བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་ཤིག་སྐྱོབ་ཐུབ།

རྒྱལ་ཁབ་ཅིག་གི་སྤྱི་དམངས་ཀྱི་སྤུས་ཚད་ནི་རྒྱལ་ཁབ་དེའི་ཨ་མ་དག་གིས་སློབ་གསོ་མྱོང་བའི་འཕེལ་རིམ་དང་མི་གཤིས་བཙོ་སྦྱངས་ལ་རག་ལས་ཡོད།9cpཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་བསམ་བློ་བ་གྲགས་ཅན་ཕེའུ་གུན་ནས།  མིའི་རིགས་ཀྱིས་ལོ་རྒྱུས་དཔེ་ཆ་ཀློག་ན་མིའི་བློ་རིག་ཇེ་གསལ་ཏུ་གཏོང་ནུས།  སྙན་ངག་ཀློག་པ་ལས་མི་སྤྱང་གྲུང་འཛོམ་པོར་གཏོང་ནུས།  རྩིས་ཐོན་སྦྱངས་པ་ལས་མི་ཚགས་ཇེ་དམ་དུ་གཏོང་ཐུབ་པ་སོགས་སྟོན་པ་ཚང་མ་དཔེ་དེབ་སྣ་མང་ཀློག་པའི་ཕན་ནུས་རེད།  མི་གཅིག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཡོན་ཏན་ལ་ཁ་བྲལ་མི་འོས་པ་དང་།  དཔེ་ཀློག་ལ་ཁ་བྲལ་མི་འོས་པ།  གནད་འདི་དག་ལས་དཔེ་ཀློག་ནི་མི་ཞིག་གི་མི་ཚེ་ལ་གལ་ཇི་ལྟར་ཆེ་བ་དག་ཤེས་ཐུབ།
    ཁྱེད་ཀྱིས་གསར་འགྱུར་བརྒྱུད་ལམ་ནས་ཡང་བསྐྱར་དུ་ཀྲུང་ཧྭ་མི་རིགས་ཀྱི་སྤུས་ཚད་མཐོར་འདེགས་ཡོང་དགོས་པའི་བསྒྲགས་གཏམ་སྤེལ་བ་མ་ཐོས་སམ།  འབྲི་མཁན་དག་གིས་བསམ་ན།  དམངས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་དགོས་ན།“ཆབ་སྲིད་ཀྱི་སྤུས་ཚད་དང་རིག་གནས་ཡོན་ཏན་གྱི་སྤུས་ཚད།”ངེས་པར་དུ་བྱིས་པ་དང་བུད་མེད་ནས་འགོ་རྩོམ་དགོས།  རྒྱུ་མཚན་ནི་བུད་མེད་ནི་མིའི་རིགས་ཀྱི་མ་འོངས་པའི་ཨ་མ་ཡིན་ནོ།  ཁོ་ཚོས་མིའི་རིགས་ལ་ཚེ་སྲོག་གི་ལེགས་སྐྱེས་འཕེལ་བསྐྱེད་བྱས་པ་མ་ཟད།  རྒྱུད་མཐུད་དུ་རིགས་རྒྱུད་སྤེལ་བ་དང་།  དེ་མཚུངས་སུ་སློབ་གསོའི་ནུས་པའི་ཐད་ལ་ཤུགས་རྐྱེན་མང་བོ་བཞག་པས་ཡིན།9cpཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་དཔོན་ཡིན།  སྔོན་བྱོན་དམ་པ་ཁོང་གི་གནད་ལ་འཁེལ་བའི་རིགས་པས་ཐག་གཅོད་དེ་ལ་ང་རང་སྙིང་ནས་ཡིད་འཐད་བྱུང་།  