སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་སློབ་གཙོ་ལ་འབྲེལ་བ་དམ་པོ་ཡོད།

46.9K

སློབ་གསོ་བ་ཞིག་གི་སྐད་ཆ་ལས། སློབ་གཙོ་ཅི་འདྲ་ཞིག་ཡིན་ཚེ།སློབ་གྲྭ་དེ་འདྲ་བ་ཞིག་ཡིན་།༽ཞེས་གསུངས་པའི་གནས་ལུགས་དེ་ངོ་མ་ཅི་མ་ལྡན་སྙམ།སློབ་གཙོ་ནི་མ་གཞི་ནས་སློབ་གྲྭ་དོ་དམ་གྱི་སྣེ་ཁྲིད་མཁན་ཡིན། དེའི་དམིགས་ཡུལ་གཙོ་བོ་མཐར་གཏུག་ནས་བཤད་ན་དགེ་སློབ་ཀྱི་སློབ་གསོའི་འཕེལ་རྒྱས་དེ་ཡིན་པ་སྙོམ་དུ་མེད་པ་སུས་ཀྱ་བློ་ན་ཁྲིག་ཁྲིག་ཡིན་ལགས།དེ་ན་སློབ་གྲྭ་དེ་རྣལ་མ་ཞིག་ཏུ་གཏོང་མིན་སློབ་གཙོ་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད།དེའི་ཐད་ལ་བསམ་གཞིག་ནན་མོ་གཏོང་དགོས། རྒྱུ་མཚན་སྟབས་བདེའི་སྒོ་ནས་བཤད་ན་བྱིས་པ་དེའི་མི་ཚེས་རིན་ཐང་དེ་ཡིན། དེ་ན་སློབ་གཙོས་བློ་གཅིག་སེམས་གཅིག་གིས་སློབ་གྲྭ་འཕེལ་རྒྱས་གཏོང་པའི་ཐད་ནས་ཕྱོགས་གང་དག་ནས་སློབ་གྲྭ་དོ་དམ་བྱེད་པར་ངེས་ཤེས་ཟབ་མོ་དགོས་པའི་ཐད་ནས་ཅུང་ཙམ་གླེང་ན།j5oཀྲུང་གོ་བོད་ཀྱི་དྲ་བ།

(1)འཕེལ་རྒྱས་གཏོང་པའི་ངེས་ཤེས་ཟབ་མོ་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་མོ་ཡོད་དགོས་པ།འཕེལ་རྒྱས་ཀྱི་ངོ་བོ་ནི་གཙོ་བོ་ཚན་རིག་འཕེལ་རྒྱས་དང་འཆམ་མཐུན་གྱི་སློབ་གསོ་སྤེལ་པ་སོགས་ཡིན་ལ། དེའི་དགོས་མཁོ་སྐོང་བར་དང་ཐོག་ནས་སློབ་གཙོ་རང་ཉིད་ལ་སློབ་གསོ་ཐབས་ལམ་ཡག་པོ་དང་བསམ་བློ་གཙང་མ་ཡོད་དགོས་པ་ནི་སློབ་གསོ་སྤེལ་པའི་རྨང་རྡོ་ལྟ་བུའི་ཡིན་། བསམ་བློ་དེའི་རྨང་གཞིའི་སྟེང་ནས་སློབ་གསོ་སྒྲུབ་པའི་འཆར་གཞི་དང་དམིགས་ཡུལ་ནི་ཆེས་གཙོ་བོ་ཡིན།དེ་ནས་རིམ་བཞིན་དགེ་སློབ་ཀྱི་ཡོད་ཚད་ནས་ཡོད་ཚད་རིམ་གྱི་འཕེལ་རྒྱས་གཏོང་དགོས། སློབ་གཙོས་དགེ་སློབ་རང་རང་སོ་སོའི་གར་སྟེགས་ལ་སྐུལ་མ་དང་གདེངས་འཇོག་ཚད་མཐོ་བྱས་ནས་རང་སོ་སོའི་ལེགས་པའི་ཆ་ལ་བསྔག་བརྗོད་ཀྱི་མེ་ཏོག་གཏོར་ནས་དགེ་སློབ་རང་གི་མཛེས་སྡུག་དེ་ཉམས་སུ་མྱོང་པ་བྱས་ནས་མདུན་སྐྱོད་ཀྱི་ལམ་ལ་རེ་བཞག་གི་འོད་ཟེར་བགྱིན་དགོས། དེ་ནི་དགེ་སློབ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྲོ་སྣང་སྣུམ་པོ་དེ་ཡིན།j5oཀྲུང་གོ་བོད་ཀྱི་དྲ་བ།

