དམངས་ཁྲོད་རྩོམ་རིག་འཚོལ་སྡུད་ཐད་ཀྱི་བསམ་ཚུལ་ཐོར་བུ།

1476158878998351.jpgEQ8ཀྲུང་གོ་བོད་ཀྱི་དྲ་བ།

ཁོའི་མིང་ལ་གཅན་ཚ་བཀྲ་བྷོ་དང་སྨྱུག་མིང་ལ་གཅན་ཉི་གཞོན་ཟེར་ཞིང་། སྤྱི་ལོ1962ལོར་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་གནམ་གོང་བ་སྡེ་བ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་སྟེ།སློབ་གྲྭ་ཆུང་འབྲིང་རིམ་གྱིས་མཐར་ཐོན།1982ལོའི་ཟླ་བདུན་པ་ནས1987ལོའི་ཟླ་བདུན་པའི་བར་དུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་འགན་ཁུར།1987ལོ་ནས་1991ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་གཉེར་བྱས།སློབ་ཆེན་མཐར་ཕྱིན་པའི་ལོ་དེ་ནས་ད་རག་བར་དུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་གྱི་འགན་ཁུར་ལ།སྔ་གཞུག་ཏུ་པེ་ཅིན་དགེ་ཐོན་སློབ་ཆེན་དང་།ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པར་སློབ་གཉེར་བྱས་ཤིང་སྦྱངས་འབྲས་ཀྱང་མི་དམན་པ་བླངས།ད་ལྟ་སློབ་གྲྭ་དེ་གའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རིག་པའི་ཞིབ་འཇུག་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ།  སློབ་ཁྲིད་གཙོ་བོ་དང་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པ་ཡིན།  ལོ་ངོ་ཉི་ཤུ་ལྷག་གི་སློབ་ཁྲིད་ཀྱི་ཞོར་དུ་《བོད་ཀྱི་ཆོས་ལུགས་དམངས་སྲོལ་གྱི་སྣོད་བཅུད་བཏང་སྙོམས་ཐད་ཀྱི་བསམ་བློ》ཞེས་པ་དང་།  《བོད་བཙན་པོའི་སྐབས་ཀྱི་དམག་ཆས་དང་དེས་ཤན་ཤུགས་ཐེབས་པའི་ད་ལྟའི་དམངས་སྲོལ་སྣང་ཚུལ》ཞེས་པ་སོགས་དཔྱད་རྩོམ་ཞེ་གསུམ་དང་།《དམངས་སྲོལ་རིག་པའི་སྤྱི་དོན》ཞེས་པ་དང་《དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུག》ཅེས་པ་སོགས་བརྩམས་དེབ་ལྔ་འགྲེམ་སྤེལ་བྱས་ཤིང་། ཉེ་བའི་ལོ་དག་ལ་རང་ཉིད་ཀྱིས་མགོ་འཛིན་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ད་ལྟར་འགྲུབ་ལེར་ཡོད་ལ། ལས་གཞི་གཞན་གསུམ་ལ་རོགས་སྒྲུབ་བྱེད་རྒྱུ་ཡོད།གཞན་ལོ་འདི་གའི་རིང་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་།རླུང་འཕྲིན་ཁང་སོགས་ཀྱིས་རེ་བ་དང་གདན་ཞུ་ལྟར་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་འཆད་ཁྲིད་དང་དཔྱད་གླེང་ཐེངས25ཙམ་བྱས་མྱོང་ཞིང་།དེ་མ་ཟད།ལོ་འདི་འགའི་རིང་ལ་རིག་གཞུང་ཞིབ་འཇུག་ཐད་དང་སློབ་ཁྲིད་ཐད་ནས་ཞིང་ཆེན་རིམ་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཡང་གསུམ་ཙམ་ཐོབ་མྱོང་།EQ8ཀྲུང་གོ་བོད་ཀྱི་དྲ་བ།

EQ8ཀྲུང་གོ་བོད་ཀྱི་དྲ་བ།


༼  ནང་དོན་གཙོ་བཏུས ༽  དམངས་ཁྲོད་དུ་ཁྱབ་ཅིང་འཚོ་བ་ལ་འཐིམས་ནས་ཡོད་པའི་དམངས་རྩོམ་འཚོལ་སྡུད་བྱས་ན།ཡེ་དོན་གྱི་བཅུད་མི་ཉམས་དང་བྲོ་བ་མི་ཡལ་བའི་ཕྱིར།དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་གང་ཞིག་ཡིན་ཀྱང་མང་གིས་བསམ་སྟེ་འཕྲི་བ་དང་ཉུང་གིས་བསམ་སྟེ་སྣོན་མི་རུང་བར་ཅི་ཤོད་གང་ཡིན་ཇི་ལྟར་འབྲི་དགོས་ཤིང་རྩོམ་སྒྲིག་བྱེད་པའི་ཐབས་ལམ་བསྟན་ཡོད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

༼ གནད་འགག་མིང་བརྡ ༽  འཚོལ་སྡུད།དམངས་རྩོམ།གཏམ་རྒྱུད།རྩོམ་སྒྲིགEQ8ཀྲུང་གོ་བོད་ཀྱི་དྲ་བ།


དམངས་ཁྲོད་རྩོམ་རིག་འཚོལ་སྡུད་ཐད་ཀྱི་བསམ་ཚུལ་ཐོར་བུ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

གཅན་ཚ་བཀྲ་བྷོ།EQ8ཀྲུང་གོ་བོད་ཀྱི་དྲ་བ།


EQ8ཀྲུང་གོ་བོད་ཀྱི་དྲ་བ།

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་འགྲོས་ལྟར་བསམ་གཞིག་ཅིག་བྱས་ན།ང་ཚོའི་ལོ་ཆུང་བྱིས་པ་ཇི་འདྲ་མང་པོ་ཞིག་ལ་ཐེངས་དང་པོར་སྐྱིད་ལ་དགའ་བའི་འཚོ་བའི་བྲོ་བ་མྱངས་སུ་འཇུག་མཁན་དང་།རྩོམ་པ་པོ་ཇི་འདྲ་མང་པོ་ཞིག་ལ་གསར་གཏོད་ཀྱི་ལམ་བུ་སྟོན་པའི་སློབ་ཁྲིད་ཐེངས་དང་པོ་བྱེད་མཁན་ནི་དམངས་གླུ་དང་གཏམ་རྒྱུད་སོགས་དམངས་རྩོམ་ལས་མཛུབ་མོ་འཛུགས་ས་གཞན་ཞིག་མེད་ལ།གནའ་དེང་གི་ལོ་རྒྱུས་སྨྲ་བ་དང་།སློབ་གསོ་སྨྲ་བ།མི་རིགས་རིག་པ་སྨྲ་བ་ལ་སོགས་པའི་ཞིབ་འཇུག་པ་དང་ཆེད་མཁས་པ་མང་པོ་ཞིག་གི་རྨང་གཞི་འདིང་མཁན་དང་ཐོག་མའི་ཕྱོགས་་སྟོན་གྱི་མཁན་པོ་འང་དམངས་རྩོམ་གང་རུང་གི་ལུས་རྒྱན་སྲོག་གསུམ་གྱི་རྣམ་ཤེས་ལས་ལོགས་སུ་བཞག་ཏུ་མེད་པས་ན།མི་སུ་ཞིག་ཡིན་རུང་ཚང་མར་མང་ཉུང་གི་ཚད་གཞི་མི་འདྲ་བ་མ་གཏོགས་དམངས་རྩོམ་གྱི་ཕན་ནུས་རེ་ཐོན་མེད་པ་ཞིག་ཕལ་ཆེར་ཡོད་སྲིད་རྒྱུ་མ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོས་རིན་ཐང་ལྡན་པའི་ཤུལ་བཞག་གི་རིག་གནས་དེ་དག་སློབ་སྦྱོང་དང་བརྒྱུད་སྤེལ་བྱེད་དགོས་ན།ངེས་པར་དུ་འཚོལ་སྡུད་དང་པར་སྐྲུན་གྱི་བྱ་བ་དེ་ལེགས་པོ་ཞིག་འཁྱོངས་དགོས་ལ།དེ་ཡང་མཐར་གཏུགས་ན་དམངས་ཁྲོད་རྩོམ་རིག་ལ་ཡང་དག་པའི་ངོས་ཟིན་ཞིག་དང་།ཕྱོགས་ཡོངས་ནས་ཤེས་རྟོགས་ཤིག་ཡོད་མེད་ལ་རག་ལས་པས་གཞན་ལ་ཁག་དཀྲིས་ས་དང་ལེ་བདའ་བྱེད་ས་ཞིག་མེད་པར་ཐམས་ཅད་རང་ཉིད་ཀྱི་ཁ་ལག་སྙིང་གསུམ་དུ་བབས་པའི་ལས་སུ་འདུག་པས།སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱིས་རང་རང་གི་འབྲེལ་ཡོད་ལས་གནས་ནས་རྒྱུ་ནོམ་པ་ཅན་གྱིས་ནོར་དང་།ཚེགས་བརྩོན་འགྲུས་ཅན་གྱིས་ཤུགས་ཕུད་པ་ཞེས་པའི་དཔེ་ལྟར་ནུས་པ་ཞིག་འདོན་རན་དུ་མཆིས།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ཡིན་ནའང་།འཚོལ་སྡུད་དང་པར་སྐྲུན་གྱི་ལག་ལེན་དངོས་ཀྱི་སྐབས་སུ་དམངས་རྩོམ་གྱི་རིགས་དང་།རིན་ཐང་གི་ཆ་ཤས་གང་ཞིག་ཡིན་ཀྱང་མི་ཚང་ཕྱོགས་རེས་དང་།མ་ཤེས་དོན་ལོག‍‍‍ མ་ཡིན་འཁྱོག་བརྗོད།རང་འདོད་བཟོ་བཅོས་ཀྱི་ལྷད་སྐྱོན་འདྲ་ཞུགས་སོང་ན།དེས་ཚན་རིག་གི་ལུང་ཁུངས་དང་།ཕྱི་རབས་པའི་འཚོ་བ་ལ་བདེན་སྣང་མེད་པར་བཟོ་སྲིད།དེར་ཉེན་གཡོལ་དང་།སྲུང་སྐྱོབ་སོགས་བྱས་ཏེ།ཕུན་སུམ་ཚོགས་པ་ཞིག་ཡོང་བར་རང་མཉམ་བློ་གསར་ལག་གསར་རྣམས་ལ་ཨེ་ཕན་གྱི་ཀུན་སློང་གཙང་མས་ཁ་བརྡ་ཚིག་འགའ་བཤད་རྒྱུ་ཡིན།EQ8ཀྲུང་གོ་བོད་ཀྱི་དྲ་བ།