མི་ཞིག་ལོ་གསུམ་གྱི་སྔོན་ནས་བཟུང་སང་ཉིན་དར་མ་འགྱུར་བའི་རྨང་གཞི་བཏང་བ་རེད།  ལོ་གསུམ་གྱི་སྔོན་དུ་གང་ན་ཡོད་དམ།  བདེ་སྐྱིད་ལྡན་པའི་བྱིས་དུས་ཀྱི་འཚོ་བའི་ནང་ན་ཡོད་པ་དང་། ཨ་མའི་གཉོར་སྐྱོང་ཁྲོད་རིམ་གྱིས་ནར་སོན་གྱིན་ཡོད།  དེ་དང་དེ་ལྟར་དུ་ཨ་མས་གཏམ་གླེང་དང་བྱ་སྤྱོད།  གཤིས་ཀ་དང་སྤུས་ཀ་དག་བྱིས་པའི་རྒྱུད་ལ་བག་ཆགས་ཟབ་མོ་འཇོག་གིན་ཡོད། བྱིས་པ་ཡང་རྒྱལ་ཁབ་འཛུགས་སྐྲུན་མཁན་དང་གསར་སྐྲུན་པ།  གསར་འབྱེད་པ་ཡིན་པས། དམངས་ཡོངས་ཀྱི་སྤུས་ཀ་མཐོར་འདེགས་བྱེད་པའི་རྩ་གནད་དེ་བུད་མེད་ཀྱི་སྤུས་ཀ་མཐོར་འདེགས་བྱེད་པ་ལ་རག་ལས་ཡོད།  ང་ཚོ་བྱིས་པ་རེ་རེས་བྱིས་གཉོར་ཁང་ནས་ཚད་ལྡན་སློབ་གསོ་མྱངས་ཏེ།  སློབ་ཆུང་ནས་སློབ་འབྲིང་དང་།  སློབ་ཆེན་འགྲིམ་རྗེས།  སྐྱེས་པའི་དགེ་རྒན་ལས་བུད་མེད་དགེ་རྒན་མང་བ།  དུས་རྒྱུན་འཚོ་བའི་ནང་ནས་རང་ཉིད་འཁྲབ་སྐབས་ཀྱང་། བུད་མེད་ཀྱིས་སློབ་གསོ་བ་འཁྲབ་པ་ནི་ཅུང་ཙམ་ངང་རིང་བོ་ཞིག་ཡིན་པ་དང་།  ཞིབ་ཚགས་ལྡན་ཡིན་པ།  དེ་མིན་བུད་མེད་དག་ལ་མི་ཞིག་གིས་ཨ་མའི་མདུན་ནས་སློབ་གསོ་མྱོང་བའི་སེམས་ཁམས་ཀྱི་འགྱུར་བ་དང་བར་བརྒལ་གྱི་རིམ་པ་ཡང་གསལ་དོད།  ཁྱིམ་ཚང་མང་བོའི་ཁྲོད་ན་མངོན་གསལ་དོད་པོའི་སྣང་ཚུལ་འདི་འདྲ་ཞིག་ཡོད།  ཁྱིམ་ཚང་གི་ཨ་མ་ཤེས་ཡོན་ཅན་ཡིན་ན།  ཁྱིམ་ཚང་དེའི་བྱིས་པ་རེ་རེས་ཀྱང་གུས་ལུགས་ཤེས་པ་དང་།  དཔེ་ཀློག་ལ་དགའ་བོ་ཡོད་པ།  འཕེལ་རྒྱས་སུ་གཏོང་བར་དགའ་བ།  ད་དུང་མ་འོངས་པར་འཇོན་ཐང་ཅན་དུ་གྱུར་བའང་མང་བ།  འདི་འདྲའི་ཁྱིམ་ཚང་ནང་ནས་ཡོན་ཏན་ཅན་དང་སྐད་གྲགས་ཅན་མང་བོ་འབྱུང་བའི་གོ་སྐབས་ཀྱང་མང་བ་རེད།  ཁྱིམ་ཚང་དེ་ལྟ་བུ་ལས་འཚར་ལོངས་བྱུང་བའི་བྱིས་པ་དང་།  