ཀྲུང་གོ་བོད་ཀྱི་དྲ་བ།

སྟོན་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་ཡིས་འཚོལ་སྡུད་བྱས།   སྤེལ་དུས། : 2016-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཆོད་ཨོཾ་མ་ཧཱུྃ།  མཆོད་ཨོཾ་མ་ཧཱུྃ།  མཆོད་ཨོཾ་མ་ཧཱུྃ། མཆོད་བླ་མ་མཆོད། ཡི་དམ་མཆོད། སངས་རྒྱས་བྱང་སེམས་མཆོད། དཔའ་བོ་མཁའ་འགྲོ་མཆོད། ཆོས་སྐྱོང་སྲུང་ མ་མཆོད། ས་འདིའི་ས་བདག་མཆོད། ཡུལ་འདིའི་གཞི་བདག་མཆོད། བླ་མ་ཆོས་སྐྱོང་ཅན་གྱི་ཆོས་སྐྱོང་མཆོད། སྐྱེ་བཟུ་དགྲ་ལྷ་ཅན་གྱི་དགྲ་ལྷ་མཆོད། མ་ཧྲི་ཟས་ལྷ་ཅན་གྱི་ཟས་ལྷ་མཆོད། མགོ་བའི་ལྷ་ལྔ་མཆོད། རླུང་རྟ་སྡེ་བཞི་མཆོད། དགྲ་ལྷ་བཅུ་གསུམ་མཆོད། བུ་རང་གི་ཕོ་ལྷ་དགྲ་ལྷ་མཆོད། མཆོད་ཨོཾ་མ་ཧཱུྃ། 

ཡ....ངའི་མཆོད་མཆོད་མཆོད་ལ་དགུང་ཨ་སྔོན་མཆོད།།  དགུང་ཨ་སྔོན་གི་ཡང་སྔོན་མཆོད༎ སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཆོད།།  མ་ཨ་ནེ་གོང་མ་རྒྱལ་མོ་མཆོད༎ ལྷ་ཕྲུག་ཉིས་ཁྲི་དགུ་འབུམ་མཆོད།།  ལྷ་ཕྲུག་ཐོད་ཀྱི་རྒྱལ་པོ་མཆོད༎ དགུང་ཨ་སྔོན་འདི་མ་མཆོད་མ་བཀུར་ན༎ མགོ་ཀླད་རིས་གི་གཏོད་ས་སོ་ཨ་སྔོན་དགུང་ཡིན་ཟེར་རྒྱུ་ཅན་རེད། ཡ....ངའི་མཆོད་མཆོད་མཆོད་ལ་བར་སྣང་ཡང་མོ་མཆོད༎ བར་བྱང་ཕྱོགས་སྐུ་ལ་འཚམ་བཞི་མཆོད༎ བྱང་རིག་ཉིས་ཁྲི་དགུ་འབུམ་མཆོད༎ བྱང་ཤམ་བྷ་ལ་ཡི་ཕོ་བྲང་མཆོད༎ བྱང་མི་འགྱུར་གྱི་སྐར་མ་ཨ་བརྟན་མཆོད༎ བར་སྣང་འདི་མ་མཆོད་མ་བཀུར་ན༎ དགུང་ཉི་ཟླ་སྐེད་གི་འཆར་ས་ཡིན༎ གློག་དམར་འཁྱུག་ས་ཡིན༎ འབྲུག་ཆུང་གྲགས་ས་ཡིན༎ ཆར་ཆུ་འབབ་ས་ཡིན༎  ཡ....མཆོད་མཆོད་མཆོད་ལ་དོག་མོ་ས་འདི་མཆོད༎ ས་ལ་གནས་པའི་ཀླུ་རིགས་མཆོད༎ ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད།།  ཀླུ་མོ་དུང་སྐྱོང་དཀར་མོ་མཆོད༎ ཀླུ་ཕྲུག་ཕྱེ་བ་དུང་ཕྱུར་མཆོད༎ ས་དོག་མོ་འདི་མ་མཆོད་མ་བཀུར་ན༎ རྐང་སག་ལྷམ་གི་རི་མོ་རྒྱག་ས་ཡིན༎ རྩི་ཤིང་སྐྱེ་ས་ཡིན་ནས་ཟེར༎ ལོ་ཏོག་འཁྲུང་ས་ཡིན་ནས་ཟེར༎ དབྱང་ར་ཚ་བཞི་པོ་འཕེལ་ས་ཡིན༎  ཡ....ངའི་མཆོད་མཆོད་ལ་ཕུག་ལྷ་མཆོད༎ ཕུག་ལྷ་གེ་ཐུང་འདི་མ་མཆོད་མ་བཀུར་ན༎ ཆོས་བཀའ་བསྟན་གཉིས་ག་རྩིགས་ས་ཡིན༎ ཕ་ཨ་ཁུའི་དགྲ་ལྷ་འཁོར་ས་ཡིན༎  ཡ....ངའི་མཆོད་མཆོད་ལ་ཐབ་ཀ་མཆོད༎ ཐབ་ལྷ་གཡོན་མོ་འདི་མ་མཆོད་མ་བཀུར་ན༎ མ་སྲུ་མའི་ཇ་ཆང་སྐོལ་ས་ ཡིན༎ ཤ་ཐུལ་གྱི་བཙོ་ས་ཡིན༎ ཡ....ངའི་མཆོད་མཆོད་ལ་སྒོ་ལྷ་མཆོད༎ སྒོ་ལྷ་སྟག་ཡག་འདི་མ་མཆོད་མ་བཀུར་ན༎ འབྲི་ཐུལ་མའི་ནུ་ཁ་དྲོས་ས་ཡིན༎ ལུག་ཚེར་མོའ་ིབལ་ཁ་གཡང་ས་ཡིན༎ རྒྱས་རྒྱ་མོའ་ིལག་སྦྲེལ་བྱེད་ས་ཡིན༎ ཕྱུགས་རྭ་གཡང་གི་འཁོར་ས་སོ་ ཡིན་ཟེར་རྒྱུ་ཅན་རེད༎ 

