ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་འདབ་པ་སྟོང་ཉིད་ལུང་བའི་དམངས་ཁྲོད་རྩོམ་རིག་སྐོར་གྱི་གཏམ་ཐོས་པ་གཅེས་བསྒྲིགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཉེན་སྒྲིག་རིག་གནས་ཀྱི་སྐོར།  

གཅིག  གཉེན་བསུ་གླུ་ལེན་གྱི་སྐོར།

༡. རྟ་བབས་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་། རྟ་ར་པའི་གསེར་གྱི་སྒ་ཆས། ཤེལ་མེ་ལོང་རྐྱང་གི་ཐོད་གཙུག་སྣང་། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་། རྟ་མི་བབས་མི་བབས་རྟ་མི་བབས། མགྲོན་ང་ཚོའི་བཞུགས་སའི་གདན་ཨེ་ཡོད།  རྟ་བབས་རོགས་བབས་རོགས་རྟ་བབས་རོགས།  མགྲོན་ཁྱེད་ཚོར་བཞུགས་སའི་གདན་ཡོད། རྟ་མི་བབས་མི་བབས་རྟ་མི་བབསའ། རྟ་རྐྱང་རྐྱང་བཀག་སའི་རྟ་རྭ་ཨེ་ཡོད།  རྟ་བབས་རོགས་བབས་རོགས་རྟ་བབས་རོགས།  རྟ་རྐྱང་རྐྱང་བཀག་སའི་རྟ་རྭ་ཡོད། རྟ་མི་བབས་མི་བབས་རྟ་མི་བབས། སྒ་གསེར་སྒ་བཞག་སའི་རྡང་ཨེ་ཡོད། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། སྒ་གསེར་སྒ་བཞག་སའི་རྡང་ཡོད། རྟ་མི་བབས་མི་བབས་རྟ་མི་བབས། སྲབ་གསེར་སྲབ་འཕྱང་ས་འགུག་ཨེ་ཡོད། རྟ་བབས་རོགས་བབས་རོགས་རྟ་བབས་རོགས། སྲབ་གསེར་སྲབ་འཕྱང་ས་འགུག་ཡོད།

ce205e14e3200743261df3b0f1393004.jpg

༢. ཆུ་བླུག་གི་གླུ། ཨེ་ལི་ལ་མོ་ཨེ་གླུ་རེད།  ཨེ་གླུ་ངའི་ཁ་གླུ་རེད། དེ་རིང་བསྐལ་བ་ཡར་བཟང་རེད།  རྟེན་འབྲེལ་ཡར་འགྲིག་རེད།  ཆུ་འདི་མ་བཏབ་ཁག་མེད་རེད།  གངས་སེང་དཀར་མོའི་འོ་མ་ཡིན།  གཡུ་འབྲུག་སྔོན་མོའ་ིཁ་མཆུ་ རེད།  ཆུ་འདི་མ་བཏབ་ཁག་མེད་རེད། ཆུ་མ་བཏབ་མ་བཏབ་ཆུ་མ་བཏབ།  མགྲོན་ང་ཚོའི་ཐོག་ལ་ཆུ་མ་བཏབ། མགོ་ཞྭ་མོ་ཁྲ་མོ་བརླན་པ་ཡིན། ལུས་རྒྱལ་གོས་ཁྲ་མོ་བརླན་པ་ཡིན།  རྟ་གསེར་སྒ་ཁྲ་མོ་བརླན་པ་ཡིན། ཆུ་འདི་མ་བཏབ་ཁ་མེད་རེད། བྱ་རྒྱལ་ཁྱུང་གི་སྒོ་ང་རེད། སྐལ་བ་བཟང་བོའ་ིནས་འབྲུ་རེད།  ཆུ་འདི་མ་བཏབ་ཁ་མེད་རེད།