 དང་པོ།  ཅི་ཞིག་འབྲི་བ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

མཁས་པའི་སྐད་ཆ་ཞིག་གཡར་ན“དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་གང་ཞིག་ཡིན་ཀྱང་མང་གིས་བསམ་སྟེ་འཕྲི་བ་དང་ཉུང་གིས་བསམ་སྟེ་སྣོན་མི་རུང་བར་ཅི་ཤོད་གང་ཡིན་ཇི་བཞིན་དུ་འབྲི་དགོས”ཞེས་པ་ལྟར་དམངས་རྩོམ་འཚོལ་སྡུད་པ་ཞིག་ལ་མཚོན་ན་ཐོག་མར་བྱ་བ་དེ་ལ་དགའ་བ་དང་དུངས་པ་ཡོད་པའི་རྨང་གཞིའི་སྟེང་།འཚོལ་སྡུད་ཀྱི་ལས་དེ་ནང་དོན་དང་རྣམ་པ།རིགས་དབྱེ།སྐད་ཆ་སོགས་ཀྱི་ཐད་ནས་བློ་ངོར་བདེ་མིན་དང་རིང་ཐུང་ག་འདྲ་ཡིན་རུང་ཉེ་རིང་ཆགས་སྡང་དང་འབྲལ་བའི་བསམ་བློ་ཡག་པོ་ཞིག་ཆགས་སུ་བཅུག་རྗེས་འཚོལ་སྡུད་བྱ་ཡུལ་གྱིས་བཤད་པའི་གཏམ་དང་བླངས་པའི་གླུ་སོགས་རེ་རེ་ནས་འབྲི་དགོས།དེ་ལྟར་འཚོལ་སྡུད་བྱས་པའི་རྒྱུ་ཆ་ཇི་འདྲའི་འཐུས་ཚང་ཡིན་ན་སྔོན་ཆད་བརྗོད་ཟིན་པ་དང་ད་ལྟ་བྲིས་དང་འབྲི་བཞིན་པའི་དམངས་རྩོམ་གྱི་བརྗོད་བྱ་དང་གོ་དོན་དཀྱེལ་ཡངས་པ་དང་།ཆ་ཚང་།ཚུགས་ཐུབ་ཏུ་གྲུབ་ངེས་ཤིང་།མང་ཚོགས་ཀྱི་བསམ་བློ་དང་གསར་གཏོད་ཀྱི་གྲུབ་འབྲས་དེ་འདྲའི་ཕུགས་གསལ་བ་དང་།འབུར་ཐོན་དུ་འཆར་འོང་བ་རེད།འདི་ནི་མཁས་པའི་གཏམ་དང་སྦྱར་བའི་གཏན་ཚིགས་ཤིག་ཡིན།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ཕྲན་གྱིས་གོང་གི་གཏན་ཚིགས་དེ་བཀོད་པའི་དམིགས་ཡུལ་ནི་འདི་ནས་སྣ་རིགས་གཅིག་པའམ་ཕྱོགས་རེས་པ་འཚོལ་སྡུད་བྱེད་མཁན་དག་ལ་ངན་བརྗོད་དང་དགག་ཚིག་བརྗོད་པ་མིན་པར་ཕྱོགས་རིས་མེད་པའི་དཔུང་ཁག་ཅིག་དང་།ལྟ་བ་ཆ་ཚང་འདོན་པའི་རིག་པའི་དཔའ་བོ་སྐོར་ཞིག་བྱུང་བའི་འབོད་པ་དང་དམངས་རྩོམ་གང་ཞིག་ཏུའང་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་།ཚན་རིག་ཞིབ་འཇུག་ལ་རིན་ཐང་དབེན་པའི་བརྩམས་ཆོས་ཤིག་བགྲང་དུ་མ་མཆིས་པའི་བསམ་པ་དང་ཚུལ་ལུགས་དེ་བསྟན་པ་ཡིན།དེ་མིན་འཚོལ་སྡུད་པ་ཁ་ཤས་ཀྱིས་ལག་ལེན་དངོས་ཀྱི་སྐབས་སུ་ཐོག་མར་རང་ཉིད་ཀྱི་འཚོལ་སྡུད་ནང་དོན་ལ་གདམ་གསེས་དང་གཏན་འཁེལ་བྱེད་ཅིང་།མང་ཉུང་དང་གོ་རིམ་ལ་རང་གིས་སྒྲོམ་གཞི་བཟོ་རྒྱུ་ཡོད་ཚོད་རེད།དེས་བརྗོད་བྱ་དང་རྗོད་བྱེད་ལ་ཚོད་འཛིན་དང་སྣ་མང་རིགས་བསྒྲེས་ཀྱི་ཐབས་ལམ་ལ་ཚད་བཀག་ཐེབས་སྲིད་པས།དམངས་རྩོམ་གྱི་སྒེར་གཤིས་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱི་རྩ་བའི་ཁྱད་ཆོས་དེ་ཁེགས་སུ་འཇུག་ངེས་ཏེ།དཔེར་ན།འཚོལ་སྡུད་པས།《སྲོག་ཆགས་གཏམ་རྒྱུད》ཁོ་ན་འཚོལ་སྡུད་བྱས་ན་དགོད་བྲོ་བ་དང་ངུ་བྲོ་བའི་ཆ་མང་ཞིང་སློབ་གསོའི་རིན་ཐང་ཡང་ལོས་ཡོད་ཀྱང་དེ་ལས་ལྡོག་སྟེ་ལོ་རྒྱུས་ཞིབ་འཇུག་སོགས་ལ་རྔོ་ཆེར་མི་ཐོགས་པ་ལྟ་བུ་དང་།《མི་སྣའི་ལྷ་སྒྲུང》དང《རང་བྱུང་ལྷ་སྒྲུང》རྐྱང་རྐྱང་འཚོལ་སྡུད་བྱས་ན་རང་བྱུང་ཁམས་ཀྱི་བྱུང་བ་དང་རྒྱལ་རབས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཆེ་ཡང་བྱིས་པའི་སློབ་གསོ་དང་ས་གནས་ཀྱི་ཡན་གར་བའི་ཁྱད་ཆོས་སོགས་ཐོན་པར་ཚད་བཀག་ཅུང་ཐེབས་སྲིད་པས།དམངས་ཁྲོད་རྩོམ་རིག་གི་ཐུན་མོང་རང་བཞིན་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་ཡལ་འགྲོ་བ་ལྟ་བུ་དང་།དེ་ལས་ཀྱང་ཚབས་ཆེ་བ་ནི་འཚོལ་སྡུད་བྱེད་ཡུལ་གྱི་ས་ཁུལ་ལའང་ཚད་བཀག་བྱས་ཟིན་པས་ཐོན་ཁུངས་བརླགས་པའམ་ཡང་ན།འཚོལ་སྡུད་པ་ལ་གྲུབ་འབྲས་མངོན་གསལ་ཞིག་འབྱུང་དཀའ་བ་ལྟ་བུ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེ་ལྟར་ཚད་བཀག་དང་གཏན་འཁེལ་བྱས་ཟིན་པའི་ནང་དོན་དེའི་རིགས་ཀྱིས་ཀྱང“བསམ་བློའི་རང་བཞིན”འཚོལ་བར་བསམ་རྒྱུ་ཡོད་མོད།ཕྲན་གྱིས་བསམ་ན་དེ་ནི་གཙོ་བོ་སྲོག་ཆགས་ཀྱི་བྱུང་བ་དང་ལྷ་ཡི་རྫུ་འཕྲུལ་ཙམ་པོ་ལས་སྐྱ་སེར་ཕོ་མོ་ཡི་འཚོ་བ་དང་།མཛའ་བཤེས་མཛའ་གྲོགས་ཀྱི་དགའ་བ།ཁྱིམ་མི་བཟའ་ཚང་གི་སྐྱིད་སྡུགརྒྱལ་བློན་འབངས་གསུམ་གྱི་ཐོབ་ཐང་།རྒན་བཀུར་ཆུང་བྱམས་ཀྱི་གོམས་སྲོལ་སོགས་སྤྱི་ཚོགས་རིག་པའི་ནང་སྙིང་གི་གཙོ་བོའི་ཆ་དག་གནད་དུ་འཁེལ་བ་ཞིག་བརྗོད་དཀའ་རུ་ཕྱིན་པས་“བསམ་བློ་རང་བཞིན”ཟེར་བའི་གཞི་དེ་ནི་དོག་ནས་དོག་ཏུ་སོང་ཡོད་