བྱིས་པར་ཆུང་དུས་ནས་ཨ་མའི་རིག་གནས་སློབ་གསོས་ཤུགས་རྐྱེན་བཟང་བོ་ཐེབས་པ་དང་།  མཐོང་ཐོས་མང་བོས་ཤུགས་ཀྱིས་གོམས་པས།  མ་འོངས་པར་བྱིས་པ་ལེགས་འགྲུབ་མཁན་དུ་འགྱུར་བའི་སྣང་ཚུལ་དང་འདྲ་བརྙན་བཤམས་པ་རེད།  རྒྱུ་མཚན་དེས་བུད་མེད་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དེ་མི་རིགས་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་མཚུངས།  བུད་མེད་ཀྱིས་དཔེ་ཀློག་བྱས་ན་མ་འོངས་པའི་མི་རིགས་ཤིག་སྐྱོབ་ཐུབ།9cpཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་ཀྱི་མ་འོངས་པ་ནི་མ་ཡུམ་ལ་རག་ལས་སོ།9cpཀྲུང་གོ་བོད་ཀྱི་དྲ་བ།

ནུའེ་ཅན་ཧྲིན་གྱིས་འདི་འདྲ་གསུངས་མྱོང་།  མི་རིགས་དང་མི་རིགས་ཀྱི་ཤུགས་ཚད་ ཡང་དུས་དང་རྣམ་པ་ཀུན་ཏུ་མ་ཡུམ་དང་མ་ཡུམ་དག་གི་ཤུགས་ཚད་དོ།  ང་རང་གནད་འཁེལ་གྱི་སྐད་ཆ་འདི་ལ་ཤིན་ཏུ་མོས་ཡོད།  མ་ཡུམ་ནི་བྱིས་པའི་ཆེས་ཐོག་མའི་སློབ་དཔོན་དང་། བྱིས་པ་ལ་བློ་ཐག་ཆེས་ཉེ་བའི་སློབ་དཔོན་ཀྱང་ཡིན་ནོ།  ཨ་མས་གནད་དོན་ལ་ཇི་ལྟར་འཛིན་པ་དང་བྱིས་པ་ལ་གང་ལྟར་དུ་བཤད་པ་སོགས་ཀྱིས་བྱིས་པའི་མི་ཚེ་ལ་ཤུགས་རྐྱེན་ཟབ་མོ་འཇོག་ཐུབ།  རྒྱུ་མཚན་དེས་བྱིས་པའི་མ་འོངས་པའི་འཕེལ་འགྲིབ་དེ་མི་རིགས་ཀྱི་མ་འོངས་པའི་འཕེལ་འགྲིབ་ལ་འབྲེལ་བ་དམ་པོ་ཡོད་པས།  མི་རིཊ་ཀྱི་མ་འོངས་པ་ནི་མ་ཡུམ་ལ་རག་ལས་སོ།9cpཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་ཁྱིམ་ཚང་སློབ་གསོའི་ཀློག་དེབ་གྲགས་ཅན“སྦྱངས་ཐོབ་སློབ་གསོའི་མན་ངག”གི་སློབ་ཚན་དང་བོར་ཡང་རྒྱལ་དམངས་ཀྱི་ལས་དབང་ནི་དབང་ཆ་ལྡན་པའི་འགོ་ཁྲིད་ཀྱི་ལག་ལ་ཡོད་ཟེར་བ་ལས་མིའི་རིགས་ཀྱི་མ་ཡུམ་དག་གི་ལག་ན་ཡོད་ཅེས་བཤད་ན་ལེགས་ཞེས་གསུངས་ཡོད།  མི་མང་བོས་ཁར་ཝར་ལ་བྱིས་པ་སྤྱང་བོ་ཞིག་སྐྱེས་ཡོད་རབས་གླེང་ཡང་། ཁར་ཝར་གྱིས་དུས་རྒྱུན་ཁོང་གི་ཨ་མའི་བཀའ་དྲིན་ཡིན་ཟེར།  