བོད་འགྱུར་མ《ཆུ་ངོགས་གཏམ་རྒྱུད》རྒྱས་པ་ལས་ཝུ་སུང་གི་འབྱུང་རིམ་གྱི་ལེའུ་སྒྱུར་ཐབས་ལ་རགས་ཙམ་དཔྱད་པ།

དེང་གི་དུས་འདིར་བོད་ཀྱི་རིག་གནས་དང་། སློབ་གསོ། དཔལ་འབྱོར་བཅས་ཐད་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེའི་ཚ་རླབས་དྲག་པོས་རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་ལ་རྣམ་པ་གསར་པ་ཞིག་ཐོན་ནས། རྒྱའི་རིག་གཞུང་བོད་ཡིག་ཏུ་བསྒྱུར་བའི་བྱ་གཞག་ཆར་རྗེས་ཀྱི་ཤ་མོ་བརྡོལ་པ་ལྟར་འཕེལ་རྒྱས་འགྲོ་བཞིན་མཆིས། གོ་རིམ་དེའི་ཁྲོད་དུ་རྒྱ་བོད་ཡིག་སྒྱུར་གྱི་འཇིག་རྟེན་མིག་ཏུ་གྱུར་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་པོ་ཐོན་པ་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཡིག་སྒྱུར་གྱི་སྒྱུ་རྩལ་དང་ཐབས་ལམ་གསར་པ་དག་ལ་བརྟེན་ནས་རྒྱ་བོད་ཡིག་སྒྱུར་ཁྱབ་སྤེལ་ཐད་ལ་མཛད་རྗེས་བཞག་དང་འཇོག་བཞིན་ཡོད། 《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་འདི་ཡང་དུས་སྐབས་དེའི་དགོས་དབང་ངེས་ཅན་ཞིག་ལ་བརྟེན་ནས་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་དང་། མི་རིགས་དཔེ་སྐྲུན་ཁང་། ལྗོངས་ཞིང་ལྔའི་ལོ་ཙཱ་བ་སྨྲ་མཁས་ཁག་གཅིག་བསྡུས་ནས་ལོ་གསུམ་རིང་ལ《ཆུ་ངོགས་གཏམ་རྒྱུད》ཆ་ཚང་ལེགས་པར་བསྒྱུར་ཏེ་པར་སྐྲུན་བྱས་པ་དང་། བོད་མི་ཀློག་པ་པོའི་མིག་གི་ལོངས་སྤྱོད་དུ་སྨིན་པའི་སྐལ་བ་ཐོབ། སྒྱུར་པ་པོས་བསྒྱུར་བྱའི་བསྟན་དོན་གསལ་དུ་རྟོགས་ཏེ་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་པ་སུས་བལྟས་ཀྱང་གོ་བདེ་ཞིང་། མ་ཡིག་གི་བརྗོད་དོན་ཇི་བཞིན་ལེགས་པར་བསྒྱུར་ཡོད། ཕྲན་གྱིས་བོད་འགྱུར་མ《ཆུ་ངོགས་གཏམ་རྒྱུད》རྒྱས་པ་ལས་ཝུ་སུང་གི་འབྱུང་རིམ་ལེའུ་ཉེར་གཉིས་ནས་སོ་གཅིག་བར་བདམས་ཏེ་མ་ཡིག་དང་བུ་ཡིག་གཤིབ་བསྡུར་བྱས་རྗེས་ཡིག་སྒྱུར་གཞུང་ལུགས་ཀྱི་ཁོངས་སུ་བཅོལ་ནས་སྒྱུར་ཐབས་ཁག་དཔེར་བརྗོད་ལམ་ནས་དཔྱད་ཁུལ་བྱས་པ་གཤམ་གསལ་ཏེ།
oJ4ཀྲུང་གོ་བོད་ཀྱི་དྲ་བ།