པ་འདྲ།དེ་བས།ང་ཚོས་འཚོལ་སྡུད་བྱེད་པའི་སྐབས་སུ་གཟབ་ནན་དང་དོ་སྣང་བྱེད་དགོས་པ་ནི།ས་ཁུལ་དང་གྲོང་ཚོ་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་གཏམ་རྒྱུད་བཤད་རྒྱུར་དགའ་ཞིང་།བཤད་པའི་དུས་ན་སྐད་ཆ་དང་ཉམས་འགྱུར་གྱིས་ཕྱུག་པའི་མི་སྣའང“ས་ཆུའི་ཚོད་ཀྱི་རི་དྭགས”ཞེས་པའི་དཔེ་ལྟར་མི་ཞིག་སྟོན་རྒྱུ་མེད་མི་སྲིད།སྐབས་དེར་གནད་དོན་ཞིག་ཡོད་པ་ནི་འཚོལ་སྡུད་པ་དང་གཏམ་རྒྱུད་པ་གཉིས་ཀྱིས་ཕན་ཚུན་ཆ་རྒྱུས་གསལ་པོ་མེད་པར་བརྟེན།ཐོག་མར་གཏམ་རྒྱུད་པའི་ངག་ལྟར་འཚོལ་སྡུད་ཀྱི་ལས་ལ་ཐབས་ཀྱིས་ཞུགས་དགོས་ཤིང་།དེ་ནས་འཚོལ་སྡུད་པ་རང་ཉིད་ཀྱིས་ཀྱང་ཕར་བཤད་དེ་གཉིས་ཀ་གཏམ་རྒྱུད་ཀྱི་འཇིག་རྟེན་ནས་གཞི་གཅིག་འདྲེས་འགྱུར་དུ་མ་འབད་ན་གཉིས་ཀ་སོ་སོ་ཐ་དད་དུ་འགྲོ་སྲིད་ལ།ལྷག་པར་དུ་སྣ་ཚོགས་དང་རིགས་མང་རང་བཞིན་ཅན་གྱི་དམངས་རྩོམ་རིག་གནས་མོད་པོ་ཞིག་འཚོལ་སྡུད་བྱེད་མི་ཐུབ་པར་གཙོ་བོ་ཕྱོགས་རེ་གཉིས་དང་འགལ་འབྲེལ་མངོན་སུམ་ཚོར་ཐུབ་པའི་ཕྱོགས་དེར་གཞོལ་ངེས་ཏེ།དཔེར་ན།རི་བོང་བློ་ལྡན་དང་།“རྒྱལ་པོའི་གཏུམ་སྤྱོད་”“བཙུན་མོའི་སེར་སྣ་”བློན་པོའི་གཡོ་འཕྲུལ་“དཔའ་བོའི་གཟི་བརྗིད་”སོགས་ཀྱི་ནང་དོན་ཅན་དག་བཤད་སྲིད།རྒྱུ་མཚན་ནི་དམངས་ཁྲོད་ཀྱི་གཏམ་རྒྱུད་པ་དག་གིས་སེམས་རྒྱུད་གང་ནས་བརླམས་པ་མི་ཤེས་ཀྱང་ཁོ་ཚོའི་སེམས་ཁོངས་སུ་གོང་བརྗོད་ནང་དོན་ཅན་གྱི་གཏམ་རྒྱུད་དེ་དག་ནི་གཏམ་རྒྱུད་ཀྱི་ཡང་སྙིང་་ཡིན་པའི་སྤྱི་ཚོགས་ཀྱི་རིགས་ལམ་ལྟ་བུ་ཞིག་ཏུ་བརྩི་རྒྱུ་ཡོད་ལ།དེ་མིན་འབངས་མི་ཕལ་བའི་འཚོ་བ《ཨ་ཁུ་སྟོན་པའི་གཏམ་རྒྱུད》ལྟ་བུ་དང་།ལྷ་འདྲེ་གདོན་བགེགས་ཀྱི་གཏམ་རྒྱུད་《མ་སངས་ཀྱི་སྒྲུང》དང་།《རོ་ལངས་གསེར་སྒྲུབ་ཀྱི་སྒྲུང》ལྟ་བུ།སྲོག་ཆགས་ཀྱི་གཏམ་རྒྱུད《ཁྭ་ཏ་ནག་པོར་གྱུར་བ》དང་《གོང་མོ་དང་སྲེག་པ་ཕུག་རོན་གསུམ་གྱི་གཏམ་རྒྱུད》ལྟ་བུ་དང་།གཞན་ད་དུང་དུས་ཆེན་གྱི་བྱུང་བ་དང་རི་ཆུ་ལུང་གསུམ་གི་གཏམ་རྒྱུད་དག་ནི“ངོ་ཚ”་་ཞིག་དང་།“རྨོངས་དད”ཅིག་“བྱིས་བློ”ཞིག“ཡོད་སྲིད་པ”ཞིག་དང“ཡིན་ངེས་པ”ཞིག་གི་གྲས་སུ་བཞག་སྟེ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བའི་བློ་ཅུང་ཞན་པ་འདྲ་ཞིག་ཏུ་ཆགས་འདུག་པ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་དམངས་རྩོམ་གྱི་བསམ་བློ་རང་བཞིན་དང་།ནང་དོན་གྱི་གདམ་ག དྲང་ལྡོག་གི་འཇུག་སྒོ།སྐད་ཆ་ཡི་སྒྱུ་རྩལ།གསར་གཏོད་ཀྱི་སྙིང་སྟོབས།ཕན་གནོད་ཀྱི་འཐབ་རྩོད།ལེགས་ཉེས་ཀྱི་བླང་དོར།ལྷ་འདྲེའི་འཛེམ་འཛི་སོགས་ལ་དཔྱད་གཏམ་དང་སྡོམ་ཚིག་བཀོད་རྒྱུ་ནི་འཚོལ་སྡུད་པའི་བྱ་བ་མིན་པར་ཞིབ་འཇུག་པའི་ལས་ཀ་ཡིན་པས།འཚོལ་སྡུད་པ་རང་ནས་ཐོག་མར་ངེས་དགོས་པ་ནི་རང་གིས་རང་ལ་ཚོད་འཛིན་དང་འཆིང་སྡོམ་བྱས་ན་བསམ་བློ་གུ་དོག་པར་གྱུར་པ་ལགས་པས།འདིར་ཡང་བསྐྱར“དམ་པའི་ཆོས་ལ་བརྒྱ་ཚར”གྱི་ཚུལ་དུ་དམངས་རྩོམ་འཚོལ་སྡུད་ཀྱི་རྩ་དོན་རང་གླེང་བ་ཡིན།དམངས་ཁྲོད་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་གི་ནང་དུ་རྗེས་ལུས་དང་།ཀླ་ཀློ།ཨུ་ཚུགས་སོགས་དེང་གི་དུས་རབས་དང་མི་འཚམ་པ་དག་དངོས་ཤུགས་གང་རུང་ནས་བརྗོད་པ་ལས་ཤེསརབ་དང་།བློ་གྲོས།བརྩོན་འགྲུས།རྒྱུ་འབྲས་སོགས་རྐྱང་རྐྱང་བརྗོད་རྒྱུ་མེད་པས་ན་ད་གཟོད་མི་གཤིས་རབ་འབྲིང་ཐ་གསུམ་དང་འཚོ་བ་མངར་སྐྱུར་ཁ་གསུམ་སྦྲགས་མར་སྤྲོ་བ་དེ་དང་དེ་ལྟ་བུའི་རྩོམ་རིག་ལ་སྤྱི་ཚོགས་ཀྱི་མེ་ལོང་ཞེས་བཤད་དགོས་པ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ད་དུང་ང་ཚོས་སྐབས་འདི་ནས་ཤེས་དགོས་པའི་གནད་འགག་ཅིག་ཡོད་པ་ནི།དམངས་རྩོམ་འཚོལ་སྡུད་དང་དག་བསྒྲིགས་བྱེད་པའི་དུས་སུ་མང་ཚོགས་ཀྱི་སྐད་ཆའི་སྒྱུ་རྩལ་དང་།རིག་གནས་འཚོ་བ།བསམ་བློའི་འཁྱེར་སོ་སོགས་ལ་རྒྱུས་ལོན་ཡོད་པའི་སྒོ་ནས་སྒེར་གཤིས་སོར་འཇོག་བྱེད་དགོས་པ་མ་ཟད།སྤྱི་ཚོགས་དགོས་མཁོ་དང་།ལེགས་ཉེས་ཚད་གཞི།མཛེས་དཔྱོད་ལྟ་བ།རིན་ཐང་ལྟ་ཚུལ་།མི་ཚེ་ལྟ་ཚུལ་སོགས་ལའང་དངོས་བརྒྱུད་གང་རུང་གིས་རྒྱུས་ལོན་ལེགས་པོ་བྱས་ཏེ།འཚོལ་སྡུད་བྱས་ཟིན་པའི་རྒྱུ་ཆ་དང་ཐོ་གཏུག་ཅི་ཐུབ་སྒོས་ཆད་ལྷག་དང་ལྷད་སྐྱོན།མ་འདུ་བ་དང་མི་གསལ་བ་སོགས་མི་མངའ་བའི་ཐབས་ལ་འབད་པ་བྱེད་དགོས་སོ།།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེ་མིན་ཕྱོགས་རེ་བ་དང་།གློ་བུར་བའི་འཚོལ་སྡུད་ཀྱི་རྒྱུ་ཆ་དེས་ཚན་རིག་དང་མཐུན་པའི་གསེད་བཀྲོལ་ཞིག་དང་།གནད་དུ་ཐིངས་པའི་འཚོ་བ་་ཞིག་ཚུར་སྣང་བྱེད་རྒྱུ་ནི་དཀའ་མོ་ཞིག་ཡིན་རྒྱུ་རེད།  