༣.ཐར་གླུ་སྒོ་བཀག་གི་གླུ། སྒོ་ཡར་ཕྱོགས་ཡི་གེ་ཨེ་ཡིས་བཀག མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་། ཡི་གེ་ཨེ་ཡི་ང་མི་བཀག ཡི་གེ་ཨེ་ཆུང་ངེད་གཉིས་མཉམ་དུ་འོང། སྒོ་མར་ཕྱོགས་སྒོ་ཁྱི་ཆེན་པོས་བཀག  མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་། སྒོ་ཁྱི་ཆེན་པོས་ང་མི་བཀག   ནགས་སྟག་མོ་ངེད་གཉིས་མཉམ་དུ་འོངས། མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང། སྐས་འགོ་བྱ་ཕོ་གདོང་གིས་བཀག བྱ་ཕོ་གདོང་གི་ང་མི་བཀག ཕྲ་བྱ་ཁྲ་ངེད་གཉིས་མཉམ་དུ་འོང། མགྲོན་ཁྱེད་ཚོ་བྱོན་བར་ལམ་མི་གནང་།  ཐབ་ཀ་རྟ་མགོ་ཟུར་གྱིས་བཀག རྟ་མགོ་ཟུར་གྱིས་ང་མི་བཀག   ཇ་འཁོར་དྲུག་ངེད་གཉིས་མཉམ་དུ་འོངས། 

79f626c2c04037ae3ca089a4bf67f490.jpg

༤. རྒྱ་གར་སྡེ་བཞིའི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་།  མགྲོན་ཁྱེད་ཚོ་བྱོན་པར་གང་ནས་བྱོན།  མགྲོན་ང་ཚོ་འོང་བ་རྒྱ་གར་ནས་འོང། རྒྱ་གར་འོང་ན་རྒྱ་ གར་སྡེ་བཞི་པཤད་ཤོག རྒྱ་གར་བླ་མ་ཆོས་ལམ་བདེ་བྱུང་། རྒྱ་གར་དཔོན་པོ་ཁྲིམས་ལམ་བདེ་བྱུང་། རྒྱ་གར་སྐྱེས་པ་ཚོང་ལམ་བདེ་བྱུང་། རྒྱ་གར་བུ་མོ་གཉེན་ལམ་བདེ་བྱུང་། མགྲོན་ཁྱེད་ཚོར་ལམ་ཞག་གང་ས་སྡོད།  མགྲོན་ང་ཚོ་ཞག་ལམ་ཉ་ཆུ་ཁ་ལ་སྡོད། ཉ་ཆུ་ཁ་ལ་སྡོད་ནས་ཉ་ཆུ་རྐྱལ་གསུམ་བཤད། རྐྱང་རྐྱང་རྟ་ཡི་སྦུ་རྐྱལ་བྱེད་དེ་འོང། བྱོལ་གསུམ་ཉ་ཡི་འདབ་རྐྱལ་བྱས་ཏེ་འོང། མགོ་ནག་མི་ཡི་བཞི་རྐྱལ་བྱེད་དེ་འོང། མགྲོན་ཁྱེད་ཚོས་དགོང་རྒྱགས་གང་ནས་ཟ། མགྲོན་ང་ཚོས་དགོང་རྒྱགས་སྤང་དཀར་སྟོད་ལ་འཆར། སྤང་དཀར་སྟོད་ལ་བཟས་ན་དྲོ་གསུམ་བཤད། གསེར་ཉི་མ་དྲོ་དྲོ་རྒྱབ་ཏུ་ དྲོ། གོས་ཚ་རི་ལྤགས་པ་བར་དུ་དྲོ།  ཆང་ཨེ་རག་དྲོ་དྲོ་ནང་དུ་དྲོ། 

གཉིས། བསྟོད་གླུའི་སྐོར།

༡. མགྱོགས་དྲིའི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་།  རི་གསེར་རི་ཕུག་ནས་བྱོན་པའི་མགྲོན།  སྡུག་དཀའ་ལས་ཨེ་བྱུང་མགྲོན་པོ་ཀུན།  གསེར་མེ་ཏོག་ཁུར་ཏེ་བསུ་དགོས་བསམ། བསུ་བསམ་གྱི་བསུ་མི་ཁོམ་པ།  སྡུག་དཀའ་ལས་ཨེ་བྱུང་མགྲོན་པོ་ཚོ། རི་དངུལ་རི་ཕུགས་ནས་བྱོན་པའི་མགྲོན།  སྡུག་དཀའ་ལས་ཨེ་བྱུང་མགྲོན་པོ་ཀུན།  དངུལ་མེ་ཏོག་ཁུར་ཏེ་བསུ་དགོས་བསམ། བསུ་བསམ་གྱི་ བསུ་མི་ཁོམ་པ།  སྡུག་དཀའ་ལས་ཨེ་བྱུང་མགྲོན་མོ་ཚོ། རི་གཡུ་རི་ཕུགས་ནས་བྱོན་པའི་མགྲོན།  སྡུག་དཀའ་ལས་ཨེ་བྱུང་མགྲོན་པོ་ཀུན།  གཡུ་མེ་ཏོག་ཁུར་ཏེ་བསུ་དགོས་བསམ། བསུ་བསམ་གྱི་བསུ་མི་ཁོམ་པ།  སྡུག་དཀའ་ལས་ཨེ་བྱུང་མགྲོན་པོ་ཚོ། 