36_150908143900_3.jpg

ཡ....ད་གཡས་འདི་ཚོགས་རྣམས་ཀྱིས་ཕོ་ལྷ་མཆོད༎ གཡོན་འདུ་ཚོགས་རྣམས་ཀྱིས་མོ་ལྷ་མཆོད༎ ཁྱིམ་འདི་ཚོགས་རྣམས་ཀྱིས་སྤྱི་ལྷ་མཆོད༎  མཆོད་ཨོཾ་མ་ཧཱུྃ། གནམ་ལ་བལྟས་ན་སྐར་མ་ཡག་གི༎ ས་ལ་བལྟས་ན་སྐར་རྩིས་ཡག་གི༎ བར་ན་གཟའ་སྐར་གྱི་རྒྱུ་བ་བཟང་གི། བཀྲ་ཤིས་པའི་ཉི་མ༎ ཕུན་སུམ་ཚོགས་པའི་སྐར་མ༎ བདེ་ལེགས་འབྱུང་བའི་དུས་ཚོད༎ སྐྱིད་ཉི་མ་རྩེ་ཤར་གྱི་ཉིན་འདིར༎ མ་ལྷ་ཆབ་སྔོན་མོའ་ིགཡས་ཟུར༎ ཐང་གཡུང་དྲུང་འདྲ་བའི་ལྟེ་བ༎ མང་ཆགས་ཆུ་ཡུལ་གྱི་ལུང་བ༎ ཤིང་ཙན་དན་གྱི་ལོ་འདབས་རྒྱས་ས༎ ཧ་ཕྱུགས་པོའ་ིལྷ་ར་གཡང་ས༎ ཡ་རབས་ཀྱི་གཞི་མགྲོན་འཚོགས་ས༎ སྐྱིད་ཀྱི་ལྷ་ཁྱིམ་གཡངས་ཁྱིམ་གྱི་ནང་ལ་བལྟོས་ན༎ ནང་འདིར་ཚོགས་ཁྲོན་པ་མང་བོ༎ འཇའ་དར་ཚོན་སྣ་ལྔ་འདྲ་བའི་དར་འཐེན་གི༎ བྱ་ཁུ་བྱུག་གསུང་སྙན་ཅན་འདྲ་བའི་གླུ་ལེན་གི༎ ཤ་ཐུལ་གྱི་རི་བརྩིགས་གི༎ ཇ་ཆང་གི་མཚོ་འཁྱིལ་གི། 

26-955511-3.jpg

ཡ....ད་ངའི་གཡས་ལ་བལྟས་ན་གཡས་ཇ་ཡག་གི། གཡས་ཇ་འཛམ་གླིང་ཉི་མ་ཤར་འདྲ་ཡག་གི། གཡོན་ན་བལྟས་ན་གཡོན་ཇ་ཡག་གི། གཡོན་ཇ་བཅོ་ལྔའི་དུང་ཟླ་ཚོས་འདྲ་ཡག་གི། མདུན་ནས་བལྟོས་ན་མདུན་ཇ་ཡག་གི། མདུན་ཇ་ བསང་ཐོ་རེངས་གི་སྐར་ཆུང་ཤར་འདྲ་ཡག་གི། གཉེན་ཞང་ཚན་ཚང་མའི་སྐུ་ལས་སོ་བདེ་མོ་ཡིན་ན་ཞེས་མག་ལྭ་སྐོན་པ།

 ཡ....ད་དེ་རིང་གཟའ་སྐར་དུས་བཟང་གི་ཉིན་འདིར༎ མེ་ལོང་སྲིད་པའི་འོད་ཁྱིམ་ནང་ནས༎ སྟོན་མོ་བསྒྲིགས་ཆང་གི་བསྒྲིག་ཡག་གི། ཨ་ཞང་ཚང་གི་སྐྱིད་གི་གཡུ་སྦྲ་ཐུང་གཤོག་གོང་དགོས་ནང་གི། གཡས་ཇ་ཅ་གི་གྲལ་རྐེད་གི། གདན་དཀར་གྲུ་བཞིའི་སྟེང་གི་དམག་ཞེས་ཆ་ལོ༎ ཁྱོས་དཀྱིལ་ཀྲུང་གི་བཞིན་གྱི་ནོར་བུའི་མདུད་པ་ཞུགས་ལ་དགས་སེ་ལོངས་ར།།  ངའི་ཁྱོས་མི་ལས་རི་རྒྱུད་ལྷུན་པོའ་ིསྟེང་ལ༎ འཇའ་ཚོན་སྣ་ལྔའི་གོས་ཞིག་བསྐོན་ན༎ ཤར་ཕྱོགས་དུང་གི་རིང་མོའ་ིཁ་སྒང་ནས༎ དུང་གི་ལུ་གུ་སྤུན་གསུམ་གི་བལ་ཡག་གི། ལུག་རྫི་བྱང་དཀར་ཅན་གི་འཚོ་ཡག་གི།  ལྷས་ར་གྲུ་བཞིའི་ནང་གི་སྐྱེས་ཡག་གི། བུ་ཚ་བདེ་ལགས་ཅན་གི་འཛིན་ཡག་གི། བལ་ཐུག་ལྷ་མ་ལྷོད་གི་བཅུག་ཡག་གི། ཁེ་གྲི་ཇ་ མ་ཇུ་གི་འབྲེག་ཡག་གི། མ་ཨ་ནེ་གོང་མ་རྒྱལ་མོའ་ིའཁོས་ཡག་གི། ཐག་ག་འཇམ་དབྱངས་སྲིད་པའི་ཐག་ཡག་གི། བཟོ་ བ་གོང་ཆེན་རྒྱལ་མོའི་བཟོ་ཡག་གི། བཟོ་ཁབ་ཚིག་གཅིག་གི་བརྫད་པ་མེད་ནས༎ སྐུད་ཚིག་གཅིག་གི་བརྫད་ཉེས་མེད་ ནས༎ གོང་བ་ལྷོ་སྤྲིན་ཡིན་པས་དཀྱིལ་ནས་ཟུངས༎ ངའི་ཁྱོའ་ིམི་ལས་རི་རྒྱུད་ལྷུན་པོའི་སྟེང་༎ འཇའ་ཚོན་སྣ་ལྔའི་གོས་ ཞིག་སྐོན༎ ཡེ་ད་འཇིག་རྟེན་གི་བྱ་བ་གཡས་ཟེར་ནི་རེད༎ སྔོན་ལ་ཕུ་རུང་གཡས་བ་འདི་གོན༎ ཕུ་རུང་གཡས་བ་འདི་ ཤོར་ར་གོན་ར༎  བུ་དཔའ་བོའ་ིརལ་གྲི་ཕྱར་ས་ཡིན་ནས༎  ཕུ་རུང་གཡོན་པ་འདི་དཀྱུས་ཡ་གོན་ར༎ གཞི་མཆུ་སྐར་ཀླད་ལ་དཀྱུ་ས་ཡིན་ནས༎ སྒྲོག་གི་མ་རི་དོག་གི་རེད༎ སྒྲོག་མགོ་ཡིད་བཞིན་ནོར་བུ་རེད༎ སྒྲོག་ལུང་བསམ་པའི་དོན་འགྲུབ་རེད༎ སྒྲོག་ལུང་རིང་ན་ཚེ་རིང་ནས༎ སྒྲོག་གུ་སྒྲོགས་ན་དོན་འགྲུབ་ནས༎ དོན་གར་སོང་ས་ནས་འགྲུབ་རྒྱུ་རེད༎ ཡེ་ད་སྐེ་རགས་ཤུབ་ཤུབ་བུ་བརྒྱའི་ཨ་བ་ཟེར་ནས༎ བུ་བརྒྱ་རེ་འདྲ་རེ་གང་ནས་གནང་ར༎ སྡེ་མགོ་ཚོ་མགོ་ཐོན་ནས་བུ་གཅིག༎ ཧྲི་སྡེ་གོང་གཤེགས་ཡིད་ནས་བུ་མོ་ཞིག རྒྱབ་ཟེར་ཆ་གོན་གི་བན་ཆུང་ཞིག བུ་བུ་མོ་གསུམ་འདི་ཚོད་རེད་ལ༎ སྐེ་རགས་སྔོན་ནས་བླངས་ནས་གཞུག་ནས་མདུད་དགོ་ནས་ཟེར༎ གཞུག་ནས་མདུད་པ་གསུམ་རྒྱགས་དགོ་ནས་ཟེར༎ གཅིག་ཕོ་ལྷའི་སྐལ་ཡིན༎ གཅིག་དགྲ་ལྷའི་སྐལ་ཡིན༎ གཅིག་མག་ཞིས་ཆ་ལོ་ཁྱེད་ཀྱི་སྐལ་ཡིན༎ འཇིག་རྟེན་གྱི་བྱ་བ་གཡས་ཟེར་ནི་རེད༎  རྟ་འདོ་བའི་ཞོན་ཕྱོགས་གཡོན་ཟེར་ནི་རེད༎  སྔོན་ལ་ལྷམ་གཡོན་པ་འདི་གོན༎ རྐང་ཟག་ལྷམ་གི་ས་གཞི་ནོན་ན་གོན་ར༎ ས་གཞི་བཞི་འགྲིག་བརྟན་ནས་ཟེར༎ ལོ་ཏོག་བཞི་འགྲིག་འཁྲུངས་ནས་ཟེར༎ རྩི་ཤིང་བཞི་འགྲིག་རྒྱས་ནས་ཟེར༎ ཟི་ལིང་ཝ་མོའ་ིསྐྲ་ཡག་ནི་རེད༎ སྟོང་སྐོར་སྐྲ་ལོའ་ིམདོག་ཡག་ནི་རེད༎ གོས་ཆེན་འདབས་མའི་འོད་ཡག་ནི་རེད༎ མགོ་ཝ་མོ་བཞི་འགྲིག་ཆོག་ལ་གོན་ར༎ དགུང་ཨ་སྔོན་བཞི་འགྲིག་མཐོ་ནས་ཟེར་གི། ཉི་ཟླ་བཞི་ འགྲིག་གསལ་ནས་ཟེར།།  སྐར་འཚོགས་བཞི་འགྲིག་རྒྱས་ནས་ཟེར་གི་ཞེས་ཨ་ཞང་ནས།