འོ་ན།གཞན་གྱིས་འཚོལ་སྡུད་དང་པར་སྐྲུན་བྱས་ཟིན་པའི་དམངས་རྩོམ་བརྩམས་ཆོས་ཀྱི་རིགས་དེ་དག་ཡང་བསྐྱར་འཚོལ་སྡུད་དང་དག་བསྒྲིགས་ཀྱི་དགོས་པ་ཨེ་ཡོད་ཟེར་ན།ཨར་ན﹝爱尔娜﹞གཙོས་ཕྱི་ནང་གི་མཁས་པ་མང་པོས་“གཏམ་རྒྱུད་གཅིག་ཡིན་ཡང་བཤད་མཁན་གྱི་མི་སྣ་རེ་རེ་ལ་བཤད་ཚུལ་མི་འདྲ་བ་རེ་དང་།བཤད་ཚུལ་མི་འདྲ་བ་རེ་རེ་ལ་རིན་ཐང་རེ་ཡོད་སྲིད་པས།གཏམ་རྒྱུད་གཅིག་ཐེངས་བཅུའམ།ཉི་ཤུ།ཐ་ན་ཐེངས་བརྒྱར་འཚོལ་སྡུད་དང་དག་བསྒྲིགས་བྱས་ཀྱང་རིན་ཐང་མི་འདྲ་བ་རེ་ཡོད“ཅེས་གསུངས་པ་ལྟར་གོ་བ་བླངས་ན།གོང་གི་དྲི་བ་དེས་ལན་ཐོབ་ཡོད་པ་མ་ཟད།ཐབས་ལམ་གསར་བ་དང་བསམ་གཞིག་གསར་བའི་སྒོ་གླེགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཕྱེ་ངེས་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ནྰ་སོགས་ཀྱི་ལུང་རིགས་ཀྱི་རྒྱབ་བརྟེན་ལ་མ་ཁེན་ན་།ང་ཚོས་འཚོལ་སྡུད་བྱེད་འདོད་པ་ནི་གཞན་གྱིས་མི་ཤེས་པ་དང་།གོ་མ་མྱོང་བ།འཚོལ་སྡུད་བྱས་མེད་པ་གཅིག་རྐྱང་ལ་ཧམ་ནག་གིས་མཐོང་ཐོས་མྱོང་གསུམ་མམ་ཁ་ཐོག་ལག་ཐོག་ཏུ་རྒྱུགས་ཆེ་བ་རྣམས་སྣང་མེད་དུ་བོར་ཏེ།རྨང་རྩིག་མི་བརྟན་པའི་རྟེན་འབྲེལ་ཞིག་དང་།མཐའ་འབྲས་སྟོངས་པའི་རིགས་ལམ་ཞིག་ཡིན་པས་ད་ནས་བསླབ་བྱ་བླངས་ཏེ་ཐག་གཅོད་བྱེད་དགོས་པའི་དོན་དག་ཅིག་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེས་ན།གནད་འཁེལ་གྱི་འཚོལ་སྡུད་ཐབས་ལམ་ནི་ཅི་ལྟ་བུ་ཞིག་ཡིན་དགོས་ཞེ་ན།གསར་རྙེད་ཀྱི་བརྩམས་ཆོས་འཚོལ་སྡུད་བྱེད་རྒྱུ་ནི་གལ་ལོས་ཆེ་ཡང་གཙོ་བོ་དང་མང་པོ་ནི་མཐོང་ཐོས་མྱོང་གསུམ་དང་།ཟིན་བཀོད་དག་བསྒྲིགས།འཆད་ཉན་སྤེལ་གསུམ་བྱས་དང་བྱེད་བཞིན་པའི་ཆ་དག་ཡིན་པས།དེར་སུན་སྣང་དང་བསྐྱར་ཟློས་ཀྱི་བློ་མི་འཛིན་པར་རེ་རེ་བཞིན་ཁྱད་ཆོས་དང་སྒེར་གཤིས་ཇི་ལྟར་ཡོད་པ་དེ་ལྟར་དུ་ཟིན་ཐོར་འགོད་རྒྱུ་ནི་གོང་དུ་འང་བཤད་ཟིན་ལྟར་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། རྒྱུ་མཚན་ནི་ཞིབ་འཇུག་གི་རིན་ཐང་ངམ་བརྩམས་ཆོས་ཀྱི་རིན་ཐང་ཟེར་བ་ནི་བརྩམས་ཆོས་རང་རྐྱང་རྐྱང་གི་སྟེང་དུ་མེད་པར་བརྩམས་ཆོས་ལ་དཔྱད་བརྗོད་དང་ནང་དོན་གྱི་འགྱུར་ཆ།འཕེལ་རྒྱས་ཀྱི་བརྒྱུད་རིམ་དག་གིས་དུས་དང་རྣམ་པ་ཀུན་ཏུ་འཚོལ་སྡུད་པ་དང་ཞིབ་འཇུག་པ་ལ་བརྩམས་ཆོས་ཀྱི་ནང་དོན་གཙོ་བོ་ལས་ལྷག་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་སྟེར་ནུས།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེ་བཞིན་དུ་བརྩམས་ཆོས་ཤིག་འཚོལ་སྡུད་དང་དག་བསྒྲིགས་ཐེངས་འགར་བགྱིས་པ་ལས་ད་གཟོད་བརྩམས་ཆོས་དེའི་འཕེལ་འགྱུར་གྱི་བརྒྱུད་རིམ་དང་འགྱུར་བཅོས་ཀྱི་རྒྱུ་རྐྱེན།དུས་རབས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་མཐོང་ཐུབ་པ་མ་ཟད།ཕན་ཚུན་གཤིབ་བསྡུར་ལས་དམངས་རྩོམ་གྱི་ས་ཁུལ་རང་བཞིན་དང་།བརྒྱུད་སྤེལ་རང་བཞིན།རྒྱ་སྐྱེད་རང་བཞིན།གཏན་འཇགས་རང་བཞིན།འགྱུར་ལྡོག་རང་བཞིན་སོགས་རྟོགས་ཐུབ་ལ།གཏམ་རྒྱུད་བཤད་མཁན་པ་དང་དམངས་གླུ་ལེན་མཁན་དག་གིས་དམངས་རྩོམ་བརྒྱུད་སྤེལ་དང་གསར་གཏོད་སྐབས་ཀྱི་རང་མཚན་དུ་གྲུབ་པའི་ནུས་པ་སོགས་ཀྱང་ཞོར་ནས་རྟོགས་ཐུབ་པ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། ཇི་ལྟར་འབྲི་བ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་ལེགས་པར་དང་།མཐུན་པར།དྲང་བོར་བསྒྲུབ་ན་སྤྱིའི་རྩ་དོན་དང་བྱེ་བྲག་གི་ལག་ལེན་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་མཇུག་འབྲས་གཡུར་དུ་ཟ་བའི་སྡོན་འགྲོའི་ཆ་རྐྱེན་རེད།འཚོལ་སྡུད་པ་ཞིག་ལ་མཚོན་ན་བརྩམས་ཆོས་ནང་གི་མིང་དང