དང་པོ། རྩ་བའི་སྒྱུར་ཐབས་ཀྱི་ཁྱད་ཆོས་སྤྱིར་བསྟན་པ།oJ4ཀྲུང་གོ་བོད་ཀྱི་དྲ་བ།

གཅིག ཐད་སྒྱུར་གྱི་སྐོར།oJ4ཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་ཐད་སྒྱུར་ཟེར་བ་ནི་བསྒྱུར་བྱའི་ནང་དོན་དང་བསྟུན་ཅིང་ཚིག་འགྲོས་བཞིན་སྔ་ཕྱིའི་གོ་རིམ་མི་བསྣོར་བར་རྣམ་པའི་སྟེང་ཐད་ཀར་བསྒྱུར་པ་ཞིག་ལ་ཟེར། བོད་འགྱུར་མ《ཆུ་ངོགས་གཏམ་རྒྱུད》ཀྱི་ཝུ་སུང་གི་འབྱུང་རིམ་ལེའུ་འདི་ལས་ཚིག་དང་། གཏམ་དཔེ། སྙན་ངག་བཅས་སྒྱུར་ཐབས་གཙོ་བོ་ཐད་སྒྱུར་གྱི་ཐབས་འདིར་བརྟེན་ནས་ལེགས་པར་བསྒྱུར་ཡོད་དེ། དཔེར་ན་མ་ཡིག་ཏུ“拳头上立得人,胳膊上走的马,人面上行的人”ཞེས་པ་དེ། བུ་ཡིག་ཏུ“ཁུ་ཚུར་སྟེང་དུ་མི་ལངས་ཐུབ་པ་དང་ལག་ངར་སྟེང་དུ་རྟ་རྒྱུག་ཐུབ་ཅིང་མི་རྣམས་ཀྱི་མདུན་དུ་གདོང་སྟོན་ཕོད་མཁན་ཞིག་ཡིན”ཞེས་པ་རྗོད་བྱེད་ཚིག་གི་གོ་རིམ་མ་བསྣོར་བར་མ་ཡིག་ལས་མངོན་པའི་ཡིད་འགྱུར་དང་རྩོམ་ཉམས་དེ་ཡང་ཇི་བཞིན་སོར་འཇོག་བྱས་ཡོད་པ་དང་། བཀླགས་ན་ངག་ལ་བདེ་ཤིང་བརྗོད་དོན་ཡིད་ལ་ཐེབས་པའི་ཁྱད་ཆོས་ལྡན་འདུག་གོ དེ་ཡང་མའོ་ཏུན་གྱིས“རྩོམ་རིག་ལོ་ཙཱ་བྱེད་པར་ཐད་སྒྱུར་གྱི་ཐབས་གཙོ་བོ་བཀོལ་ན་འོས་པས། དེང་གི་ཆར་དེའི་ཐད་ལ་རྩོད་གླེང་བྱེད་པའི་དགོས་པ་མེད”ཅེས་གསུངས་པ་བཞིན། འགྱུར་མ་འདིའི་ནང་ཐད་སྒྱུར་གྱི་ཐབས་རྩལ་གང་མང་ལེགས་པར་སྤྱད་ཡོད་དེ་དཔྱད་རྩོམ་འདིའི་ནང་དཔེ་ཡོད་ཚད་དྲངས་པའི་ངལ་བ་སྤངས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་འགྱུར་མའི་ཐབས་རྩལ་རྟོགས་པའོ།oJ4ཀྲུང་གོ་བོད་ཀྱི་དྲ་བ།