(2)  ཁྲིམས་ལུགས་ཐད་ནས་ངེས་ཤེས་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

མ་གཞི་ནས་རྒྱལ་ཁབ་ཁྲིམས་ཀྱིས་བསྐྱངས་པ་སུས་ཀྱང་ཤེས་གསལ་ལྟར། རྒྱལ་ཁབ་ཀྱི་ཁྲིམས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་མང་སྟེ། ཁྲིམས་ཀྱི་མདུན་ནས་ཚང་མ་འདྲ་མཉམ་ཡིན་པ་ཀུན་ཀྱིས་ཤེས་གསལ་བཞིན་སློབ་གྲྭ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་དུ་(教育法)ཅི་ལྟར་བཤད་ཡོད་པ་སོགས་ཁྱབ་བསྒྲགས་དང་ལག་ལེན་དུ་ཕབ་དགོས། སློབ་གཙོས་དགེ་སློབ་ཡོངས་ལ་ཁྲིམས་ལུགས་ལྟར་སློབ་གསོ་འཕེལ་རྒྱས་གཏོང་བར་ནུས་པ་གང་ཡོད་དོན་ནས་སློབ་གསོ་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

(3) བ་གསོའི་རྒྱུ་སྤུས་ཐད་ནས་ངེས་ཤེས་ཟབ་མོ་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

རང་སྒེར་གྱི་ཁེ་ལས་ལ་ཆ་མཚོན་ནས་བཤད་ནའང་ཐོན་རྫས་ཀྱི་རྒྱུ་སྤུས་ནི་བཟོ་གྲྭ་དེ་ཆགས་འཇིག་ལ་འབྲེལ་བ་དམ་པོ་ཡོད་པ་བཞིན། སློབ་གསོའི་རྒྱུ་སྤུས་ནི་སློབ་གྲྭ་འཕེལ་རྒྱས་དང་ཆགས་འཇིག་གི་སྒུལ་ཤུགས་གཙོ་བོ་ཡིན། དེ་ན་སློབ་གཙོ་ནི་སློབ་གྲྭ་འཕེལ་རྒྱས་ཀྱི་གཏོང་མཁན་གྱི་སྣེ་འཁྲིད་མཁན་དང་དོ་དམ་མཁན་ཡིན་པས། དགེ་རྒན་གྱི་དཔུང་སྡེ་ལ་སྣེ་ཁྲིད་དེ་མི་གཤིས་ལ་ཤུགས་སྣོན་དང་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་ཤུགས་སྣོན་རྒྱབ་ཏེ་མི་དམངས་མང་ཚོགས་ཡིད་འགེངས་པར་(办好人民满意教育)བྱེད་པའི་སློབ་གསོ་སྒྲུབ་ན་སློབ་གྲྭ་དེའི་འཕེལ་རྒྱས་དང་ཆགས་འཇིག་ལ་ཁག་ཐེག་བྱས་པ་ཡིན། སློབ་གཙོས་རང་ཉིད་ཀྱི་དྲང་ཕྱོགས་ཀྱི་ཁེ་དབང་བེད་སྤྱད་ནས་ཁྱིམ་བདག་དང་དགེ་རྒན། སློབ་མ་བཅས་ལ་རྒྱུ་སྤུས་ཐད་ནས་སློབ་གསོ་དང་སྐུལ་མ་གང་ལེགས་བྱས་ནས་སློབ་གསོ་འཕེལ་རྒྱས་ལ་རང་ནུས་འདོད་སྤྲོ་བྱེད་དགོས་པ་དང་། ད་དུང་ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ །སྤྱི་ཚོགས་སློབ་གསོ་བཅས་གཞི་གཅིག་ཏུ་བསྒྲེལ་ནས་སློབ་གསོ་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་པའི་འགན་ཁུར་དེ་ཁ་ཚ་དགོས་གཏུགས་ལགས། དགེ་སློབ་ཡོངས་ལ་སློབ་གསོ་འཕེལ་རྒྱས་དང་སློབ་གསོ་ལ་དགའ་པའི་ཀུན་སློང་བསྐྱེད་བསྲིང་བྱས་ནས་སློབ་གསོའི་རྒྱུ་སྤུས་འཕེལ་རྒྱས་གཏོང་པར་ཀུན་སློང་རྣམ་དག་ཞིག་ཡོད་དགོས་སོ།j5oཀྲུང་གོ་བོད་ཀྱི་དྲ་བ།

