ཀྲུང་གོའི་ཁྱད་ཆོས་ལྡན་པའི་སློབ་གསོ་ཞིབ་འཇུག་ལམ་ལུགས་ཀྱི་འཕེལ་རྒྱས་ལམ་བུ།

ཐོག་མའི་དུས་སྐབས(1949—1956)dMSཀྲུང་གོ་བོད་ཀྱི་དྲ་བ།

མགོ་མེད་མཇུག་ཡོད།dMSཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཐོག་དང་པོར་དབུ་བརྙེས་པའི་སྐབས། ས་ཁོངས་སམ་སློབ་གྲྭ་ཁྲོད་ན་སློབ་གསོ་ཞིབ་འཇུག་ཚོ་ཆུང་གསར་འཛུགས་བྱས་མེད་པ་དང་། ཁེར་རྐྱང་གི་སློབ་གསོ་ཞིབ་འཇུག་མ་ལག་ཅིག་ཀྱང་བཙུགས་མེད། སྤྱི་ལོ1952ལོར། སློབ་གསོ་པུའུ་ཡིས<<སློབ་འབྲིང་གི་གནས་སྐབས་སྒྲིག་སྲོལ༼མ་ཕྱི༽>>དང<<སློབ་ཆུང་གི་གནས་སྐབས་སྒྲིག་སྲོལ༼མ་ཕྱི༽>>གཉིས་བཀྲམས་པ་ལས། ཐོག་མར་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ཞིབ་འཇུག་ཙུའུ་གསར་འཛུགས་བྱེད་པར་ཞིབ་ཅིང་ཕྲ་བའི་སྒོ་ནས་གཏན་འཁེལ་བྱས།dMSཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་དུས་སྐབས(1957—1965)dMSཀྲུང་གོ་བོད་ཀྱི་དྲ་བ།

རིམ་བཞིན་ཆ་ཚང་བར་གྱུར།dMSཀྲུང་གོ་བོད་ཀྱི་དྲ་བ།

 སྤྱི་ལོ1957ལོའི་ཟླ1པོར། སློབ་གསོ་པུའུ་ཡིས་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་གི་ཐེངས་དང་པོའི་སློབ་གསོ་ཞིབ་འཇུག་ཙུའུ་ཁ་བྱང་ཡིན་པའི་ཡིག་ཆ<<སློབ་འབྲིང་སློབ་ཁྲིད་ཞིབ་འཇུག་ཙུའུ་ཡི་བྱ་བའི་སྲོལ་ཡིག༼མ་ཕྱི༽>>འགྲེམས་སྤེལ་བྱས་པ་ལས། སློབ་གསོ་ཞིབ་འཇུག་ཙུའུ་ཡི་ངོ་བོ་དང་། གཏན་འཇགས། བྱ་བའི་ནང་དོན་བཅས་རིམ་པ་བཞིན་ཚད་ལྡན་ཅན་དུ་གྱུར།dMSཀྲུང་གོ་བོད་ཀྱི་དྲ་བ།

དཀྱོགས་མཚམས་ཀྱི་དུས་སྐབས(1966—1976)dMSཀྲུང་གོ་བོད་ཀྱི་དྲ་བ།

དོང་ཞབས་སུ་ཚུད་པ།dMSཀྲུང་གོ་བོད་ཀྱི་དྲ་བ།

རིག་གསར་སྐབས་སུ། ལས་གཉེར་སྡེ་ཁག་གི་ཆེད་གཉེར་ལས་འགན་སློབ་གསོ་ཞིབ་འཇུག་རྩ་འཛུགས་ནི་ལས་འགུལ་རྡུང་གཏུག་ཁྲོད་ཀྱི་ཁ་གཏད་གཅིག་པུ་གྱུར་བས། སློབ་ཁྲིད་ཞིབ་འཇུག་ཁང་མང་པོ་ཞིག་ཞ་བོའི་རྣམ་པའི་གཟུགས་སུ་གྱུར་ཏེ། སློབ་གསོ་ཞིབ་འཇུག་ལམ་ལུགས་ཀྱི་འཛུགས་སྐྲུན་མུན་ནག་གི་དོང་དུ་ཚུད་སོང་།dMSཀྲུང་གོ་བོད་ཀྱི་དྲ་བ།