གཉིས། དོན་སྒྱུར་གྱི་སྐོར།oJ4ཀྲུང་གོ་བོད་ཀྱི་དྲ་བ།

“དོན་སྒྱུར་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་བསམ་བློའི་འཁྱེར་སོ་སོགས་ལས་བྱུང་བའི་མིང་གི་གྲུབ་ཚུལ་དང་སྦྱོར་ལུགས་རྣམས་སྒྱུར་བྱེད་ཀྱི་སྐད་ལ་མཚོན་དོན་གྱི་སྒོ་ནས་གཙོ་བོ་སྒྱུར་པ་ལ་ཟེར། འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ཏེ་ཚིགས་བཅད་ལ་སྣོན་འཕྲི་དང་བསྣོར་འཕྲི་སོགས་ཅི་བདེར་བྱས་ཆོག” འགྱུར་ཡིག་ནང་དུ་དོན་སྒྱུར་ཐབས་རྩལ་གང་མང་སྤྱད་ཡོད་དེ། དཔེར་ན་མ་ཡིག་ཏུ“那妇人见了,却比半夜里拾金宝的一般欢喜,堆下笑来”འགྱུར་ཡིག་ཏུ་བུད་མེད་དེས་ཝུ་སུང་སྤོས་ཡོང་བ་མཐོང་འཕྲལ་འཛུམ་མདངས་སྟོན་པ་དང་། ངང་པ་པད་མཚོར་འཇུག་པ་ལྟར་གྱི་དགའ་སྣང་འཆར། ཞེས་བསྒྱུར་ཡོད་ལ། མ་ཡིག་ནང་གི“拾金宝”ནི་ཕན་ཅིན་ལན་ཝུ་སུང་མཐོང་བ་དང་དགའ་སྤྲོ་དཔག་མེད་སྐྱེས་པའི་རྒྱུ་མཚན་བཏོན་ཡོད་པས་བོད་ཡིག་ཏུ་ངང་པ་པད་མཚོར་འཇུག་པ་ལྟར་ཞེས་པའི་གཏམ་དཔེ་དྲངས་ཏེ་ཚབ་མཚོན་བྱས་པ་ཚིག་སྔ་ཕྱི་ནང་དོན་བསྟུན་ཏེ་ལེགས་པར་བསྒྱུར་ཡོད་པ་སྙམ། དེ་མ་ཡིག་གི་བསྟན་དོན་དང་ཁྱད་ཆོས་སོགས་ཆ་རྒྱུས་གཏིང་ཟབ་པ་ཞིག་ལོན་ནས་ཚིག་སྦྱོར་ལུགས་དང་རྒྱན་སྤེལ་ཚུལ་གྱི་ཐབས་བཅས་ཏེ་ཡང་བསྐྱར་མཚོན་པར་བྱས་ཡོད་པ་སྒྱུར་བཟང་པོར་བརྩིས་ཡོད་དོ།oJ4ཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། བྱེ་བྲག་སྒྱུར་ཐབས་བཤད་པ།oJ4ཀྲུང་གོ་བོད་ཀྱི་དྲ་བ།

