བོད་པ་རྩམ་ཟན་ཕྲེང་འཛིན་ཅན།

384088382013153471.jpg  

བོད་པ་རྩམ་ཟན་ཕྲེང་བཟུང་ཅན་ཞེས་ན་ང་ཚོའི་བློ་ངོར་རོ་སྟོད་གཅེར་བུར་བུད་ཅིང་སློག་པ་མཐུག་པོའི་ནང་ནས་གནག་ཅིང་སྣུམ་པའི་སྒལ་ཚིགས་མངོན་པའི་གནའ་མི་སྨུག་པོ་ཞིག་དྲན་སྲིད་ཀྱི་རེད། འོན་ཀྱང་གནའ་མི་དེ་དག་གིས་གསར་བཏོད་དང་ཐོན་སྐྱེད་བྱས་པའི་ཅ་ལག་མང་པོ་ཞིག་བློ་ཡུལ་ནས་བོར་ཞིང་། གནའ་མི་དེ་དག་གིས་སྤྱད་མྱོང་བའི་ཁ་ཟས་འཚོ་བཅུད་ཅན་ཚོ་བརྗེད་དག་མཁན་སུ་རེད། དུས་འདིར་རྩམ་ཟན་ཞེས་ན་གྲོང་ཁྱེར་དང་དེང་རབས་པའི་ཁྱད་ཆོས་དང་འགལ་བར་སྙམ་ཞིང་། སྤྱི་ཚོགས་འདིའི་ཁྲོད་ཀྱི་རྫས་བསླད་ཟས་རིགས་དག་ངོམ་ངོམ་བྱེད་མཁན་ཡང་སུ་རེད། དེས་ན་འདི་ནས་བོད་ཀྱི་འཚོ་བའི་ཉེར་མཁོ་འམ་ཁ་ཟས་བཟོ་བྱེད་མཆིག་གི་སྐོར་ནས་ངོ་སྤྲོད་ཅིག་བྱེད།

337495553664850736.jpg

མཆིག་ནི་བོད་ཀྱི་སྤྱི་ཚོགས་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་ བའི་ཁྲོད་བྱུང་སྔ་བའི་ལག་ཆ་ཞིག་ཡིན་མོད། འོན་ཀྱང་ལུང་བ་རེ་ལ་ཆུ་རེ་དང་། ས་ཆ་རེ་ལ་དཔེ་རེ་ཞེས་པ་ལྟར་བོད་རང་གི་མཆིག་ལ་གཞན་དང་མ་བསྟུན་པའི་ཁྱད་ཆོས་རེ་ལྡན་པ་རེད།

574477620395247577.jpg

མཆིག་ལ་ལག་སྐོར་དང་ཆུ་ཤུགས་ཀྱི་བསྐོར་བའི་ཆུ་མཆིག་སྟེ་རིགས་གཉིས་ཡོད་པ་དང་། དེ་ནི་ཡ་མཆིག་དང་མ་མཆིག་ཞེས་རྡོ་ལེབ་གཉིས་ཀྱིས་གྲུབ་པ་རེད། དེར་ཡང་མཆིག་གི་གྲུབ་ཚུལ་ཐད་ནས་རྣམ་པ་མི་འདྲ་བ་གཉིས་ཡོད་པ་སྟེ།              

94398559410112147.jpg

གཅིག་ནི་ཡ་མཆིག་དང་མ་མཆིག་ལ་ཆེ་ཆུང་གི་ཁྱད་པར་ཡོད་པ་དང་། གཞན་པ་ནི་ཆེ་ཆུང་གི་ཁྱད་པར་མེད་པ་ཡིན། ཁྱད་པར་ཡོད་མེད་གང་ཡིན་ཡང་མཆིག་ལྟེ་ཞེས་ལྟེ་བ་ཞིག་དང་། མཆིག་ཡུ་དང་མཆིག་ཐག་ཞེས་ལག་པ་འཇུ་ས་ཞིག མཆིག་ཁུང་ཞེས་ཡོས་སོགས་འཐག་བྱ་བླགས་ས་ཞིག ཁོད་ར་ཞེས་ལག་བསྐོར་ཀྱི་གདན་དུ་འདིང་བྱའི་ཀོ་བ་ཞིག མཆིག་སྒྱེ་ཞེས་ཆུ་མཆིག་གི་ནང་དུ་ཡོས་སོགས་འཐག་བྱ་བླུགས་བྱེད་ཅིག སྤྱིར་བཏིང་མཆིག་བཀོལ་ནས་འབྲུ་རིགས་གྲོ་ནས་འཐག་པར་བྱ་ཞིང་།  དེ་ལས་གཞན་ཆུ་ར་དང་གྲོ་མ་སོགས་ཀྱང་འཐག་པ་ཡིན་ལ། དེ་དག་སོ་སོའི་རགས་ཞིབ་མི་འདྲ་བར་འཐག་བྱེད་ཀྱི་མཆིག་ཀྱང་[(རྩེ་མཆིག་རྟེན་མཆིག་)སྒྲ་གདངས་ལྟར་བཀོད།]ཞེས་སོ་སོར་ཡོད་པ་རེད། 

199038341113806654.jpg

འཐག་སྐབས་གྲོ་ཞིབ་ཕྱོགས་སོ་སོ་ནས་འཐོར་བ་(ཡ་མཆིག་མ་མཆིག་ཆེ་ཆུང་མེད་པ)ནི་འབྲོག་ཁུལ་དུ་དར་ཆེ་ལ། ཝ་ཁ་ནས་འཐོར་བ་ཅན་(ཡ་མཆིག་མ་མཆིག་ཆེ་ཆུང་ཅན)ནི་རོང་ཁུལ་དུ་དར་ཆེ། སྤྱི་ཚོགས་སྔོན་མའི་ནང་དུ་གཙོ་བོ་ལག་མཆིག་དར་ཁྱབ་ཆེ་ལ། དུད་ཚང་རེ་ལ་ལག་མཆིག་རེ་ཡོད་ཅིང་། རང་ཉིད་ཀྱི་ཁ་ཟས་ལྟ་བུ་འཐག་དགོས་པ་ན་བུད་མེད་རྣམས་ཀྱི་དུས་བསྟུན་ལྟར་གཞོང་བ་གང་རེ་བཏགས་རྗེས་རྩམ་པ་ཟ་བ་ཡིན་ལ། དེ་མ་ཡིན་པའི་རྒྱགས་དང་ཚོང་ལ་དགོས་པ་དག་སྡེབ་འཐག་དང་ཆུ་འཐག་བྱེད་པ་ཡིན། ཆུ་འཐག་ནི་སྔོན་མ་ནས་ཡོད་ཀྱང་དེ་ཙམ་དར་ཁྱབ་བྱུང་མེད་པ་ཡིན། གཞན་མཆིག་གི་སྐོར་གྱི་ཤེས་བྱ་མང་པོ་ཞིག་བསྡུ་མ་ཐུབ་པ་དག་སོ་སོའི་རྩད་གཅོད་རེ་བྱེད་རོགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།