་ཚིག་གི་སྦྱོར་སྟངས་གསལ་མྱུར་གྱི་ཆ་དང་།བཀོལ་སྤྱོད་གནད་འཁེལ་གྱི་ཆ།བསྟན་དོན་ཧྲིལ་འདུའི་ཐད་ནས་ཡར་བ་འཛིན་པ་དང་བརླགས་པ་གསོ་བའི་གཏན་ཚིགས་སྤྱད་དེ་སྣོན་འཕྲི་གཏོངབ་ནི་མ་རིག་མ་ཤེས་ཤིང་རང་མཚང་རང་བརྟོལ་གྱི་གླེན་ཞད་ཆེ་བའི་ལས་ཀ་ཞིག་རེད།རྒྱུ་མཚན་ནི་ཁྱོད་ནི་གསར་རྩོམ་པ་མ་ཡིན་པར་འཚོལ་སྡུད་པ་ཞིག་ཡིན་པས་སོ།།འཚོལ་སྡུད་པ་ཞིག་ཡིན་ཕྱིར་ཆེད་ལས་ཤེས་བྱ་དེ་འདྲ་འཛོམས་པོ་ཞིག་མེད་ཀྱང་།གཞན་གྱི་ཉམས་མྱོང་བསླབ་བྱ་དང་ལེན་དང་།རང་གིས་རང་ལ་རེ་བ་ནན་མོ་འཛིན་རྒྱུ་ལས་གཞན་ད་དུང་གལ་ཆེན་པོ་ཞིག་ནི་འཚོལ་སྡུད་བྱ་ཡུལ་གྱི་མི་དང་རྩོམ་གདན﹙མ་རྩོམ﹚ལ་འགན་ཁུར་དང་བདེན་པ་བསྐྱངས་དགོས།དེ་ལྟ་ན།ད་གཟོད་ང་ཚོས་གཏམ་རྒྱུད་བཤད་མཁན་དང་དམངས་གླུ་ལེན་མཁན་གྱི་ཐུན་མིན་གྱི་ཁྱད་ཆོས་དང་།བརྩེ་དུངས་ཀྱི་ཕུགས་གཏད།དབྱངས་རྟའི་འདེགས་འཇོག་སོགས་མི་འཆོལ་མི་འཁྲུག་པར་ཇི་བཞིན་བཀོད་ཐུབ།དེ་ལས་ལྡོག་ན།དམར་ཧྲང་ཧྲང་གི་བརྗོད་དོན་རྐྱང་བ་དེ་ཟིན་ཐོར་འགོད་པ་ལས་རྩོམ་གདན་གྱི་སྤྱི་ཚོགས་རིན་ཐང་དང་སྒྱུ་རྩལ་རིན་ཐང་ལ་གསང་གཤེད་གཏོང་ངེས་རེད།དེ་བས་དམངས་རྩོམ་གྱི་ཐོག་མའི་རྣམ་ཤེས་དེ་མི་འཇིག་རང་འཇིག་དང་མི་ཉམས་རང་ཉམས་རེད།འབྲོག་སྡེ་དང་ཞིང་གྲོང་།བས་མཐའ་དང་གྲོང་གསེབ་སོགས་ས་ཁུལ་གང་ཞིག་ཡིན་རུང་།དེར་ཐོན་སྐྱེད་ནུས་པ་དང་ཐོན་སྐྱེད་བྱེད་སྟངས།ལོ་རྒྱུས་དོན་རྐྱེན་དང་འཕེལ་འགྱུར་སྣ་ཚོགས་ལ་བརྟེན།རིག་གནས་དང་།དཔལ་འབྱོར་།ཆབ་སྲིད།བསམ་བློ།ཆོས་ལུགས་སོགས་ཀྱི་ཐད་དུ་དབང་སྒྱུར་གྲལ་རིམ་གྱི་གཉའ་གནོན་དང་བཤུ་གཞོག་གི་བྱ་བྱེད་དང་བསམ་བློ།དེ་མིན་འགྱུར་མེད་བརྟན་འཇགས་ཀྱི་གདོད་མའི་ཁྱད་ཆོས་ཀྱི་རིགས་སྣ་ཚོགས་ཐད་ཐད་དུ་སྤུངས་པར་མཆིས་ཀྱང་།དེར་གཏུམ་དྲག་དང་།རྗེས་ལུས་ཀླ་ཀློ་ཟེར་ནས་སྲོག་རྒོལ་བླ་འཕྲོག་གི་བྱ་བ་ཅིས་ཀྱང་བྱེད་མི་རུང་བར་ཅི་ལྟ་ཇི་ལྟར་ཡིན་པ་འབྲི་དགོས།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དམངས་རྩོམ་རིག་གནས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན།མི་དྲི་ཆིལ་ཆིལ་འཐུལ་བའི་འཚོ་བ་དངོས་དེའི་ལོགས་སུ་དྲང་མོ་དྲང་གཞག་བྱེད་པ་ལས་མིག་ཡས་ཞ་ར་དང་།རྣ་ཡས་འོན་པ་བཅའ་པའི་རྣམ་ཐར་སྐྱོང་རྒྱུ་ནི་རྩ་བ་ནས་འདོར་སྐྱུངས་དགོས་པའི་ལས་ཀ་ངོ་མ་ཞིག་རེད།ལྡོག་ན་དངོས་མ་མ་ཡིན་པ་དང་།ཚེ་ཟད་ཚེ་ཉམས་ཀྱི་དམོད་ཚིག་ཤོད་འོང་།དེ་བས།ལག་ཏུ་སོན་པའི་རྒྱུ་ཆ་དེ་ངོ་མ་དང་།ཚན་རིག་རང་བཞིན་ལྡན་ཕྱིར།དྲན་རྟོག་བློ་བཅོས་ཀྱི་འཚོལ་སྡུད་ཐབས་ལམ་ནི་དགག་བྱ་དང་སྤང་བྱར་འཛིན་དགོས།གལ་ཏེ།འཚོལ་སྡུད་པས་ཟིན་འགོད་མྱུར་ཚད་ཀྱིས་མ་ཟིན་མ་ནོན་ན།འཚོལ་སྡུད་པ་བརྗེ་སོར་དང་ཡང་ན་མི་ཁ་སྣོན་གྱིས་འཚོལ་སྡུད་བྱས་ཆོག་ཀྱང་།དོ་སྣང་བྱེད་དགོས་པ་ཞིག་ནི་གླུ་གཞས་ཀྱི་དབྱངས་རྟ་རེ་རེ་ནས་ཟིན་ཐོར་བཀོད་དགོས།དེ་ལས་ཀྱང་གླུ་ཚིག་ནི་གླུ་བས་གཞས་སོགས་གཏོང་བའི་སྐབས་ཏག་ཏག་དེར་བཀོད་པ་ལས་རྗེས་སུ་དྲན་རྟོག་བློ་བཅོས་བྱེད་མི་རུང་།གཞན།ལམ་དུ་འགྲོ་བའི་དུས་དང་།གློག་མེད་མཚན་ནག་གི་དུས་ཀྱི་འཚོལ་སྡུད་བྱ་བ་ནི་ཕྱིར་དྲན་ལ་མི་བརྟེན་རང་བརྟེནཡིན།འོན་ཀྱང་།སྐབས་འདི་ནས་བརྗེད་མི་རུང་བའི་བྱ་བ་ཞིག་ཡོད་པ་ནི།ཕྱི་ནང་གི་རྐྱེན་དག་གསལ་བཤད་ཞིབ་ཕྲ་བྱེད་དགོས་པ་དེ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ངས་བལྟས་ན།ད་ལྟ“དྲན་རྟོག་བློ་བཅོས“དང་།“རུས་གཅོག་ཤ་གསོག་”གི་ལས་སྐྱོང་རྒྱུ་ཅུང་མང་བ་ནི་གཏམ་རྒྱུད་ཀྱི་འཚོལ་སྡུད་རེད།”གཏམ་རྒྱུད”ལ་སྒྲ་ཡངས་འཇུག་ལྟར་གོ་བ་ལེན་དགོས།གཏམ་རྒྱུད་འཚོལ་སྡུད་སྐབས་སྤྱིར་བཏང་ཁྱོས་ཤོད་དང་ངས་འབྲི་བའི་བློ་ཇུས་དེ་མི་འགྲིག་པ་ལྟ་བུ་ཞིག་མི་སྣང་མོད།འོན་ཀྱང་།ཉམས་མྱོང་ཅན་དང་ཤེས་ཡོན་ཅན་འགའ་རེའི་ལྟ་བ་ནི།གོང་གི་ཐབས་དེ་ཁོ་ནས་བཤད་མཁན་གྱི་སྐད་ཆའི་མཚོན་ཐབས་ཁ་ཤས་ཐོན་དཀའ་ཞིང་།བཀོད་པའི་རིམ་པ་ལས་སྔར་ཡོད་ཀྱི་ཁྱད་ཆོས་མང་པོ་བོར་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་པར་བཤད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