སླར་གསོའི་དུས་སྐབས(1977—1984)dMSཀྲུང་གོ་བོད་ཀྱི་དྲ་བ།

སྟོབས་ཤུགས་བསྐྱར་སྒྲིགdMSཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པ་དང་། ས་གནས་གྲོང་ཁྱེར་རིམ་པ། ཁུལ་དང་རྫོང་རིམ་པའི་སློབ་གསོ་ཞིབ་འཇུག་རྩ་འཛུགས་མུ་མཐུད་དུ་སླར་གསོ་བྱས་ཏེ། གཞི་རྩའི་སྟེང་གཏིང་ཟབ་པའི་སྒོ་ནས་སློབ་གྲྭ་སོ་སོའི་སློབ་གསོ་ཞིབ་འཇུག་དྲ་རྒྱར་འཛུལ་ཐུབ་པ་བྱུང་།dMSཀྲུང་གོ་བོད་ཀྱི་དྲ་བ།

ཚད་ལྡན་དུས་སྐབས(1985—1999)dMSཀྲུང་གོ་བོད་ཀྱི་དྲ་བ།

སྟོབས་འབྱོར་མངའ་ཐང་རྒྱས་པ།dMSཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ལོ1990ལོར། སྔར་གྱི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས<<སློབ་ཁྲིད་ཞིབ་འཇུག་བྱ་བར་བཅོས་སྒྱུར་དང་ཤུགས་སྣོན་དགོས་པའི་བསམ་འཆར་འགའ>>ཞེས་པ་བཀྲམས་ཏེ། སློབ་གསོ་ཞིབ་འཇུག་རྩ་འཛུགས་ཀྱི་བྱེད་ནུས་གསལ་བོར་བསྟན་པ་དང་།  སློབ་གསོ་ཞིབ་འཇུག་གི་བྱ་བའི་འགན་ནུས་ཚད་ལྡན་དུ་བཏང་སྟེ། སློབ་ཁྲིད་ཞིབ་འཇུག་དང་། སློབ་ཁྲིད་མཛུབ་སྟོན། སློབ་ཁྲིད་དོ་དམ་བཅས་ཕྱོགས་གསུམ་ནས་བྱ་བའི་གཙོ་གནད་གཏན་འཁེལ་བྱས།dMSཀྲུང་གོ་བོད་ཀྱི་དྲ་བ།

ཆ་ཡོངས་སུ་ཚང་བའི་དུས་སྐབས(2000—)dMSཀྲུང་གོ་བོད་ཀྱི་དྲ་བ།

གསར་གཏོད་ཀྱི་རྣམ་པ་ཅན་དུ་གྱུར་བ།dMSཀྲུང་གོ་བོད་ཀྱི་དྲ་བ།

བསླབ་ཐུན་གསར་བ་བཅོས་སྒྱུར་བྱེད་པའི་རྒྱབ་ལྗོངས་འོག་ཏུ། ཞིང་ཆེན་དང་ས་གནས། གྲོང་ཁྱེར་སོ་སོའི་སློབ་གསོ་ཞིབ་འཇུག་རྩ་འཛུགས་ཀྱི་འགན་ནུས་གནས་ས་གཏན་འཁེལ་རིམ་བཞིན༼སློབ་ཁྲིད་ལྟེ་བ་ཡིན་པ༽ནས༼བསླབ་ཐུན་བཅོས་སྒྱུར་ལྟེ་བ་ཡིན་པར༽འགྱུར་ཏེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་སློབ་གྲྭ་རྩ་བར་འཛིན་པའི་སློབ་གསོ་ཞིབ་འཇུག་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་ངོ་།།dMSཀྲུང་གོ་བོད་ཀྱི་དྲ་བ།

                             སྤྱི་ལོ2017ལོའི<<ཀྲུང་གོ་མི་རིགས་སློབ་གསོ>>དེབ6པའི་སྟེང་གི་མ་ཡིག་གཞིར་བཟུང་ནས་བསྒྱུར་བ་ཡིན། dMSཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།