12e0c33b9ea63e9c69eba0ed36d033ba.jpg

༢. གྲལ་བསྟོད་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས། མགྲོན་བྱོན་བྱུང་། ཁམས་ བཟང་བྱུང་། གྲལ་ཡག་པོ་ཡག་པོ་གྲལ་ཡག་པོ།  གྲལ་མགོ་ཉི་མ་ཤར་འདྲ་སྣང་། གྲལ་ཡག་པོ་ཡག་པོ་གྲལ་ཡག་པོ།  གྲལ་སྐེད་ ཟླ་བ་ཤར་འདྲ་སྣང་། གྲལ་ཡག་པོ་ཡག་པོ་གྲལ་ཡག་པོ།  གྲལ་མཇུག་སྨན་དྲུག་ཤར་འདྲ་སྣང་། 

༣. གདན་བསྟོད་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བ་ོབཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་། གདན་ཡག་པོ་ཡག་པོ་གདན་ཡག་པོ།  གྲལ་མགོ་གསེར་གདན་རྒྱག་འདྲ་སྣང་། གདན་ཡག་པོ་ཡག་པོ་གདན་ཡག་ པོ།  གྲལ་སྐེད་དངུལ་གདན་རྒྱག་འདྲ་སྣང་། གདན་ཡག་པོ་ཡག་པོ་གདན་ཡག་པོ།  གྲལ་མཇུག་གཡུ་གདན་རྒྱག་འདྲ་ སྣང་།

༤. ཟས་བསྟོད་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང། ཟས་ཞིམ་པོ་ཞིམ་པོ་ཟས་ཞིམ་པོ།  ཡུལ་ལྷ་སར་བཟོས་པའི་གྲོ་དཀར་ཟས། ཟས་ཞིམ་པོ་ཞིམ་འདི་འདྲ་སྣང་། ཟས་ཞིམ་པོ་ཞིམ་པོ་ཟས་ཞིམ་པོ། སྨད་རྒྱ་ཡུལ་བཟོས་པའི་འབྲས་དཀར་ཟས། ཟས་ཞིམ་པོ་ཞིམ་འདི་འདྲ་སྣང་། ཟས་ཞིམ་པོ་ཞིམ་པོ་ཟས་ཞིམ་པོ།  བོད་རང་ཡུལ་བཟོས་པའི་སོ་དཀར་ཟས། ཟས་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། 

༥. ཆང་བསྟོད་ཀྱི་གླུ། ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་ བཟང་བྱུང། ཆང་ཞིམ་པོ་ཞིམ་པོ་ཆང་ཞིམ་པོ། ཡུལ་ལྷ་ས་བཙོས་པའི་གྲོ་དཀར་ཆང་། ཆང་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། ཆང་ཞིམ་པོ་ཞིམ་པོ་ཆང་ཞིམ་པོ། སྨད་རྒྱ་ཡུལ་བཙོས་པའི་འབྲས་དཀར་ཆང་། ཆང་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། ཆང་ཞིམ་པོ་ཞིམ་པོ་ཆང་ཞིམ་པོ། བོད་རང་ཡུལ་བཙོས་པའི་སོ་དཀར་ཆང་། ཆང་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། 