(4) རང་ཉིད་ཀྱིས་སློབ་སྦྱོང་བྱེད་པའི་ཀུན་སློང་ཡོད་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

སློབ་གཙོ་ནི་དང་ཐོག་ནས་སློབ་གསོའི་འགོ་ཁྲིད་མཁན་ཡིན་པ་མ་ཟད། སྲིད་གཞུང་གི་སྣེ་འཁྲིད་མཁན་ཡང་ཡིན། རྒྱུ་མཚན་དེའི་དབང་གིས་དུས་རབས་ཀྱི་རྣམ་པ་གསར་པའི་སློབ་གསོ་དང་། ཀུན་སྤྱོད་སློབ་གསོ་བཅས་ལ་སློབ་སྦྱོང་བྱས་ནས་དུས་རབས་ལ་མཚམས་པའི་སློབ་གསོའི་རྗེས་འཛིན་པར་"ཅི་ཞིག་སློབ་པ"་དང"ཅིས་ཕྱིར་སློབ་པ་"དང་"ཅི་ལྟར་སློབ་པ་"བཅས་ལ་སློབ་སྦྱོང་བྱས་ནས་སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་གསར་པར་བགྱུད་སྤྲོད་བྱེད་པ་མ་ཟད། སྣེ་ཁྲིད་དང་མཛུབ་སྟོན་བྱས་ནས་སློབ་གསོ་ལ་དགའ་པའི་སེམས་པའི་ཀུན་སློང་བསྐྱེད་བསྲིང་བྱེད་དགོས་སོ།j5oཀྲུང་གོ་བོད་ཀྱི་དྲ་བ།