 ཡ....ད་ངས་ལག་གི་དཀར་ཡོལ་ཁྱུང་གཞོག་བདེན་པ་འདིས་བུད་རིམ་གྱི་ལོ་རྒྱུས་སོ་ཅིག་བཤད་ན། ཁ་ན་འཁོར་ལོ་རྩེ་བརྒྱད་ཡོད་ནོ་གནམ་འཁོར་ལོ་རྩེ་བརྒྱད་ལ་དཔེ་བླངས་ནི་རེད༎ བར་ན་བཀྲ་ཤིས་རྟགས་བརྒྱད་ཡོད་ནོ་འདི་བར་ སྣང་ཡངས་མོ་དཔེ་བླངས་ནི་རེད༎ ཞབས་ན་པདྨ་འདབ་བརྒྱད་ཡོད་ནོ་འདི་ས་པདྨ་འདབ་བརྒྱད་ལ་དཔེ་བླངས་ནི་རེད༎ 

15957622.jpg

ཡ....ད་ངའི་བདུད་རྩི་བསིལ་མ་འདིས་བུད་རིམ་ལོ་རྒྱུས་སོ་ཅིག་བཤད་ན། འདི་དང་པོ་རྒྱ་གར་ལ་དར་ནས་ཟེར་གི། རྒྱ་གར་ནས་ནས་གར་ལ་བཙག་ནས་ཟེར༎ རྒྱ་ནག་ནས་ནས་ནག་ལ་བཙག་ནས་ཟེར༎ བལ་བོ་ནས་རྒུན་འབྲུམ་ལ་བཙག་ནས་ཟེར༎ ཁ་ཆེ་ནས་གུར་ཀུམ་ལ་བཙག་ནས་ཟེར༎ ལོ་བསྙལ་གི་ལོ་ཆང་ཁམས་པ་ཡིན་ནས་ཟེར༎ ཟླ་བསྙལ་གི་ཟླ་ཆང་བསིལ་མ་ཡིན་ནས་ཟེར༎ ཉིན་བསྙལ་གི་ཉིན་ཆང་གསར་བ་ཡིན་ནས་ཟེར༎ འདི་ཧ་དང་ཨ་ཁུའི་འཐུང་ན་ཞལ་ངོ་དྲོ་ནས་ཟེར༎ མ་དང་སྲུ་མོའ་ིའཐུང་ན་ཤ་རྩ་དཀར་ནས་ཟེར།།  རིག་གི་བུ་སྐོམ་པ་ལངས་ནས་ཟེར༎ འཐུང་གི་བུ་འཛུམ་པ་ལང་ནས་ཟེར༎ ཡ་ད་དམག་ཞ་ས་ཆ་ལོ་ཁྱོད་ཀྱི་ཁ་ཅིག་རེག་ནས་ཇ་ནས་སྡོད་ཨ་ཞང་གི་ནས༎ ང་གནའ་གཏམ་བཤད་གི་གནའ་མི་མ་རེད།།  ད་གཏམ་བཤད་གི་མཁས་པ་མ་རེད།།  ཕྱི་མ་མཁྱེན་ནས་བླ་མ་མ་རེད།།   ཆོས་རྩོད་རྒྱག་ནས་བསྟན་པ་མ་རེད།།  མ་རེད་ད་དེ་རིང་གྲལ་མགོའ་ིཨ་ཁུ་སྨ་ར་ཅན་གྱིས་བཀའ་བབས་ནས། གྲལ་རྐེད་ཀྱི་བློན་པོ་དུང་གི་ ཐོར་གཙུག་ཅན་ཚོའི་ཚགས་བཙུགས་ནས། གྲལ་རྔ་ཡི་བུ་ཚ་ཁ་བདེ་ལྕེ་བདེ་སོ་རིགས་གིས་བཤད་དགོས་བཟོས་ནས། ངའི་མི་བཤད་ཐབས་མེད་ལས་ལ་བྱུང་ཐལ། 

