ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པའི་གནད་དོན་ནི་དོན་དངོས་སུ་ཕ་མ་རང་སྟེང་གི་གནད་དོན་ཡིན།

ཡོང་ཁུངས། : ChillyBerའཕྲིན་སྟེགས་ལས་བཤུས།   རྩོམ་པ་པོ། : དཀར་ལུང་པདྨ་རྡོ་རྗེས་བསྒྱུར།   སྤེལ་དུས། : 2018-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ截图20180426093749.png

[ ༡ ] གལ་ཏེ་བྱིས་པས་བསམ་བཞིན་ཁྱོད་ལ་བར་ཆད་བཟོ་ཚེ། དེ་ནི་ཕལ་ཆེར་ཕ་མ་བྱིས་པ་དང་ཉེ་བར་བཅར་ཏེ་འབྲེལ་འདྲིས་ཀྱི་བརྩེ་བ་ཉུང་དྲགས་པས་ཡིན།

བྱིས་པ་དང་ཕ་མའི་ཉེ་བཅར་གྱི་འབྲེལ་འདྲིས་གཏིང་ཟབ་བརྒྱུད་བྱིས་པའི་ནང་སེམས་མི་སྐྱིད་པའི་སྡུག་བསྔལ་དང་དོན་མེད་བསམ་བློ་གཏོང་བའི་གནོན་ཤུགས་དེ་ཇེ་ཉུང་དུ་འགྲོ་སྲིད་ཅིང་། བྱིས་པ་ནམ་ཡང་ཕ་མར་ཕྱོགས་ཏེ་ངུ་འབོད་བྱེད་དུས། ཕ་མ་དང་མཉམ་དུ་འདུག་འདོད་པ་ཡིན་པས། ཁོའི་ནང་སེམས་སུ་ནམ་ཡང་ཕ་མའི་གམ་དུ་བཅར་ཏེ་བློ་བདེ་སེམས་སྐྱིད་ཀྱི་སྣང་བ་ཐོབ་འདོད་པ་དེ་ཡིན།

QQ截图20180426094026.png

[ ༢ ]གལ་ཏེ་བྱིས་པས་ཕ་མར་རྫུན་བཤད་ཚེ། དེ་ནི་བྱིས་པས་བཟོས་པའི་ནོར་འཁྲུལ་ལ་ཚད་བརྒལ་གྱིས་སྐྱོན་བརྗོད་བྱས་པ་ལན་པ་ཡིན།

བྱིས་པས་བཟོས་པའི་ནོར་འཁྲུལ་ལ་ཚད་བརྒལ་གྱི་སྐྱོན་བརྗོད་བྱས་ན་བྱིས་པའི་སེམས་ཁམས་སུ་སྐྲག་སྣང་གི་རྣམ་པ་བྱུང་སྟེ་རྗེས་མ་དོན་དག་འདིའི་་རིགས་དང་འཕྲད་ཚེ་ཕ་མར་རྫུན་ལབ་སྟེ་ཕ་མས་སྐྱོན་བརྗོད་བྱེད་པར་གཞོལ་ཅི་ནུས་བྱེད་སྲིད་པས། བྱིས་པས་བཟོས་པའི་ནོར་འཁྲུལ་ཐག་གཅོད་བྱེད་དུས། བྱིས་པར་བཟོས་པའི་དོན་དག་གི་ཚབས་ཆེན་རང་བཞིན་གསལ་འགྲེལ་བྱེད་པའམ་བྱིས་པ་དང་ཁ་བརྡ་མང་དུ་བྱས་ཏེ་སེམས་སུ་ཕ་མའི་སེམས་ཁམས་རྟོགས་སུ་བཅུག་ན། ད་གཟོད་བྱིས་པ་སྐྱོན་བརྗོད་ལ་སྐྲག་སྣང་སྐྱེས་མི་སྲིད་པས་ཕ་མར་རྫུན་ཡང་གཏམ་མི་སྲིད་དོ།

QQ截图20180426094035.png

[ ༣ ] གལ་ཏེ་བྱིས་པར་རང་ལ་ཡིད་ཆེས་མེད་ན། དེ་ནི་ཕ་མས་བྱིས་པར་མཛུབ་སྟོན་དང་བསམ་འཆར་མང་སོང་བ་ལས་ཁོས་བསྒྲུབས་པའི་བྱ་བར་བསྟོད་བསྔགས་དང་སྐུལ་ལྕག་ཉུང་དྲགས་པས་ལན་པ་ཡིན།

