤྱི་བསྒྲགས།གདན་ཞུའི་འགྲོ་ལུགས་བསྒྲུབ་པ་སོགས་གོ་རིམ་ལྟར་བསྒྲུབ་དགོས་པ་རེད།

  གསུམ། ལས་མི་བསྡུ་བའི་ཆ་རྐྱེན།

  1. རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཁག་གིས་ལས་མི་བསྡུ་བའི་བྱེད་ཐབས་གཏན་འབེབས་ཀྱི་གཞི་རྩའི་ཆ་རྐྱེན་གྲ་སྒྲིག་བྱེད་དགོས་པ།

  2. ལོ་ན35མན་ཡིན་དགོས་པ།

  3. ལས་མི་བསྡུ་བའི་ལས་གནས་ལ་མཁོ་བའི་འཛིན་ཡིག་གི་ཆ་རྐྱེན་གྲ་སྒྲིག་བྱེད་དགོས་པ།

  4.དོན་ལས་སྡེ་ཁག་ཏུ་ལས་ཀ་གཉེར་བཞིན་པ་དང་།ཉེས་དོན་གྱི་ཆད་པ་འཁུར་མྱོང་བ།ལས་ཁུངས་ནས་ཕྱིར་འཕུད་པ།བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་རྒྱུགས་སྤྲོད་མི་ཆོག་པ་དག་རྒྱུགས་ལ་ཞུགས་མི་ཆོག་པ་རེད།

  བཞི། མིང་ཐོ་འགོད་པའི་དོན་ཚན།

  དང་པོ། མིང་ཐོ་འགོད་པའི་དུས་ཚོད།2016ལོའི་ཟླ9བའི་ཚེས22ཉིན་གྱི་ཆུ་ཚོད་9སྟེང་ནས་ཟླ9བའི་ཚེས28ཉིན་གྱི་ཆུ་ཚོད་24བར་ཡིན་པ་རེད།

  གཉིས་པ། མིང་ཐོ་འགོད་པའི་རྣམ་པ།

  ཐེངས་འདིའི་མིང་ཐོ་འགོད་པའི་བྱ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱེད་པ།དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།རྒྱུགས་སྤྲོད་མཁན་ཚོས་མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ་(www.qhpta.com)བརྒྱུད་དེ་ཞིབ་ཏུ་རྒྱུས་ལོན་བྱེད་རྒྱུ་དང་།སྐར་མ་སྣོན་པའི་སྲིད་ཇུས་དང་མཐུན་ན།དྲ་ཐོག་ནས་ཐོབ་ཐང་འཛིན་ཡིག་ཞིབ་བཤེར་བྱས་པའི་རྗེས་སུ་རང་གི་ཐོབ་ཐང་ལག་ཁྱེར་དང་སྐར་མ་སྣོན་པའི་འབྲེལ་ཡོད་ཀྱི་བདེན་དཔང་ཡི་གེའི་མ་ཡིག་དང་དཔར་ཡིག་ཁྱེར་ནས་2016ལོའི་ཟླ10བའི་ཚེས10ཉིན་ནས་ཟླ10བའི་ཚེས13ཉིན་གྱི་ཆུ་ཚོད་6བར་མགོ་ལོག་ཁུལ་མི་དོན་རྒྱུགས་ལེན་ལྟེ་གནས་སུ་སོང་སྟེ་ཡུལ་དངོས་ནས་སྐར་མ་སྣོན་པའི་ཆ་རྐྱེན་ལ་ཞིབ་བཤེར་བྱས་ཏེ་ཐོ་འགོད་བྱེད་དགོས།

  གསུམ་པ།མིང་ཐོ་འགོད་པའི་ཆ་རྐྱེན།

  1. རྒྱུགས་སྤྲོད་མཁན་ཚོས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་འགོད་མི་མི་ཆོག་པ།

  2.འབྲེལ་ཡོད་ཀྱི་འཛིན་ཡིག་ངོ་མ་ཡིན་དགོས་པ།གལ་ཏེ་འཛིན་ཡིག་སོགས་བཅོས་མ་ཡིན་ན་རྒྱུགས་སྤྲོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ།

  ལྔ། རྒྱུགས་ལེན་པའི་དུས་ཚོད།

  1. ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་2016ལོའི་ཟླ10བའི་ཚེས29ཡིན་པ།

  2.ཁ་རྒྱུགས་ལེན་པ།

  དྲུག ལུས་ཕུང་བརྟག་དཔྱད་དང་།དཔྱད་ཞིབ།གདན་ཞུ་བྱེད་པ།

  འབྲེལ་གཏུག་ཁ་པར་ཨང་གྲངས།

        0975-8384835,8358116

  2016ལོའི་ཟླ9བའི་ཚེས18ཉིན་ལ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།