ཡ....ད་ངའི་བཤད་རྒྱུ་ཡིན་ན།  དང་པོ་གངས་དཀར་སེམས་ལ་འཆར་དཀའ་གི། གངས་དཀར་སེམས་ལ་ཤར་རུང་༎ མྱིད་ཐག་ཕྲ་མོའ་ིནང་ནས་ཡོང་དཀའ་གི། མྱིད་ཐག་ཕྲ་མོའ་ིནང་ནས་ཡོང་རུང༎ ལྕེ་དར་མའི་མདུད་པ་ཁྲོལ་དཀའ་གི། ལྕེ་དར་མའི་མདུད་པ་ཁྲོལ་རུང་༎ ཁ་དུང་སོ་སུམ་ཅུའི་རྒྱས་དཀའ་གི། ད་ཁྱོད་འཚོགས་གི་ཁྲོན་པ་འཇིགས་ཆེ་གི། ང་བཤད་གི་ཞི་ལེ་སྙིང་ཆུང་གི། གྲལ་མགོའ་ིཨ་ཁུ་སྨ་ར་ཅན་པོའ་ིངའི་ཁ་གཅིག་འཆུག་ན་ཁ་ལོག་དང་ཚིག་ལོག་མ་རྒྱག གྲལ་རྐེད་ཀྱི་བུ་ཚ་གྲི་ཆུང་གློ་བྱུར་ཅན་ཚོའི་ངའི་ཁ་གཉིས་འཆུག་ན་ཁ་འཕྱས་དང་སྙིང་འཕྱས་མ་གཏང་༎ གྲལ་རྔའི་བུ་ཚ་ཁ་བདེ་ལྕེ་བདེ་ཟོ་ཚོའི་ངའི་ཁ་གསུམ་འཆུག་ན་ཁ་དགོད་དང་ཁོག་དགོད་མ་བྱེད༎ བུད་མེད་དང་བྱིས་པ་ཚོའི་ ཅ་བདུར་དང་ཅོབ་བདུར་མ་བྱེད་ད༎ དེ་རིང་ངའི་སྟོན་མོ་ཚིག་ཀ་གསུམ་གྱི་ལོ་རྒྱུས་ཀྱི་བརྡ་ཙམ་ཞིག་བཤད་ཟེར་རྒྱུ་ཅན་རེད། ཡ....ད་ཉི་ཟླ་ཤར་གི་ཤར་བ་འདི༎ འཛམ་གླིང་གི་བརྒྱན་རེད༎ དགུང་ཨ་སྔོན་གནམ་གྱི་གོང་བ་རེད༎ ཆུ་མིག་ གངས་དཀར་ས་ལ་བབས་པ་འདི༎     ལུང་བའི་བཅུད་རེད༎ དོགས་མོ་སའི་མགོ་རེད༎ གཉེན་བརྒྱ་ཕུག་གི་ཞིང་ས་འདི༎ སྲིད་པའི་དཔེ་རེད༎ ཕོ་ཉེ་བོ་འཚོགས་གི་གནས་ཡིན་ཟེར་གི། 

ཡ....ད་མི་མཐུན་མཐུན་པ་བྱེད་པ་འདི་རྒྱུ་མའི་ནོར་ལུག  མཐུན་པ་ཚིག་གི་བཅད་པ་འདི་སྲིད་པའི་དཔེ་ལུགས༎ སྐྱབས་འགྲོ་ཚིག་བཞི་པརྗོད་པ་འདི་དམ་པའི་ཆོས་ལུགས༎ ཇ་ཆང་ཟས་གསུམ་འདྲེན་པ་འདི་མགྲོན་གྱི་ཆ་ལུགས༎ མི་ གོ་གོ་བར་བྱེད་པ་འདི་གཏམ་གྱི་ཆ་ལུགས་སོ་ཡིན་ཟེར་རྒྱུ་ཅན་རེད། ཡ....ད་གཡུ་འབྲུག་སྔོན་མོའི་ངར་སྐད་མ་གྲག་ན༎ སྡེ་བརྒྱད་ཀྱི་འབྱུང་འདུག་མི་ཤེས༎ སིལ་བུ་སྦྲང་ཆར་ས་ལ་མ་བབས་ན༎  རྩི་ཤིང་འབྲུ་བཅུད་ཀྱི་ལོ་འདབ་མི་རྒྱས༎ ས་ཐོག་གོམ་གསུམ་མ་སྤོས་ན༎ ཁྱིམ་སྒོ་ཕུག་གཉིས་ཀྱི་ཉེ་རིང་མི་ཤེས༎ ཟས་པཟང་ངན་གཉིས་ཀ་མ་ཟོས་ན༎ ཟས་ཀ་ར་ཡིན་ཡང་མངར་མི་ཤེས།།  རྒྱལ་པོ་གཅིག་འདི་ཁྲི་ལ་མ་བཞུགས་ ན༎ མི་བཟང་ངན་གཉིས་ཀྱི་དབྱེ་བ་མི་ཁོར༎ ཡ....ད་དེ་རིང་ངས་གནས་ལུགས་ཀྱི་གཏམ་ཞིག་མ་བཤད་ན་ཁྱེད་གཞི་མགྲོན་གཉིས་ཀྱི་དབྱེ་བ་ཁོར་རྒྱུ་དཀའ་ ཟེར་རྒྱུ་ཅན་རེད། ཡ....ད་དེ་རིང་རྒྱ་བོད་གཉིས་ཀ་འདི་ན་འཚོགས་གི༎   གཉེན་ཨ་ཁུ་ཚོའི་གཏམ་བཤད་ན་བདེན་གི གཉེན་དར་ གྱི་ཡོལ་བ་འཐེན་ན་ཡག་གི༎ དུང་དཀར་མོའི་ཁོག་པ་བོས་ན་སྙན་གི། ཟས་སྣ་ཚོགས་ཀྱི་མགྲོན་ཁ་བསྒྲིགས་ན་ཡག་གི༎ ཡག་གསུམ་ཡག་གི་ཉི་མ་འདི་ལ།།  ངས་ཨ་ཞང་ཚང་གི་སྦྲ་རྒན་གཞི་རྒན་འདི་ཅིག་སྟོད་ཀྱི་ཅན་རེ་སོ་ཡིན་ན།།   མ་ བསྟད་དགོང་ང་མ་མཉམ་ནས་ཟེར་གི། བསྟད་ན་དགོང་གི་ལྷག་ཡིན་ཟེར་གི། སྦྲ་རྒན་སྟོང་ཤོམས་སྨུག་གོ་ཡིན་ནས་ཟེར་གི། འབྲོང་བྲེ་སར་བརྒྱ་ཡི་སྙིང་རྩིད་ཡིན་ནས་ཟེར་གི། འབྲི་ཐུལ་དཀར་བརྒྱ་ཡི་མཁའ་རྩིད་ཡིན་ནས་ཟེར་གི། སྟེང་ལྷ་ཕྲུག་སུམ་ཅུའི་བྲེག་ནས་ཟེར་གི། བར་བྱང་མོ་སུམ་ཅུའི་བཀལ་ནས་ཟེར་གི། བཀལ་ནས་ཕྲ་རོམ་མ་ཤོར་ཟེར་གི། འོག་ཀླུ་ མོ་སུམ་ཅུའི་འཐག་ནས་ཟེར་གི། འཐག་གི་ཐག་ལ་ངོ་ཉོས་མེད་ཟེར་གི། 