(5 )གཞན་ཕན་དང་ལས་འབྲས་ཐད་ལ་ལྟ་ཚུལ་ཟབ་མོ་ཡོད་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་ན་སློབ་གསོ་བསྒྲུབ་པ་ནི་རླབས་ཆེནགྱི་བྱ་བཞག་ཞིག་ཡིན་པ་སུས་ཀྱང་ཁས་ལེན་པ་ཡིན། ལྷག་པར་དུ་རང་རེའི་བོད་མི་རིགས་ལ་ཆ་མཚོན་ནས་བཤད་ན། དེ་བས་ཀྱང་གཙིག་ཆེན་རེད་ལགས། རྒྱུ་མཚན་ནི་བོད་མི་རིགས་ནི་གནའ་ནས་ད་བར་དུ་"ལས་རྒྱུ་འབྲས་དང་ཚེ་འདི་ཕྱི"བཅས་བརྩི་མཐོ་བྱེད་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་འཛམ་གླིང་སྟེང་ནས་ཁས་ལེན་པ་དང་།  གཞན་ཡང་ནང་ཆོས་སུ"སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གང་ཡིན་ད་ལྟའི་ལས་ལ་བལྟ་”ཞེས་གསུངས་པ་བཞིན་མི་རིགས་སློབ་གསོ་བསྒྲུབ་པར་རང་རེའི་མི་རིགས་ཀྱི་རླབས་ཆེན་གྱི་སློབ་གསོ་སྒྲུབ་ཐབས་དང་མི་ཆོས་གཙོ་བོར་འཛིན་པའི་ནང་ཆོས་ཀྱི་བསམ་བློའི་ཡང་སྙིང་གསོན་པོ་དེ་བེད་སྤྱོད་གང་ལེགས་བྱེད་པ་མ་ཟད།ཚན་རིག་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཀུན་སྤྱོད་དེ་ཟུང་དུ་སྦྲེལ་ནས་སློབ་གསོའི་བའི་རང་གཤིས་དེ་བཅས་ཀྱང་ཡོད་པའི་ཐད་ནས་དགེ་སློབ་ཡོངས་ལ་སློབ་གསོ་བཏང་ནས་སློབ་ཁྲིད་དང་སློབ་གསོ་སྤེལ་པར་དགའ་པའི་བསམ་པའི་དཔལ་ཡོན་འཕེལ་རྒྱས་གཏོང་པར་རང་ནུས་ཅི་ལྕོག་འདོན་དགོས་སོ།j5oཀྲུང་གོ་བོད་ཀྱི་དྲ་བ།

(6 ) རང་གཞན་གཉིས་ཀྱི་མི་ཚེ་རིན་ཐང་ལ་ངེས་ཤེས་ལྡན་དགོས།j5oཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་མི་ཚེ་རིན་ཐང་ལྡན་པ་ཞིག་བྱེད་རྒྱུ་ནི་མི་ཞིག་གི་མི་ཚེ་ཧྲིལ་བོའི་ཁྲོད་དུ་ཆེས་གལ་ཆེ་བའི་དོན་དག་གམ། ཆེས་རླབས་ཆེ་བའི་ལས་ཀ་ཅིག་རེད་ཅེས་བརྗོད་ཆོག་ཆོག་ཡིན། དེ་ན་ང་ཚོའི་སློབ་གསོའི་གར་སྟེགས་ན་དགེ་རྒན་གྱི་ལས་ཀ་གཉེར་བའི་དགེ་རྒན་ལ་ཆ་མཚོན་ནས་བཤད་ན། སློབ་མ་དེ་དག་གི་མི་ཚེ་རིན་ཐང་གི་ལམ་སྣེ་སྟོན་མཁན་ནམ་ལམ་སྣེ་འཁྲིད་མཁན་དེ་ཡིན་པ་སྙོམ་དུ་མེད་པ་སྤྱི་ཚོགས་དང་། ཁྱིམ་བདག སློབ་མ་བཅས་ཀྱི་ང་ཚོ་ལ་སྤྲད་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ཏུ་རློམས་ནས་དེ་ལ་ཐུགས་ཁུར་དང་ལག་ལེན་དུ་མཐའ་མཁྱོངས་པ་ཞིག་བྱེད་པ་ང་ཚོའི་འཁྲེག་ཏུ་བབས་པའི་འོས་འགན་ཡིན་པར་ངེས་ཤེས་ཟབ་མོ་དང་བསམ་བློ་ཡག་པོ་བཏང་ནས་སློབ་སྦྱོང་བྱེད་པའི་སློབ་མ་དེ་དག་གི་མི་ཚེ་རིན་ཐང་ལ་ཁག་ཐེག་བྱེད་པའི་འོས་འགན་ལ་མཐོ་ཆེན་བྱེད་དགོས་སོ།  །j5oཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།