སྐད་ཆ་དེར་བརྟགས་ན།དེ་མིན་འདི་ཡིན་གྱི་ཐབས་ལམ་གསར་བ་ཞིག་བཤད་རྒྱུ་མེད་ཀྱང་མཉམ་འཇོག་དགོས་པའི་གནས་འགའ་ངོ་སྤྲོདབྱ་རྒྱུ་ཡོད་པ་སྟེ།གཏམ་རྒྱུད་བཤད་མཁན་གྱི་སྒྲ་གདངས་ཀྱི་མཐོ་དམའ་དང་།ཚིག་འགྲོས་ཀྱི་མགྱོགས་བུལ།ཁ་ངོའི་ཉམས་འགྱུར་དང་ལག་པའི་རྣམ་འགྱུར་སོགས་ཀྱིས་གཏམ་རྒྱུད་ཧྲིལ་བོའི་ནང་དོན་ལ་རོགས་རམ་བྱེད་རྒྱུ་ཡོད་ཚུལ་དང་།འཚོལ་སྡུད་དགོས་ན་སྐབས་ཐོག་ནས་འབྲི་བ་ལོས་གཙོའང་།གཞན་སྒྲ་སྡུད་འཕྲུལ་ཆས་དང་།བརྙན་ཕབ་འཕྲུལ་ཆས་སོགས་ཀྱང་སྔ་ས་ནས་གྲ་སྒྲིག་དང་བྱ་རིམ་དུ་བཀོལ་སྤྱོད་བྱས་ཏེ།ཟིན་ཐོར་བཀོད་ཟིན་པའི་སྐད་ཆ་རེ་རེ་དང་།ཉམས་འགྱུར་རེ་རེ་ལ་དགོས་ངེས་ཀྱི་མཆན་བཏབ་ལྷན་ཐབས་སྦྱར་བ་ན།ད་གཟོད་བླ་སྲོག་མ་ཤོར་བའི་གཏམ་རྒྱུད་ཆ་ཚང་བ་ཞིག་བཀོད་ཐུབ་པའི་གནད་དེ་སྟོན་རྒྱུ་ཡོད་པ་རེད་སྙམ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེ་བཞིན་བཤད་མཁན་དང་དེའི་སྐད་ཆ་སོགས་གཙོ་བ་ནི་དཔེར་ན།གཏམ་རྒྱུད་ཀྱི་བརྗོད་སྙིང་དང་བྱུང་རིམ་གང་ཐད་ནས་དོན་ལ་གནས་ཤིང་རྟོག་འགྱུ་ཅན་གྱི་རིགས་ཡོད་ཀྱང་བཤད་མཁན་གྱི་སྐད་ཆའི་སྒྱུ་རྩལ་ལ་སོགས་དེ་འདྲའི་གསོན་ཉམས་དང་ཡང་རྩེར་སོན་མི་ཐུབ་པ་དང་།ཉན་མི་སྤྲོ་བའི་གནས་ཚུལ་བྱུང་རྒྱུ་ཡོད་ལ།དེ་མིན་བརྗོད་སྙིང་དང་བྱུང་རིམ་ཐད་ནས་གསལ་བོ་མིན་ལ་ཉ་ཉོག་ལྷད་བསྲེས་ཡོད་པ་ལྟ་བུ་ཆགས་ཀྱང་།བཤད་མཁན་གྱི་སྐད་ཆ་དང་།སྦྱོར་སྟངས།གོ་རིམ་སོགས་ཀྱི་སྒྲིག་འཛུགས་ལ་བརྟེན།དོན་གསལ་ཞིང་ཉན་སྤྲོ་བར་གཏོང་བའི་སྒྱུ་རྩལ་ཡང་ཡོད་སྲིད་པ་ལྟ་བུ་རེད།འདི་ནི་བཤད་མཁན་གཙོ་ལ་འབྲི་མཁན་དེ་བས་ཀྱང་གཙོ་བོའི་དགོངས་པ་དེ་དཔེས་བསྟན་པ་ཡིན།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དམངས་རྩོལ་འཚོལ་སྡུད་བྱེད་པའི་བྱ་བའི་བརྒྱུད་རིམ་ལས།མཇུག་མཐར་ད་དུང་གནད་དོན་གལ་ཆེན་ཞིག་ཡོད་པ་ནི་རྒྱུ་ཆའི་ཁུངས་དང་ལག་སོན་བྱུང་བའི་གནས་ཚུལ་གསལ་བཤད་དག་པོ་ཞིག་བྱེད་དགོས་རྒྱུ་དེ་རེད།དེ་ནི་རྒྱ་ཆེ་བའི་ཀློག་པ་པོ་རྣམས་དང་།ཞིབ་འཇུག་པ་ཞིག་ལ་མཚོན་ན།རྒྱུ་ཆ་ལས་དམན་པར་མཐོང་རྒྱུ་མེད་པར་གལ་ཆེན་འགངས་ཆེན་ཞིག་ཏུ་བརྩི་རྒྱུ་ཡོད།ང་ཚོས་དཔེ་ཞིག་བཞག་ན།རིག་རྫས་ཀྱི་རིན་ཐངཆེན་པོ་ལྡན་ཞིང་།ལོ་རྒྱུས་ཀྱི་བྱུང་བའང་སྔ་ཚོད་དུ་གྲགས་ཀྱང་དངོས་མིང་དང་།རྒྱལ་རབས་ལོ་ཚིགས་སོགས་ཀྱི་གསལ་བཤད་ཅི་ཡང་བཀོད་མེད་པའི་དངོས་མང་བཤམས་སྟོན་ཁང་ཞིག་ཏུ་ལྟ་སྐོར་ལ་ཕྱིན་ན།ཁྱོད་ལ་ཐོབ་པ་ནི་དོགས་གཞི་དང་ལེ་བདའ་ལས་ཅི།ཆེས་མང་ནའང་ཡ་མཚར་བ་ཙམ་ལས་མེད་པས་ན།རིགས་འདེད་ཅིག་བགྱིས་དང་རྒྱུ་ཆ་ངོ་སྤྲོད་ཀྱི་གལ་ཆེན་རང་བཞིན་དེ་རྟོགས་ཐུབ།འོ་ན།ཁྱོད་ཀྱིས་སྟོན་པའི་རྒྱུ་ཆ་ངོ་སྤྲོད་ཅེས་པ་ནི་གང་ཞེ་ན།ཆེས་སྦྱིར་བཏང་གི་དོན་དག་འགའ་སྟེ།འཚོལ་སྡུད་བྱེད་སའི་ས་ཁུལ་དང་།བྱེད་ཡུལ་གྱི་མི།དེའི་ལོ་ཚོད་དང་།ལས་རིགས།རིག་གནས་ཀྱི་ཆུ་ཚད།ཆོས་ལུགས་དད་མོས་སོགས་ལ་བྱ་ཞིང།གལ་ཏེ།འཚོལ་སྡུད་བྱ་ཡུལ་གྱི་མི་དེ་ཉིད་ལས་གླུ་དང་གཏམ་རྒྱུད་སོགས་ཅུང་མང་པོ་ཞིག་འཚོལ་སྡུད་བྱས་པ་འདྲ་བྱུང་ན།མི་དེའི་འཚོ་བའི་བརྒྱུད་རིམ་དང་བསམ་པའི་འཁྱེར་སོ་སོགས་མདོར་བསྡུས་ཤིག་དང་།ཁོའི་བཤད་པ་དང་ལེན་པའི་ཐབས་རྩལ་གྱི་ཆ་གཙོ་བོ་དག་ལ་གདེང་འཇོག་དང་དཔྱད་བརྗོད་ཀྱི་གཏམ་ཕྲན་བུ་རེ་བཀོད་ཐུབ་ན་ནི་རབ་དང་མཆོག་ཡིན།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེ་ཡང་།ད་ལྟ་ན་གཞོན་སྐོར་ཞིག་གིས་དམངས་རྩོམ་འཚོལ་སྡུད་ལ་རིན་ཐང་ཡོད་མེད་དང་།ལྷག་པར་དུ་གཏམ་རྒྱུད་འཚོལ་སྡུད་ནི་གཞུང་ལུགས་ཀྱི་ཤེས་བྱ་མི་དགོས་པར་ཡི་གེར་བཀོད་ཤེས་པ་ཙམ་གྱིས་ཆོག་པའི་ལས་སླ་མོ་ཞིག་ཡིན་ཚུལ་གྱི་ཉོག་གཏམ་བཤད་རྒྱུ་ཡོད།འོན་ཀྱང་ཕྲན་གྱིས་བལྟས་ན་དེ་ནི་རིག་གནས་ཤིག་གི་ངོ་བོ་དང།ཁྱད་ཆོས།བྱེད་ནུས་སོགས་ལ་མགོ་བོ་རྨོངས་པའི་ལབ་བརྡོལ་ཞིག་ཡིན་པ་འདྲ།སྤྱིར་འདི་དང་འདི་ལྟ་བུ་ལ་རྒྱུ་མཚན་མང་པོ་བརྗོད་པའི་དགོས་པ་མི་འདུག་ཀྱང་།ང་ཚོས་སྐབས་བབ་ལ་གཞི་བཅོས་ཏེ་ཅུང་བཤད་ན།ཁོ་ཚོས་བཤད་པའི་སྙིང་བོ་ནི་ཕར་དེད་ན་འཚོལ་སྡུད་ཀྱི་ཐབས་ལམ་ལེགས་པོ་ཞིག་རྙེད་སོང་བ་མིན་པར་དམངས་ཁྲོད་རིག་གནས་ལ་གོ་བ་མ་ལོན་པ་དང་།དགའ་ཞེན་མེད་པ།དོ་ཁུར་མི་བྱེད་པའི་མགོ་མ་ཚོས་པའམ་ནང་མ་སྨིན་པའི་འཚོལ་སྡུད་སླ་ལ་ཡག་བཅོས་དཀའ་འདོད་ཀྱི་བསམ་ཚུལ་རྙིང་བ་དེ་རེད་སྙམ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