231111ent7tk744t7l4l6c.jpg

ཡ....ད་སྦྲའི་ཕུག་ཁྱོན་དབུས་གཙང་སྟོད་ལ་བརྡབས་ནས་ཟེར༎    སྟོད་དབུས་གཙང་ཡུལ་ལ་ཆོས་ཟམ་འཕངས་ ནས་ཟེར༎ གསར་བའི་རྟ་རྗེས་མ་ནོག་ད་རུང་ཡོད་ཟེར༎ མཁའ་ཁྱོན་བལ་བོའ་ིཡུལ་ལ་བརྡབས་ནས་ཟེར་གི།  བལ་སྦྲ་ནག་ཡུལ་ལ་ཉེ་ཟམ་འཕངས་ནས་ཟེར༎ ཉེ་ཨ་ལུང་གོར་རེ་ད་རུང་ཡོད་ནས་ཟེར༎ སྒོ་ཁྱོན་རྒྱ་ནག་ཡུལ་ལ་བརྡབས་ནས་ཟེར༎ སྨད་རྒྱ་ནག་ཡུལ་ལ་ཇ་ཟམ་འཕངས་ནས་ཟེར༎ཚོང་བའི་མཛོ་རྗེས་མ་ནོག་ད་རུང་ཡོད་ནས་ཟེར༎   སྦྲའི་ཡ་ལོག་ ཕོ་འདོམས་བརྒྱད་ཅུ་ཡོད་ནས་ཟེར༎ བན་སེར་མོའ་ིཆོས་ར་རྩོད་ས་ཡོད་ནས་ཟེར༎ ཆོས་མེད་ཕག་དུ་བཟེད་ས་ཡོད་ ནས་ཟེར༎ མ་ལོག་མོ་འདོམས་བརྒྱད་ཅུ་ཡོད་ནས་ཟེར༎    མགྲོན་སྒ་མར་ཅིག་གི་འབབ་ས་ཡོད་ནས་ཟེར༎ བུ་དཔའ་མེད་ཕག་ཏུ་བཟེད་ས་ཡོད་ནས་ཟེར༎  ཡ....ད་སྦྲའི་ངོ་ཐིག་ཐམས་ཅད་མུ་ཏིག་ཡིན་ནས་ཟེར༎  ཁྱོན་ཐག་ཐམས་ཅད་མཆུང་ཐིག་ཡིན་ནས་ཟེར༎ ཕོ་ལུང་ ཐམས་ཅད་གསེར་ལུང་ཡིན་ནས་ཟེར༎ མོ་ལུང་ཐམས་ཅད་དངོས་ལོང་ཡིན་ནས་ཟེར༎ འཆའ་རུ་ཐམས་ཅད་བྱུ་རུ་ཡིན་ ནས་ཟེར༎    ནང་ཀ་ཐམས་ཅད་གསེར་ཀ་ཡིན་ནས་ཟེར༎  ཕྱི་ཀ་ཐམས་ཅད་དངོས་ཀ་ཡིན་ནས་ཟེར༎ ཕུར་བ་ཐམས་ཅད་སོ་གཡུ་ཕུར་ཡིན་ཟེར་རྒྱུ་ཅན་གྱི་ལོ་རྒྱུས་རེད།།  

ཡ....ད་ངས་ཨ་ཞང་ཚང་གི་ཐབ་ཀ་འདི་སོ་ཅིག་བསྟོད་ཀྱི་ཅན་རེ་ཡིན་ན། ཐབ་ཀ་སྤྲུལ་བ་རང་འབར་ཡིན་ནས་ཟེར༎  བང་ཀ་གསེར་མུག་དགུ་འཁྱིལ་ཡིན་ནས་ཟེར༎ སང་ང་དངུལ་དཀར་ཆ་བརྒྱད་ཡིན་ནས་ཟེར༎     ཐོམ་བུ་ཐང་དཀར་གཤོག་སྦྱང་ཡིན་ནས་ཟེར༎ སྨྲ་ཨ་ནེ་བྱུ་རུའི་སྣ་ཐོགས་ཅན་ཚོའི༎ ཇ་ཡོ་མར་གི་ཁོལ་མགོ་དགུང་ལ་མཆོད་ན༎ མཆོད་མགོ་སྨུག་ཆུང་འཆད་འཆད་ཡིན་ནས་ཟེར༎ མཆོད་རྔ་སོ་རྒྱ་མཚོ་འཁྱིལ་འཁྱིལ་ཡིན་ཟེར་རྒྱུ་ཅན་གི་ལོ་རྒྱུས་རེད། ཡ....ད་དཔོན་ལྷ་བོའ་ིཐོད་དཀར་གྱི་ལོ་རྒྱུས་སོ་རགས་ཙམ་ཞིག་བཤད་ན། དཔོན་ལྷ་བོ་ཐོད་དཀར༎ ལྷ་རྩེ་ཞལ་ དཀར།།  མར་མེ་རང་འབར༎ མགོ་ཐོག་གི་ནོམ་པ༎ ལྕེ་ཐོག་གི་བདུད་རྩི༎ སྔོན་སློབ་དཔོན་ཐོན་མིའི་བཀའ་རྒྱུད༎ མཁའ་ལ་རྡོ་རྗེ་སྲུང་མའི་གུར་མ་ཞུགས༎ ས་ལ་དཀྱིལ་འཁོར་གྲམ་པའི་ཐུག་མ་ཡལ༎  བར་ལ་རང་འཛིན་མཁའ་འགྲོའ་ིགྲལ་མ་ ཞུགས༎ མདུན་ན་དཀར་མར་གྱི་མཚོ་མ་སྐམ༎ གཡས་ན་དམར་ཆེན་གཏོར་མའི་མདངས་མ་ཉམས༎      ཕྱག་ན་རྔ་ རྡུང་རོལ་མོའ་ིསྒྲ་མ་ཉམས༎ 

001143201a3e09c1bda224.jpg

ཡ....ད་དབྱར་གསུམ་གྱི་དུས་ན་རྫ་གངས་རི་དཀར་པོའ་ིརྩེ་ན་བཞུགས་ནས་ཟེར༎ འབྲུག་ཆུང་སྔོན་མོའི་བཅིབ་པ་བྱས་ནས་ཟེར༎ གནམ་ལྕགས་ཐོག་ལ་ངོ་ཡ་བྱས་ནས་ཟེར།།  སྤྲིན་དཀར་ཁ་ལོ་གཡས་ལ་བསྐོར༎ སྤྲིན་ནག་ཁ་ལོ་གཡོན་ལ་བསྐོར༎ སྡེ་བརྒྱད་ར་མ་བདའ་བདའ་བྱོས༎    སྟོན་གསུམ་གྱི་དུས་ན་རྫ་གངས་རི་དཀར་མོའ་ིའདབས་ནས་བཞུགས༎ ཤ་ཆེན་གྱི་གཏོར་ཆེན་གཡས་ནས་བཤམས༎   ཤ་ཆུང་གི་གཏོར་ཆུང་གཡོན་ནས་བཤམས༎ བཀའ་བརྒྱུད་ ཀྱི་གཏོར་མ་དཀྱིལ་ནས་བཤམས༎  གར་གཏོར་རི་གསུམ་རྩེ་ལ་མཆོད༎ དོམ་ར་ལྷོ་སྤྲིན་འཐིབས་འཐིབས་བྱོས།།  རྔ་སྒྲ་ འབྲུག་ཆུང་ངར་སྐད་དང་འདྲ་གི། མཐུ་འདྲ་གློག་མར་འཁྱུག་འཁྱུག་བྱོས༎ མཐུ་འདྲ་ཕྲ་མོ་རང་འགྲིག་གི་བདག་པོ༎ གནམ་ལྕགས་ཕུར་བུ་རང་བྱོན་གྱི་བདག་པོ༎ ཡར་གྱི་ལྷ་འདུད་གི༎ མར་གྱི་འདྲེ་བདའ་གི༎ མགར་རྩེ་བར་སྔགས(ཨ་ཁུ་དཔོན)ཀྱི་ལོ་རྒྱུས་སོ་བཤད་ན་འདི་མོ་རེད་ཟེར་རྒྱུ་ཅན་རེད། 