ཁོང་གིས་བཤད་པར་སློབ་གསོ་ནི་ཆེས་ཐོག་མར་ཨ་མ་ནས་འགོ་རྩོམ་དགོས་པར་འདོད།  ད་དུང་བུད་མེད་དག་ལ་ཨ་མ་ཚད་ལྡན་ཅིག་བྱེད་རྒྱུའི་སྟ་གོན་དགོས་ཟེར།  ཁོ་མོ་ཚོའི་ལུས་ཐང་བོ་དང་འདུ་ཤེས་གཙང་མ།  དེ་མིན་གྱི་རྒྱུན་ཤེས་ཕྱོགས་ཀྱང་གལ་འགངས་ཆེན་པོ་ཡིན།  སྤྱིར་སློབ་གསོ་ནི་སློབ་གྲྭ་ནས་འགོ་རྩོམ་རྒྱུ་ཞིག་ཡིན་མི་འོས།  སློབ་གསོ་ནི་ཨ་མ་དང་ཁྱིམ་ཚང་ནས་འགོ་བརྩམས་ན་འགྲིག་ཟེར། ཨ་མ་ཇི་ལྟ་བུ་ཞིག་གིས་སྐྱོང་བའི་བྱིས་པའང་དེ་ལྟ་བུ་ཞིག་ཡིན་ངེས་སོ།9cpཀྲུང་གོ་བོད་ཀྱི་དྲ་བ།

ཨ་མ་ནི་འཚོ་བར་དད་ཞེན་མཁན་ཞིག་དང་།  ཧུར་བརྩོན་གྱིས་མི་ཚེ་ལ་གདོང་གཏོད་མཁན་ཞིག་ཡིན་འོས།  ཨ་མའི་ཉམས་དགའ་དེ་རང་ཉིད་ཀྱི་བྱིས་པ་ལའང་འགོ་སྲིད།  ཨ་མ་ནི་བར་མི་ཆད་པར་དུས་རྣམ་ཀུན་ཏུ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་འོས།  དུས་རབས་ཀྱི་རྗེས་ཆོད་མཁན་ཞིག་ཡིན་འོས།  ཁོ་མོའི་འགྲོ་འདུག་སྤྱོད་གསུམ་ཚང་མས་རང་གི་བྱིས་པ་ལ་ཤུགས་རྐྱེན་ཆེན་པོ་འཇོག་ངེས།  སྔོན་ཞིག་ལ་གཏམ་རྒྱུད་འདི་འདྲ་ཞིག་བྱུང་མྱོང། དུས་རྒྱུན་འཚོ་བའི་ནང་ལ་མོ་རང་ཁོམ་ལོང་གཏན་ནས་མེད་པའི་མི་ཞིག་ཡིན། དུས་དེབ་དང་ཚགས་པར་སོགས་ཀློག་རྒྱུའི་ཁོམ་ལོང་ཀྱང་མེད།  དུས་རྒྱུན་བྱིས་པ་ངལ་གསོས་ནས་ཕྱིར་ཁྱིམ་ལ་ལོག་སྐབས་ཁོ་མོ་ནེམ་ཁྲི་ལ་བསྡད་ནས་དཔེ་ཀློག་བྱས་ཏེ།  བྱིས་པར་དཔེ་ཀློག་ནི་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན་པའི་བརྡ་རྟགས་བསྟན།  བྱིས་པས་དེ་མཐོང་རྗེས་རང་འགུལ་ངང་ནས་དཔེ་ཀློག་བྱེད་དུ་འགྲོ་བ་རེད།  དེ་ལྟར་ཁོ་མོས་ཆེས་མཇུག་མཐར་ལེགས་འགྲུབ་བྱུང་བའི་བུ་ཞིག་གསོ་སྐྱོང་བྱས་སོང་བ་རེད།།9cpཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།