རིན་ཐང་གི་ཆ་ནས་བཤད་ནའང་བསམ་གཞིག་གིས་འཆུན་མེད་པ་འདྲ་སྟེ།དཔེར་ན།འཚོལ་སྡུད་བྱས་ཟིན་པའི་གཏམ་རྒྱུད་དེ་མ་བསླད་པ་དང་།མ་བཅོས་པ།སྤུས་གཙང་བ་ཞིག་ཡིན་ན་དེ་ནི་དུས་ཀྱིས་མ་བསྐལ་ལ།ཡུལ་གྱིས་མ་བསྐལ་བ།རབས་ཀྱིས་མ་བསྐལ་བར་ང་ཚོའི་འཚོ་བའི་ཁྲོད་དུ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ངེས་པས།དཔྱད་རྩོམ་དཀྱུས་མ་ཞིག་དང་གཤིབ་ན་རིན་ཐང་ཆེ་ལ་བརྒྱུད་སྤེལ་མགྱོགས།།ཚན་རིག་ལྡན་ལ་འདུ་ཕུད་ཆེ་བས།རྒྱུ་ཆ་དེ་དག་ལས་གནད་དོན་གསར་བ་དང་རིགས་ལམ་རྣོན་པོ།འཚོ་བའི་ཁ་ཕྱོགས་འཚོལ་ཐུབ་པའི་གནད་དག་མ་ཤེས་མ་གོ་བ་མིན་ན།མི་འཚམ་མི་འབྱོར་བའི་ཨུ་ཚུགས་ཀྱི་སྐད་ཞིག་བཤད་ནི་ཡིན་རྒྱུ་རེད་འདོད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ངས་སྐབས་འདིར་ད་དུང་བརྗོད་འདོད་པ་ནི།ཁྱོན་ཆེ་ལ་གཏིང་ཟབ་པ།རིགས་མང་ལ་དོན་འཛོམས་པ།འཇིག་ཉེན་ཆེ་ལ་བརྙས་དམོད་ཁུར་བའི་དམངས་རྩོམ་རིག་གནས་ཀྱི་འཚོལ་སྡུད་དང་འཛིན་སྐྱོང་སྤེལ་གསུམ་གྱི་ལས་འདི་མི་ག་གེ་མོ་ཞིག་དང་ཚོགས་པ་ག་གེ་མོ།རྩོམ་སྒྲིག་ཁང་ག་གེ་མོ་ཞིག་གི་ཕ་ཟས་འཚོ་རྟེན་ཁོ་ན་ཞིག་མ་ཡིན་པས།གཞི་རིམ་གྱི་རིག་གནས་ཁང་དང་།དཔེ་མཛོད་ཁང་།སྤྲོ་སྐྱིད་ཁང་གི་བྱ་བ་གཉེར་མཁན་དག་དང་།གཞི་རིམ་གྱི་སློབ་ཆུང་དགེ་རྒན་དང་།སློབ་ཆེན་སློབ་མ་སོགས་རྡོག་རྩ་གཅིག་སྒྲིལ་གྱིས་འཚོལ་སྡུད་ཀྱི་གཟེབ་དྲ་ཆེན་པོ་ཞིག་ཆགས་སུ་བཅུག་སྟེ།འབྲེལ་ཡོད་ལས་ཁུངས་ཀྱིས་པར་བསྐྲུན་དང་འགྲེམས་སྤེལ་ལ་སྟོབས་ཤུགས་སྔར་བས་ཕུལ་ན།ད་གཟོད་རང་རིགས་དགའ་ལ་གཞན་རིགས་ཀྱིས་སྨོན་པའི་གཏེར་སྒོ་དེ་རིམ་དང་ཁད་ཀྱིས་ཕྱེ་ཐུབ་རྒྱུ་རེད།དེ་མིན་ལ་ཤོས་ལེ་བདའ་དང་།ལ་ལས་འཁང་ར།ལ་ལས་རྡོག་རྫི།་གཞན་གྱིས་ཤི་རེ་ཟེར་བཞིན་འབྱུང་བའི་གཏིང་རིམ་དུ་འཐིམས་རྒྱུར་ཅང་འགོར་རྒྱུ་མ་རེད།དེ་བས་ང་ཚོས་འདང་རྒྱག་རན་དང་ལག་འགུལ་རན་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