ཡ....ད་ངས་ཨ་ཞང་ཚང་གི་སྐྱེས་རྒྱུད་ཚོ་བཤད་ན༎ མི་རྒྱུད་ཅན་གྱི་བདག་པོ་ཡིན་ནོ༎ མགོ་གསེར་ཞྭ་ཅན་གྱི་བླ་ མ་འཁྲུངས་ནས་ཟེར༎ དོག་ཐོབ་ཐང་ཅན་གྱི་དཔོན་པོ་སྐྱེས་ནས་ཟེར༎ སེམས་ཤེས་རྒྱ་ཅན་གྱི་བློན་པོ་སྐྱེས་ནས་ཟེར༎ ཆོས་ལ་མཁས་པའི་བན་ཆུང་སྐྱེས་ནས་ཟེར༎   ཆོས་འདུལ་ཁྲིམས་བརྩད་ནས་མིང་རྟགས་བླང་ནས་ཟེར།།  གནས་རི་ མགོན་གསུམ་ལ་བཤད་པ་བཏང་ནས་ཟེར༎ ཆོས་ལུང་ལྔ་ལ་སྦྱང་བ་བྱོས་ནས་ཟེར༎ བན་ཆོས་ཡོད་ཀྱི་སློབ་ཕྲུག་ཆོས་ལ་ བརྟེན་ནས་ཟེར༎ ཆོས་སྲོལ་གྱི་བྱ་བ་མཐའ་ནས་རྒྱལ་ནས་ཟེར༎ བཙན་སྣ་ཐིག་གི་སྡོང་བོ༎  གཉན་སྣ་ལྕག་གི་སེར་བ༎ དམག་སྣ་ནམ་མཁའི་སྐར་མ༎ དར་དཀར་ཅན་གྱི་ལྷ་རྒྱུད༎  དར་དམར་ཅན་གྱི་བླ་རྒྱུད༎ དར་ནག་ཅན་སྔགས་རྒྱུད་ཚོ་ ཡིན་ཟེར་རྒྱུ་ཅན་རེད།  ཡ....ད་ངས་གཉེན་ཚང་ཚང་གི་སྐྱེས་རྒྱུད་སོ་ཅིག་བཤད་ན། མི་རྒྱུད་ཅན་གྱི་བདག་པོ་ཡིན་ནོ།། དོག་ཐོབ་ཐང་ཅན་ གྱི་དཔོན་པོ་སྐྱེས་ནས་ཟེར༎  སེམས་ཤེས་རྒྱ་ཅན་གྱི་བློན་པོ་སྐྱེས་ནས་ཟེར༎ འཇིག་རྟེན་སྐྱོང་ནས་མཁས་པ་སྐྱེས་ནས་ ཟེར༎    ཆོས་ལ་མཁས་པའི་བན་སྔགས་སྐྱེས་ནས་ཟེར༎ སྔགས་པ་རྔ་སྡོང་ཁྱིམ་ནས་བསྡད་ན༎  རྔ་སྐད་འཛམ་པོའི་གླིང་ནས་གོ་གི། བུ་རྟ་ཁྲ་གསུམ་རི་ནས་བསྡད་ན༎ དཔའ་སྐད་བྱང་ཕྱོགས་ཧོར་ནས་བཤད་གི། ཇ་མ་ཐོམ་བཟུང་ཡུལ་ ནས་བསྡད་ན༎   མགྲོན་ཟས་ཐབས་ཚུལ་རི་ནས་བཤད་གི། བྱ་བཅའ་གི་མི་སྣ་སྐྱེས༎    ཆོས་བཅའ་གི་བན་ཆུང་སྐྱེས༎ འཇིག་རྟེན་སྐྱོང་བའི་མཁས་པ་སྐྱེས་ནས་ཟེར༎ སྟོད་རྒྱ་གར་ཡུལ་ལ་ཆོས་ཟམ་འཕངས་ནས་ཟེར༎ སྨད་རྒྱ་ནག་ཡུལ་ལ་ ཇ་ཟམ་འཕངས་ནས་ཟེར༎    སྐུ་བརྒྱ་བོད་ལ་གཉེན་ཟམ་ཕངས་ནས་ཟེར༎  གཉེན་ཚང་ཚང་གི་ལོ་རྒྱུས་སོ་རགས་ཙམ་ བཤད་ན་འདི་མོ་རེད་ཟེར་རྒྱུ་ཅན་རེད། 

ཡ....ད་ངས་གཉེན་གྱི་དར་བ་རྣམས་གསུམ་སོ་ཅིག་བཤད་ན། དང་པོ་ལྷ་ཀླུ་གཉིས་ཀ་གཉེན་དར།།  ལྷའི་དབང་བོ་ བརྒྱ་བྱིན་གྱི་བུ་མོ་ཀླུ་རྒྱལ་གཙིགས་ན་རིན་ཆེན་ལ་མནའ་མ་བྱིན་ནས་ཟེར༎ ཀླུ་ཕྲུག་དམ་པ་དགེ་སྐུར་དམག་པ་བྱས་ནས་ཟེར།།  སྔ་དཔོན་པདྨ་འབྱུང་གནས་པྱས་ནས་ཟེར༎ ཕྱི་དཔོན་ཕྱག་ན་རྡོ་རྗེ་བྱས་ནས་ཟེར༎ ལྷ་རྟ་དཀར་པོ་བག་རྟ་ བྱས་ནས་ཟེར།།  ལྷ་མོ་དཀར་མོ་བག་རོགས་བྱས་ནས་ཟེར༎ འཇའ་དར་ཚོན་སྣ་ལྔའི་གོས་བསྐོན་ནས་ཟེར༎  རིན་ཆེན་སྣ་ལྔའི་ཕྲེང་བ་བསྐོན་ནས་ཟེར༎ ལྷ་ཆེན་ཚངས་བ་དཀར་པོའི་མགྲོན་མགོ་བྱས་ནས༎  ལྷ་ཕྲུག་དྲི་མེད་མགྲོན་དུ་བོས་ནས་ཟེར༎ སྟེང་ལྷ་ཀླུ་གཉིས་ཀྱིས་སྟོན་མོ་བྱས་ནས་ཟེར༎ དེ་ནས་གནམ་ས་གཉིས་ཀྱི་གཉེན་དར་ནས་ཟེར༎   གནམ་ལྷ་དཀར་པོའ་ིབུ་མོ་སྲ་འཛིན་ལག་པ་ཆེན་མོ་མནའ་མ་བྱིན་ནས་ཟེར༎ བར་བ་ལྷོ་སྤྲིན་སྨུག་པོ་བྱས༎   སྔ་དཔོན་ཉི་མ་སེར་ པོ་བྱས༎ ཕྱི་དཔོན་ཟླ་བ་དཀར་པོ་བྱས༎ སྐྱུ་སེར་རླུང་གི་བག་རྟ་བྱས༎ སྨིན་དྲུག་ཁྲ་མོའ་ིབག་རོགས་བྱས༎ ལྷ་སྲིད་སྡེ་བརྒྱད་མགྲོན་ལ་ཆས་ནས་ཟེར༎  གནམ་ས་གཉིས་ཀྱི་སྟོན་མོ་བྱས་ནས་ཟེར༎ དེ་ནས་རྒྱ་བོད་གཉིས་ཀྱི་གཉེན་དར་ནས་ ཟེར༎ རྒྱའི་སྲས་མོ་རྒྱལ་བཟའ་གོང་ཇོ་བོད་རྒྱལ་སྲུང་བཙན་རྒན་པོར་ཆུང་མ་བྱིན༎ བློན་ཆེན་མགར་དམ་པ་བར་བ་བྱས་ ནས་ཟེར༎ བོད་ལ་བར་བ་དེ་ནས་དར༎ སྔ་དཔོན་ཐུགས་རྗེས་ཆེན་པོ་བྱས༎ ཕྱི་དཔོན་རྗེ་བཙུན་སྒྲོལ་མ་བྱས༎  རྟ་འདོ་ བ་རླུང་གཤོག་བག་རྟ་བྱས༎ སྲས་མོ་དཀར་མོ་བག་རོགས་བྱས༎ བོད་ལ་བག་རོགས་དེ་ནས་དར༎ གོས་དར་སྣ་ཚོགས་ལས་ལ་བསྐོན༎ གསེར་དངུལ་གཉིས་ཀྱིས་བརྒྱན་ཆ་བཏགས༎ གཡུ་བྱུ་རུ་གཉིས་ཀྱིས་ཕྲེང་བ་བསྐོན༎ ཇོ་བོ་ཤག་ཀྱ་མི་ ནེ་རྫོང་བ་བྱིན༎     རྒྱ་སྲས་བྱམས་པ་དོན་འགྲུབ་མགྲོན་མགོ་བྱས༎ རྒྱའི་རྟ་བ་ལྔ་བརྒྱ་མགྲོན་ལ་ཆས༎  སྟེང་རྒྱ་བོད་ གཉིས་ཀྱིས་སྟོན་མོ་བྱས།།   གཉེན་གྱི་དར་བ་རྣམས་གསུམ་སོ་བཤད་ན་འདི་མོ་རེད་ཟེར་རྒྱུ་ཅན་གྱི་ལོ་རྒྱུས་རེད།