(1)གཏམ་དཔེའི་དོན་སྒྱུར་སྐོར།oJ4ཀྲུང་གོ་བོད་ཀྱི་དྲ་བ།

གཏམ་དཔེ་ལ་མི་རིགས་ཀྱི་ཁྱད་ཆོས་དང་འབྱུང་ཁུངས་ཁྱད་པར་ཅན་ཡོད་ཅིང་། ཚིག་དོན་དང་བསྟན་དོན་གྱི་ཁྱད་པར་ཡང་ཧ་ཅང་གསལ་པོ་ཡོད་པ་དང་། རྒྱའི་གཏམ་དཔེའི་རིགས་བསྟན་དོན་དོ་མཉམ་པའི་བོད་ཀྱི་གཏམ་དཔེ་ཞིག་དེའི་ཚབ་ཏུ་བསྒྱུར་ན་ཚིག་མཁྲེགས་པོའི་སྐྱོན་སོགས་བྲལ་ནས་བོད་ཀྱི་ཀློག་པ་པོར་བརྗོད་དོན་གོ་སླ་བའི་དགེ་མཚན་དུ་མ་ཡོད། བོད་འགྱུར་མ་ལས་རྒྱའི་གཏམ་དཔེ་གང་མང་ཞིག་དོན་སྒྱུར་བྱས་ནས་བསྟན་དོན་མཚུངས་པའི་བོད་མིའི་གཏམ་དཔེ་ཞིག་ཚབ་ཏུ་བསྒྱུར་ཡོད་པས་གཤམ་གསལ་འདི་ལྟ་སྟེ། 花木瓜,空好看ལ་རི་མོའི་བ་ལས་འོ་མ་མི་འབབ་ཅེས་བསྒྱུར་བ་དང་། 没巧不成话ལ་ཆར་སྤྲིན་མ་འཁོར་ན་ཆར་པ་མི་འབབ། ཨ་ལོང་མེད་ན་ལྕགས་ཀྱུ་མི་འཁོན་ཞེས་བསྒྱུར་བ། 兔死狐悲,物伤其类ལ་ཁྭ་ཏ་བསད་ན་ཕོ་རོག་སྐྱོ་ཞེས་བསྒྱུར་བ། གོང་གསལ་གྱི་དཔེ་ལས་མཐོང་གསལ་ལྟར། གལ་ཏེ་མ་ཡིག་ལ་བསྟུན་ཏེ་འོལ་ཚོད་ཀྱིས་ཐད་སྒྱུར་བྱས་ན་ཀློག་པ་པོས་གཏམ་དཔེ་ལ་གོ་བ་ལོན་མི་ཐུབ་པ་དང་ཚིག་མཁྲེགས་པོར་འགྱུར་བ་སྨོས་ཅི་དགོས། དེ་བས་འགྱུར་མ་འདིའི་ནང་དུ་མ་ཡིག་གི་གཏམ་དཔེ་གང་མང་ཞིག་བསྟན་དོན་མཉམ་པའི་བོད་མིའི་གཏམ་དཔེས་ཚབ་བྱས་ཏེ་ལེགས་པར་བསྒྱུར་ཡོད་པས་བོད་མིའི་ཀློག་པ་པོས་བཀླགས་པ་ཙམ་གྱིས་གོ་བ་ལོན་ཐུབ་པའི་ནུས་པ་གསལ་པོ་ཐོན་ཡོད་དོ།oJ4ཀྲུང་གོ་བོད་ཀྱི་དྲ་བ།

(2)སྣོན་སྒྱུར་སྐོར།oJ4ཀྲུང་གོ་བོད་ཀྱི་དྲ་བ།

《དག་ཡིག་མཁས་པའི་འབྱུང་གནས》ལས། “སྐབས་འགར་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་དུ་བསྣན་ནས་བསྒྱུར་བར་བྱའོ”འགྱུར་མ་འདིའི་ནང་དུ་སྣོན་སྒྱུར་གྱི་སྒྱུར་ཐབས་གང་འཚམ་སྤྱད་ཡོད་པས། དཔེར་ན་མ་ཡིག་ཏུ“那妇人也和他闹了几场,向后闹惯了,不以为是”ཞེས་པ་དང་། བུ་ཡིག་ཏུ“བུད་མེད་དེ་ཁོ་དང་ཁ་རྩོད་ཐེངས་འགའ་ཙམ་བྱས་རྗེས་པད་འཛོམས་རྟག་པར་ངུ་བར་རྣམ་རྟོག་བྱེད་དགོས་དོན་མེད་ཟེར་བའི་དཔེ་བཞིན་སྣང་བར་མ་བཞག”ཅེས་བསྒྱུར་ཡོད་ལ། གོང་གི་དཔེར་བརྗོད་ལས་བསྒྱུར་བྱའི་མ་ཡིག་ན“པད་འཛོམས་རྟག་པར་ངུ་བར་རྣམ་རྟོག་བྱེད་དགོས་མེད་ཟེར་བ”ཞེས་གཏམ་དཔེ་མ་ཡིག་ཏུ་མེད་ཀྱང་སྒྱུར་བྱེད་སྐད་ལ་ཁ་སྣོན་བྱས་པ་ཚིག་རོར་མ་སོང་བ་དང་། འབྲེལ་ཆགས་ཤིང་གོ་སླ་བ། བསྟན་དོན་གསལ་བའི་ཐད་ཕན་ནུས་རྒྱ་ཆེར་ཐོན་ཡོད་པ་དང་ཚིག་ཉམས་འབུར་དུ་ཐོན་ཡོད་པ་ལྟ་བུའོ། །oJ4ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།