གསུམ་པ། ཇི་ལྟར་རྩོམ་སྒྲིག་བྱེད་པ།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དམངས་རྩོམ་རྩོམ་སྒྲིག་བྱེད་པའི་ཐད་ནས་ཀྱང་རང་ཉིད་ཆེད་ལས་མིན་ཡང་།སྐད་ཆ་ཚིག་འགའ་ཉམས་མྱོང་བརྗེ་རེས་ཀྱིས་ཚུལ་དུ་བཤད་འདོད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

མིག་སྔར་བོད་ཁུལ་ནས་རིམ་པ་གོང་མའི་འཆར་གཞི་དང་།དགོངས་དོན་ལྟར་པར་སྐྲུན་བྱས་པའི་དཔེ་ཚོགས་དང་དུས་དེབ་ཅུང་མང་པོ་ཞིག་ཡོད་ཀྱང་།བྲོ་བ་མ་ཤོར་གཉུག་ཆོས་མ་ནོག་པར་མཚོན་པའི་བརྩམས་ཆོས༼ གཙོ་བོ་གཏམ་རྒྱུད ༽ནི་ཉུང་ཉུང་རེད།དེ་ནི་ལོ་ཆུང་བྱིས་པ་དང་ཐུན་མོང་རང་བཞིན་ཞིག་ལ་སེམས་པ་ཡིན་ན་ཁག་མི་འདུག་ཀྱང་གཞུང་ལུགས་དང་འགལ་འདུག།དེ་ཡང་།ནང་དོན་ཐད་ནས་བཤད་ན།དམངས་རྩོམ་ནི་དབྱངས་གསལ་སྦྱོང་བ་དང་གཅིག་ལ་གཅིག་སྣོན་ལྟ་བུའི་སྣ་གཅིག་རང་བཞིན་ཅན་གྱི་ཤེས་བྱ་ཞིག་མིན་གཤིས།བརྗོད་དོན་གྱི་ཟུར་རེ་རེ་དང་།མིང་བརྡའི་བཀོལ་སྟངས་རེ་རེ་སོགས་ལ་གཟབ་གཟབ་བྱེད་དགོས།དེ་མིན་བྱ་སྒྲོ་ཆད་དང་།རྟ་འཐེང་བོའི་དཔེེ་རུ་འགྱུར་སྲིད་པས་ཚད་ལྡན་ཞིག་ཡོང་དཀའ་ལ།ཕྱི་རབས་རྣམས་ལ་རིམས་ནད་དྲག་པོ་བགོའོ་སྙམ།རྒྱུ་མཚན་ནི་གསར་སྐྱེས་ན་གཞོན་མང་པོ་ཞིག་གིས་བརྗོད་དོན་མི་སྟོང་ཞིང་མགོ་རྐང་འགྲིག་པའི་རྩོམ་ཡིག་ཅིག་འབྲི་བསམ་ན་ཁོག་སྟོང་ལག་སྟོང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོའི་ཆ་ཤས་གཅིག་ནི་ངས་བལྟས་ན།ཆུང་དུས་ནས་རང་ལ་ཆ་རྒྱུས་ཡོད་པའི་གཏམ་རྒྱུད་ཀྱི་བྱུང་རིམ་དང་།རང་ཉིད་ཀྱང་ཐེ་བའི་འཚོ་བའི་ལོ་རྒྱུས་དག་ལ་ལྷད་བཅོས་ཐེབས་རྐྱེན།རང་ངོ་རང་གིས་མི་ཤེས་ཤིང་ཆ་མེད་རྒྱུས་མེད་ཅིག་ཏུ་བཏང་བ་དང་།དགའ་བ་དང་སྤྲོ་བའང་ལྷོད་པར་གྱུར་ཏེ་རྟོགས་དཀའ་བའི་རིམ་པ་མཐོ་ཤོས་ཀྱི་ཚད་གཞི་ནས་མི་འཇོག་རང་འཇོག་ཏུ་གྱུར་བ་རེད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ད་ནི་འཚོ་བའི་བརྒྱུད་རིམ་ཅི་ཡང་དྲན་རྒྱུ་མེད་ལ་།དགའ་སྐྱོ་ཆགས་སྡང་གི་དྲན་ཐོ་ཙམ་ཡང་བློ་ངོས་སུ་མེད་པའི་གསར་སྐྱེས་ན་གཞོན་ཞིག་ལ་རྩོམ་ཡིག་ཅིག་ཕྲིས་ཟེར་ན།མགོ་གང་ནས་རྩོམ་པ་དང་།དོན་ཅི་ཞིག་འབྲི་བ།མཇུག་ཇི་ལྟར་བསྡུ་རྒྱུ་འཆར་བཀོད་དང་ལག་འགུལ་ཐབས་ཤིག་མེད་སོང་བ་རེད།དེ་ནི་ངས་བལྟས་ན་བཤད་པ་ཅུང་ཚབས་ཆེ་སོང་བ་འདྲ་ཡང“སྐུད་པ་ཡར་འཁེལ་དང་།བསམ་པ་ཡར་སེམས”ལགས་པས་སྐྱོན་དུ་མི་སེམས་པར་མཁྱེན་དང་ཕན་ཅུང་ཟད་ཐོགས་འགྱུར་གྲང་།གཞན་སྐྱོན་ཐམས་ཅད་སླ་བཅོས་པ་དང་པར་སྐྲུན་འཆར་གཞི་འགོད་མཁན་ཁོ་ནར་མི་སེམས་ཏེ།སློབ་གཞི་རྩོམ་སྒྲིག་པ་དང་ཁྲིད་སྟོན་དགེ་རྒན་གཉིས་ཀྱིས་ཀྱང་འགན་ངེས་ཅན་འཁུར་དགོས་པར་འདོད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

དེས་ན།ང་ཚོས་པར་སྐྲུན་དཔེ་དེབ་དག་དོན་གསལ་འཐུས་ཚང་དང་།མིང་བརྡ་དག་གསལ་ཞིག་ཡོང་ཆེད་དུ་དགོས་པ་ཡོད་ན་འཚོལ་སྡུད་པ་ལ་ཐད་ཀར་འབྲེལ་གཏུག་བྱ་རྒྱུའང་ཐབས་མཆོག་ཅིག་རེད་སྙམ་ལ།ད་དུང་རྩོམ་སྒྲིག་པས་བརྗོད་འདོད་པའི་སྐད་ཆ་འདྲ་ཡོད་ན་ཟུར་མཆན་ཞིབ་གསལ་བཀོད་དེ་ཀློག་པ་པོར་ཟུར་ལྟ་བྱེད་དུ་བཅུག་ན་བཟང་པོ་ཡོད།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ངའི་རང་གིས་བཤད་པ་འགལ་བར་སོང་མེད་པ་གསལ་བཤད་བྱེད་ཆེད།སྐད་ཆ་ཚིག་གཉིས་བརྗོད་རྒྱུ།གཅིག་ནི་ང་ཚོས་བྱིས་སྒྲུང་དང་ཤེས་ཡོན་དམའ་ཤོས་ཀྱི་ཀློག་ལྟའི་དུས་དེབ་སོགས་པར་སྐྲུན་བྱེད་སྐབས་བྱུང་རིམ་དང་མིང་བརྡ་སླ་བཅོས་སོགས་ལ་དག་བསྒྲིགས་ཅུང་ཙམ་བྱས་ཆོག་ཀྱང་།སྤྱིར་བཏང་དམངས་རྩོམ་བརྩམས་ཆོས་ལ་མི་རུང་བའང་ཤེས་དགོས་པའོ།།གཉིས་པ་ནི།ཁྱད་པར་དུ་ལག་ནས་མང་དུ་ཐོན་ཞིང་ཁ་ནས་མང་དུ་བཤད་མཁན་གྱི་ཉམས་མྱོང་ཅན་དང་།དམངས་རྩོམ་ལ་བློ་དཀར་བསམ་དཀར་གྱི་འཚོལ་སྡུད་པ་དག་གི་བརྩམས་ཆོས་ཀྱི་རྒྱུ་ཆ་ངོ་སྤྲོད་ཙམ་ལའང་དག་བསྒྲིགས་མི་བྱ་བར་ཐད་ཀར་རྒྱ་ཆེ་བའི་ཀློག་པ་པོ་དང་།ཚན་རིག་པ།རབས་རྗེས་མའི་ཚོགས་ལ་སྤྲད་ན་བཟང་སྙམ་མོ།།EQ8ཀྲུང་གོ་བོད་ཀྱི་དྲ་བ།

ཞོལ་ནས་གོང་གི་ཉེན་ཁ་དེ་དག་ལས་གཡོལ་ཆེད་དུ་བསམ་ཚུལ་ཞིག་བརྗོད་ན།གནད་གཞི་མི་འཆོལ་བ་དང་བྲོ་བ་མི་ཡལ་བའི་སྐབས་དང་བསྟུན་ནས་དག་བསྒྲིགས་སམ་རྩོམ་སྒྲིག་ངེས་པར་བྱེད་དགོས་པ་དེ་ཡིན།འོ་ན་ཇི་ལྟར་དག་བསྒྲིགས་བྱེད་དགོས་ཅེ་ན།སྐད་ཆའི་མགོ་རྔ་ལོག་སྟེ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མི་མཐུན་པ།བརྗོད་བྱའི་གནད་འདོན་པ་དང་རྗོད་བྱེད་ཚིག་གྲུབ་བྱེད་དུ་དགོས་པ་ཆེན་པོ་མེད་པའི་བསྐྱར་ཟློས་ཀྱི་ཚིག་ལྷག་པ།པར་སྐྲུན་དང་འགྲེམས་སྤེལ་ལ་མི་འོས་ཤིང་།ནང་དོན་གོམས་སྲོལ་དང་མི་མཐུན་པའི་དུམ་ཚན་དང་ཚིག་གྲུབ།ཚིག་དོན་མི་གསལ་བའི་སྐད་ཆ།བརྩམས་ཆོས་ལ་གསོན་ཤུགས་དང་ཡག་བཅོས་སུ་མི་འགྲོ་བའི་ཡུལ་ལུང་གི་སྐད་ཆ་དང་ཚིག་རྒྱན་སོགས་དག་བསྒྲིགས་དང་སྣོན་འཕྲིའི་རྩོམ་སྒྲིག་བྱ་དགོས།དེ་ལས་གཞན་ཡ་ང་ཐེ་ཚོམ་མི་དགོས་པ་ནི་ཟུར་མཆན་དང་རྒྱུ་ཆ་ངོ་སྤྲོད་པ་སྟེ།ཚིག་ཉུང་འདུའི་ཕྱིར་བཟོ་བཅོས་དང་ཡག་བཅོས་གང་ལེགས་གནང་ཆོག་མོད་འོན་ཀྱང་།བྱ་བ་དེ་དག་བསྒྲུབ་པའི་སྐབས་སུ་རེ་རེ་བཞིན་ཧ་ཅང་གི་གཟབ་གཟབ་བྱེད་དགོས་པ་ལས་སྣང་ཆུང་དང་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བའི་གཟུ་དང་དཔང་ལ་རྩོམ་ཐུང་འདི་བྲིས་པ་ལགས།།EQ8ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།