0013d44ea47312e57d340e.jpg

 ཡ....ད་ངས་སྟོན་མོའི་བརྒྱན་པ་རྣམ་གསུམ་སོ་ཅིག་བཤད་ན། ཤ་ཁྱ་རྒོད་ཀྱི་སྟེང་ན་ཚུལ་གྱིས་ཡངས་ཤམས་ཀྱིས་བརྒྱན་ནས་ཟེར།།   རྒྱ་ཇ་ཡོས་མར་གྱི་ཁ་ན་འབྲི་མར་སེར་བོའ་ིབརྒྱན་ནས་ཟེར༎ སྟོན་མོ་ཁྲོམ་ཆེན་གྱི་ནང་ནས་བདུད་རྩི་ཆང་གིས་བརྒྱན་ནས་ཟེར།།  ཡ་ད་ངས་གཏམ་གྱི་སྒོ་བ་རྣམ་གསུམ་སོ་ཅིག་བཤད་ན༎ ཀ་ཁ་སུམ་ཅུ་ཆོས་ཀྱི་སྒོ༎ ཀུ་ རེ་རྩེད་མོ་གཏམ་གྱི་སྒོ༎ ནས་ཆང་བདུད་རྩི་ཟས་ཀྱི་སྒོ་ཡིན་ནས་ཟེར༎ གཏམ་གྱི་རྒྱ་མཚོ་རྣམས་གསུམ་སོ་ཅིག་བཤད་ན༎  གསུང་བཞི་ཡིག་དྲུག་ཆོས་ཀྱི་རྒྱ་མཚོ༎ མཁས་པ་མི་གསུམ་གཏམ་གྱི་རྒྱ་མཚོ༎ མཛོ་མོ་ནུ་བཞི་འོ་མའི་རྒྱ་མཚོ༎ སྐྱེས་ཕོ་རབས་ཕོ་འབྲིང་ཕོ་མཐའ་གསུམ་གྱི་གཏམ་གྱི་ལོ་རྒྱུས་སོ་ཅིག་བཤད་ན།  སྐྱེས་ཕོ་རབས་ཀྱི་གཏམ་ཞིག་བཤད་ ན༎ རྒོད་ཐང་དཀར་གྱི་ནམ་འཕང་བསྟད་འདྲ་ཡིན་ནས་ཟེར་གི།༎ འཕུར་གི་འཕུར་གི་ཇེ་མཐོ་ཡིན་རུང་༎ སྤུ་གྲི་རླུང་གི་ མི་གཏོར་ཡིད་སོན་ཡོད་ནས་ཟེར༎ སྐྱེས་ཕོ་འབྲིང་གི་གཏམ་ཞིག་བཤད་ན་གླག་རེག་མོ་རི་སོའུ་གཏུབ་འདྲ་ཡིན་ནས་ཟེར།    འཕུར་གི་འཕུར་གི་ཇེ་དམའ་ཡིན་རུང་།།  གཤོག་སྣེ་བྲག་ལ་མི་ཐུག་ནས་ཡིད་སོན་ཡོད་ནས་ཟེར༎ ཡ་ད་དེ་རིང་འདིར་འཚོགས་ཁྲོན་པ་མང་བོའ་ིནང་ན༎ སྐྱེས་ཕོ་ངན་འདྲ་ཡོད་ཁུ་བཟོས་ནི་མིན་ར༎ སྐྱེས་ཧོ་ངན་ང་འདྲ་འདྲའི་གཏམ་ཞིག་བཤད་ན༎  ཕུག་རོན་སྔོན་མོའ་ིརྒུན་བུ་འཐུས་འདྲ་ཡིན་ནས་ཟེར༎ འཁོར་འཁོར་རས་གཅིག་འབབ་དགོས་ནི་རེད༎    སྒུར་སྒུར་ནས་གཅིག་ལེན་དགོས་ནི་རེད།།  བསྒུངས་བསྒུངས་ནས་གཅིག་མྱིད་དགོས་ནི་རེད༎ དེས་ར་རྔ་སྒྲོ་ལེབ་མོ་སོ་ བྲག་སྟེང་ལ་བཞག་ན༎  མྱིད་ཐག་མི་འཕུད་ནས་ཡིད་སོན་ཡོད་ཟེར་རྒྱུ་ཅན་རེད༎ ཡ....ད་སྐྱེས་ཕོ་རབས་ཀྱི་གཏམ་ལ་ཉན་ན༎ མགོ་བཟུར་རྣ་ཡིས་ཉན་ནས༎ གངས་དཀར་གྱི་སེམས་ལ་དཔྱད་ ནས༎ སྐྱེས་ཕོ་འབྲིང་གི་གཏམ་ལ་ཉན་ན།།   མགོ་ཟུར་གྱི་རྣ་ཡིས་ཉན་ནས༎ རྩད་དྲུག་གི་ལས་ལ་དཔྱད་ནས༎ གངས་དཀར་གྱི་སེམས་ལ་དཔྱད་ནས༎ ད་སྐྱེས་ཕོ་ངན་འདྲ་ཡོད་ཁུ་བཟོས་ནི་མིན་འདྲ༎ སྐྱེས་ཕོ་ངན་གྱི་གཏམ་ལ་ཉན་ན༎ ཁ་ སངས་ང་འདྲ་ཞིག་གདངས་ནས་ཉན་ནས་ཟེར༎  སྣབས་ལུག་རོ་འདྲ་ཞིག་དྲུད་ལས་ཉན་ནས་ཟེར༎ ཁོས་ཆི་བཤད་རྣ་ ཡིས་མ་གོ་ཟེར་ནས་ཟེར༎ ཆི་ཟས་མིག་གི་མ་རིག་ཟེར་ནས་ཟེར༎ ད་སྐྱེས་ཕོ་རབས་ཕོ་འབྲིང་ཕོ་མཐའ་གསུམ་གྱི་ལོ་ རྒྱུས་བཤད་ན་འདི་མོ་རེད་ཟེར་རྒྱུ་ཅན་རེད༎ 