བྱིས་པས་ནམ་ཡང་ཕ་མའི་ཁས་ལེན་དང་བསྟོད་བསྔགས་ལ་རེ་བ་བྱས་ཡོད་པས། དུས་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གི་ཁྲོད་དུ་ཕ་མས་སྐུལ་ལྕག་རང་བཞིན་གྱི་བསྟོད་བསྔགས་བྱ་དགོས་ཤིང་། ་དེ་ལྟར་བྱས་ན་བྱིས་པ་གསར་བྱུང་གི་བྱ་དངོས་གང་རུང་གི་གི་མདུན་སར་ཚོད་བལྟ་དང་ཞིབ་འཇུག་བྱེད་པའི་སྙིང་སྟོབས་ཡོད་པས་ཡུན་གྱི་རང་ལ་ཡིད་ཆེས་ཡོད་པར་འགྱུར་འགྲོ་བ་ཡིན།

QQ截图20180426094046.png

[ ༤ ] གལ་ཏེ་བྱིས་པས་རང་བབས་ཀྱི་བྱ་བ་བསྒྲུབས་པའོ་གོ་རིམ་ཁྲོད་རྒྱུན་འཁྱོངས་བྱེད་པའི་སྙིང་སྟོབས་མེད་ཚེ། ་དེ་ནི་་ཆུང་དུས་སུ་མི་ཚོགས་མདུན་སར་ཕ་མའི་གཤེ་གཤེ་མྱངས་མྱོང་།

བྱིས་པའི་སེམས་ཁམས་དང་རང་བཀུར་གྱི་ཚད་ནི་ཧ་ཅང་ཕྲ་བས། ཤ་ཉེ་དང་གྲོགས་པོའི་མདུན་སར་ཡིན་ཡང་བྱིས་པར་སྐྱོན་བརྗོན་དང་གཤེ་གཤེ་གཏོང་མི་རུང་། དེ་ལྟར་བྱས་ན་ཁོར་ཡུག་གི་མི་སོགས་ལ་ངོ་ཚ་བའམ་ང་ཚ་དེར་སྐྲག་སྣང་གི་སེམས་ཀྱིས་བྱིས་པར་གསུབ་ཐབས་མེད་པའི་གནོད་སྐྱོན་ཚབས་ཆེན་ཐེབས་འགྲོ།

QQ截图20180426094335.png

[ ༥ ] གལ་ཏེ་བྱིས་པར་ཅུང་བག་འཁུམ་གྱི་རྣམ་པ་མངོན་ཚེ། དེ་ནི་ཕ་མས་ཚད་བརྒལ་གྱི་རོགས་སྐྱོར་མང་དྲགས་པས་ཡིན།

བྱིས་པའི་གནད་དོན་ཆེ་མ་ཆུང་གསུམ་ཡོད་ཚད་ལ་རོགས་བྱེད་མི་རུང་བ་སྟེ། གལ་ཏེ་ཕ་མས་བྱིས་པར་འཕྲད་པའི་གནད་དོན་ཡོད་ཚད་ལ་རོགས་རམ་བྱས་ཏེ་ཐག་གཅོད་བྱས་ཚེ། ་བྱིས་པའི་རང་སྟེང་གི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དེ་ཉམས་འགྲོ་བའམ་མེད་པར་གྱུར་འགྲོ་བས་རྗེས་ཕྱོགས་ཀྱི་ཀྱག་ཀྱོག་གི་མི་ཚེ་རིང་མོའི་འགྲོ་ལམ་ཁྲོད་དཀའ་ཁག་ལ་འཕྲད་སྲིད།

QQ截图20180426094056.png

[ ༦ ] གལ་ཏེ་བྱིས་པས་ཕ་མས་མཁོ་འདོན་བྱས་པའི་དངོས་པོ་དེ་བླངས་མེད་ཚེ། ཕ་མས་བྱིས་པར་གདམས་གསེས་ཀྱི་གོ་སྐབས་བྱིན་མེད་པར་ལན་པ་ཡིན།

ང་ཚོས་ནམ་རྒྱུན་རང་སྣང་སྒོས་བྱིས་པར་འདེམས་ཉོ་བྱེད་པ་ལས་བྱིས་པའི་དོན་དངོས་ཀྱི་གདམས་ག་ལ་མཐོང་ཆེན་མི་བྱེད་པར་ཁོ་ཚོའི་གདམས་གསེས་ཀྱི་རང་དབང་དེ་ཁོ་ཚོར་སྤྱོད་དུ་མི་འཇུག དེ་བས་སྤྱིར་བཏང་དུ་བྱིས་པར་འོས་ཚམ་གྱི་རང་དབང་གི་བར་སྟོང་ཞིག་བྱིན་ན། བྱིེས་པའི་སྒེར་ཚུགས་དང་ཡིད་ཆེས་ཀྱི་ནུས་པ་ཇེ་མཐོར་འགྲོ་སྲིད་དོ།

QQ截图20180426094105.png

[ ༧ ] བྱིས་པར་ཕྲག་དོག་གི་བསམ་པ་ཐལ་དྲགས་པ་ཡིན་ན།  དེ་ནི་ཕ་མས་ནམ་ཡང་རང་དང་གཞན་གྱི་བྱིས་པའི་བར་ཁྱད་བསྡུར་རྒྱུ་མང་དྲགས་པར་ལན་པ་ཡིན།

མཛུབ་མོ་ལྔ་བོར་རིང་ཐུང་ཡོད་པ་ནང་བཞིན། མི་རེ་རེར་རང་སྟེང་གི་ཁྱད་ཆོས་ཡོད་པས། ཁྱིམ་བདག་གིས་ནམ་ཡང་རང་གི་བྱིས་པའི་ཞན་ཆ་དེ་གཞན་གྱི་བཟང་ཆ་བསྡུར་རྒྱུ་མང་ན་། ་བྱིས་པའི་སེམས་ཁམས་ཐད་དུ་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སྲིད་པས། ཕ་མས་དུས་རྒྱུན་དུ་སྐུལ་མ་མང་དུ་བཏང་སྟེ་ཉིན་རེ་ར་ཡར་ཐོན་བྱུང་ཏུ་འཇུག་པར་འབད་དེ་སྔོན་དང་ད་ལྟའི་བར་ཁྱད་བསྡུར་དགོས།

QQ截图20180426094115.png

[ ༨ ] གལ་ཏེ་བྱིས་པ་ཁོང་ཁྲོ་བསླངས་སླ་བ་ཡིན་ན། ་དེ་ནི་ཕ་མས་བྱིས་པར་བསྔགས་བརྗོད་བྱས་པ་མ་འདང་པས་རེད།

བྱིས་པ་ལ་ལས་རང་གཤིས་ཀྱིས་ཁྱོད་རང་ཧ་ལས་པར་འཇུག་སྲིད། དེ་བས་ཕ་མས་བྱིས་པ་དེ་འདྲ་ཞིག་ཏུ་མི་འབྱུང་བའི་ཆེད་དུ།དུས་རྒྱུན་གྱི་འཚོ་བའི་ཁྲོད་འོས་འཚམས་ཀྱི་བསྟོད་པ་དང་སྐུལ་མ་བཏང་སྟེ་བྱིས་པའི་རང་སྣང་དེ་སྤྲོ་རུ་འཇུག་དགོས།

QQ截图20180426094123.png


[ ༩ ] གལ་ཏེ་བྱིས་པས་མི་གཞན་གྱི་བསམ་བློའི་མྱོང་ཚོར་ལ་བརྩི་བཀུར་མི་བྱེད་ཚེ། དེ་ནི་ཕ་མས་དུས་རྒྱུན་བྱིས་པར་བཀའ་འབེབས་པ་ལས་གྲོས་བསྡུར་མེད་སོང་བ་ཡིན།

ཕ་མས་རྒྱུན་དུ་བྱིས་པར་བཀའ་འབེབ་མང་ཚེ། བྱིས་་པ་དང་ཁྱིམ་བདག་བར་དུ་བར་ཐག་འབྱུང་སླ་བས། ་བྱིས་པའི་སེམས་སུ་ཕ་མས་རངཉིད་ཀྱི་སེམས་ཁམས་མི་རྟོགས་པར་འདོད་དེ། ཁྱིམ་ཚང་གི་བཟའ་མི་བར་གྱི་བརྩེ་དུངས་ལ་ཤན་ཤུགས་ཐེབསའགྲོ། དེ་བཞིན་དུ་བྱིས་པས་ཀྱང་ཕ་མས་རང་ལ་བཀོལ་བའི་ཐབས་ལམ་དེ་གནད་དུ་བཟུང་སྟེ་རང་ཉིད་གཙོར་བཟུང་བ་ལས་མི་གཞན་གྱི་ཚོར་སྣང་ལ་བསམ་བློ་མི་གཏོང་བ་ཞིག་ཏུ་འགྱུར་འགྲོ་བ་ཡིན།

QQ截图20180426094131.png

[ ༡༠ ] བྱིས་པ་གུས་ཞབས་ལྡན་པ་ཞིག་མིན་ཚེ། དེ་ནི་ཕ་མ་དང་ཉེ་འགྲམ་གྱི་མིའི་བྱ་སྤྱོད་ལས་སྦྱངས་པ་ཡིན།

ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་དེ་ཡིན་པས། ཆུང་དུས་སུ་བྱིས་པ་མང་ཆེ་བས་མི་དར་མར་ལད་མོ་བྱེད་པ་ཡིན། ་དེ་བས་ཕ་མས་འགྲོ་འདུག་སྤྱོད་གསུམ་དང་བཤད་ཚུལ་གཏམ་ཚུལ་སོགས་ཀྱིས་བྱིས་པར་ཐད་ཀར་ཤན་ཤུགས་ཡོད་པས། ཕ་མས་རང་གི་བྱིས་པ་ཇི་འདྲ་ཞིག་ཏུ་འཚར་ལོངས་བྱུང་འདོད་པ། ཕ་མ་རངནསྟེང་ནས་ལེགས་པོར་མཉམ་འཇོག་དགོས་པའོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།