ཡ....ད་ངས་སྟོད་སྨད་ཀྱི་སྟོད་དྲ་ཅིག་བཤད་ན༎ སྟོད་ཀྱི་མངའ་རིས་སྐོར་གསུམ་འདི་དར་དཀར་གྱི་ཡོལ་བ་དགུང་ལ་འཐེན་འདྲ༎  བར་གྱི་དབུས་གཙང་རི་བཞི་འདི་སེང་གེ་དཀར་མོའ་ིགཡུ་རལ་ངོམས་འདྲ༎ སྨད་ཀྱི་མདོ་ཁམས་སྒང་ དྲུག་འདི་སྟག་དར་མའི་ལས་ལ་འཛུམ་དྲུག་རྒྱས་འདྲ༎ ཤར་ལྷོ་ཡི་རྒྱབ་རི་བན་ནག་འདི་བཙན་ཡན་ཤོམས་དམར་བོ་གྲལ་ནས་འགྱངས་འདྲ༎  ལྷོ་རྩེ་དུང་རི་དཀར་མོ་འདི་གསེར་གྱི་མེ་ལོང་ལ་ཉི་སེར་ཕོག་འདྲ།།  རྨ་ཆུ་བོ་གངས་འགའི་བརྒྱན་རི་འདི་རིན་ཆེན་གྱི་མུ་ཏོག་བསྟར་ལ་བརྒྱུས་འདྲ༎ སྐྱེས་པའི་ལྷ་གཉན་དབང་ཕྱུག་འདི་སོར་གཏོར་དགྲ་ལྷའི་གསེར་ མཁར་བཞེངས་འདྲ༎ ནུབ་ཕྱོགས་རྡོ་རྗེ་གཟུ་འབབ་འདི་བྱ་དམར་ཁྱུང་ཆེན་གནམ་ལ་འཕུར་འདྲ༎    རྒྱབ་ཕྱོགས་ཀྱི་ལྷ་ རི་དཀར་མོ་འདི་ནང་ཨ་ཁུ་རང་གི་བརྟེན་པའི་དགྲ་ལྷ༎  ལྷ་རྒྱ་དཔལ་གྱི་རི་བོ་གསེར་མཁར་འདི་ཁྱུང་ཆེན་གྱི་རྣ་བར་བྱུ་ རུའི་བརྒྱན་པ༎ བྱང་ཕྱོགས་ཀྱི་རིན་ཆེན་འདུས་རི་འདི་གོས་དར་གྱི་གསེར་སྡོང་རླུང་གིས་བསྐྱོད་འདྲ༎ ཤར་ཕྱོགས་ཀྱི་ ཨ་མྱེས་གོ་ཆེན་འདི་བུ་དཔའ་བོའ་ིདགྲ་འདུལ་ཇག་ལ་ཆས་འདྲ༎ ལྷོ་ཕྱོགས་ཀྱི་མིང་གྲགས་རྨ་ཆུ་སྔོན་མོ་གཡུ་འབྲུག་སྔོན་ མོ་ཐང་ལ་བབས་འདྲ༎ ནུབ་ཕྱོགས་ཀྱི་བྲག་རི་ཨ་མྱེས་ཁྱུང་མགོན་འདི་བྱ་བརྒྱའི་ཁྱུང་ཆེན་གྱི་གཤོག་རི་བརྒྱངས་འདྲ༎ བར་ལུང་བརྒྱའི་ཨ་མྱེས་རྨ་རྒྱལ་འདི་ཤེལ་དཀར་གྱི་མཆོད་རྟེན་དགུང་ལ་བསྙེགས་འདྲ༎  གསེར་ཆེན་གྱི་རྫུ་དཀར་ཁྲབ་ གོན་འདི་བུ་དཔའ་བོའ་ིལུས་ལ་ཁྲབ་དཀར་གྱོན་འདྲ༎ གསེར་ཐང་གི་སྤྲོ་སྐོང་བྲག་རི་འདི་གསེར་གྱི་མཆོད་རྟེན་དགུང་ལ་ བསྙེགས་འདྲ༎  ད་སྤྱིར་ཆེན་མདོ་དབུས་སྒང་དྲུག་གི་ས་ཆ་འདི་གོས་དར་སྣ་ཚོགས་ཀྱི་གདན་ཆ་བཏངས་འདྲ༎ རྩི་ཤིང་ འབྲུ་བཅུད་ཀྱི་ལོ་འདབ་རྒྱས་ས༎ རྟ་ནོར་ལུག་གསུམ་གྱི་ཤ་ཤེད་འཕེལ་ས༎ གང་ཟག་ཀུན་གྱི་གཏེར་ཁ་འདོན་ས།།  ས་ ཡིན་ན་ཕུན་སུམ་ཚོགས་པའི་ས་ཆ་སོ་ཡིན་ཟེར་རྒྱུ་ཅན་རེད། 

ཡ....ད་ངའི་དེ་རིང་བཀྲ་ཤིས་པའི་ཁ་གཡང་ཞིག་བོས་ན། རྒན་པ་རྣམས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག གཞོན་པ་རྣམས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག ཟས་གོས་ལ་མཛད་སྟོང་མེད་པའི་བཀྲ་ཤིས་ཤོག བཀྲ་ཤིས་གཡང་དུ་འཁྱིལ་ བའི་བཀྲ་ཤིས་ཤོག ཡ....ཨ་ཞང་ཚང(གཉེན་ཚང་ཚང་)གི་མ་ཧྲི་ཚང་མའི་ལྷ་ཁྲུས་དཀར་པོའི་ནང་ལ། སེང་གེ་དཀར་མོའི་འོ་མ་བླུགས་ནས། རྒྱ་སྟག་དམར་བོའི་མཁྲིས་པ་བསྲེས་ནས།  གཉེན་ཚང་ཚང་ལ་ཁྲོས་ཞིག་བྱོས་དང་། གཉེན་ཚང་ཚང་གི་ཟེར་གི། ར། ཆུ་ཐོམ་རེ་བླུག་ན་དར་ཁ་རེ་སྟེར་ར་ཟེར། ཆུ་ཟོ་རེ་བླུག་ན་དར་འདོམས་རེ་སྟེར་ར་ཟེར་གི་ཞེས་རྫོགས་སོ།།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།