༦. སྤགས་བསྟོད་ཀྱི་གླུ།  ཉིན་བཟང་བོ་བཀྲ་ཤིས་ཉི་མ། སྐར་བཟང་བོ་བཀྲ་ཤིས་ཚེས་གྲངས།  མགྲོན་བྱོན་བྱུང་། ཁམས་བཟང་བྱུང་།  སྤགས་ཞིམ་པོ་ཞིམ་པོ་སྤགས་ཞིམ་པོ། ཟིབ་དཀར་འབྲིའི་རྩིབས་རྩ་སྣང་། སྤགས་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། སྤགས་ཞིམ་པོ་ཞིམ་པོ་སྤགས་ཞིམ་པོ། གཡང་དཀར་ལུག་གི་རྩིབས་གདད་སྣང་། སྤགས་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་།  སྤགས་ཞིམ་པོ་ཞིམ་པོ་སྤགས་ཞིམ་པོ།  ཨེ་ལོད་ཕག་གི་སྐེ་དགུག་སྣང་། སྤགས་ཞིམ་པོ་ཞིམ་པོ་འདི་འདྲ་སྣང་། 

5f190a2ef9bfcc889086e71958fd8ffb.jpg

གསུམ། གཏམ་བཤད་ཀྱི་སྐོར།

༡. ཆང་ཕུལ་ཨ་མ། དེ་རིང་བཀའ་དྲིན་སྐྱོང།  གནམ་འཁོར་ལོ་རྩིབས་དགུའི(རྩིབས་བརྒྱད)ཐོག་ཏུ།  ཉི་མ་དང་སྐར་མ་ཟླ་བ་བཟང།  བར་རླུང་གི་ར་བ་ལ་མེ་སྤྲིན་དང་ལྷ་སྤྲིན་ཚོགས།  ས་པད་མ་འདབ་མ་བརྒྱད་པའི་ཐོག་ལ།  དམ་པའི་ཆོས་ལམ་བདེ།  གནས་སྐབས་བདེ་བ་ཆེན་པོ་འདིའི་ཐོག་འདྲ་ཞིག་ཡིན་ན།  དེ་རིང་གནམ་ལ་སྐར་མ་བཟང་།  ས་ལ་དུས་ཚོད་བདེ། ལོའི་རྒྱལ་པོ་བཟང་།  ཟླ་བ་དང་བློན་པོ་བཟང་།  ཚེས་གྲངས་དང་ཞག་སྐར་བཟང་།  འདི་དུས་ཚོད་ཀྱི་ མཚོན་ཆ་སྣ་གསུམ་འཛོམས།  གན་བཟང་གསུམ་ཐམས་ཅད་ལམ་ལ་འཛོམས།  བྱ་གསུམ་ཐམས་ཅད་རྩི་ཡང་ཞག གནས་སྐབས་བདེ་བ་ཆེན་པོ་འདིའི་ཐོག་འདྲ་ཞིག་ཡིན་ན།  འདི་དུས་གསུམ་གྱི་དུས་ཆེན་པོ་འདི།  བདག་ཅག་ཤཱཀྱ་ཐུབ་པའི་དུས། གཉེན་གསུམ་གྱི་གཉེན་ཆེན་པོ་འདི། བཀྲ་ཤིས་དགའ་ལྡན་ཆེན་པོའ་ིགཉེན་ཟེར་ས་ཐོག་ཕོག་རན།  ཉིན་བཟང་བོ་བཀྲ་ཤིས་ཀྱི་ཉི་མ།  སྐར་བཟང་བོ་རྒྱལ་ཕུར་གྱི་འགྲུབ་སྦྱོར།  རྟེན་འབྲེལ་ལམ་གྱི་འགོ་མ།  བསོད་ནམས་ལམ་གྱི་བཟུང་ཞིང་། རྟེན་འབྲེལ་འདི་རྒྱ་ཆེ་བོའ་ིཐོག་ཏུ་རྟེན་འབྲེལ་བྱུང་ངོ་ཟེར་སྟེ།  ཡར་ཞུ་ཚིག་གསུམ་འདི་བཤད་དགོས་པ་ཟེར་ཡིན་པའོ། དེ་རིང་བཀྲ་ཤིས་དགའ་ལྡན་ཆེན་པོ།  གཉེན་གྲངས་སྐལ་བ་བཟང་བོ།  རྟེན་འབྲེལ་འདི་རྒྱ་ཆེ་བོའི་ཐོག་ཏུ་རྟེན་འབྲེལ་བྱུང་ངོ་ཟེར་ནས་འདི་བཤད་དགོས་པའོ།།  ཆང་ཆང་མ་བཙོ་ཡི་ཆང་བཤད་པའི་འོ་མ་ཧ་ལམ་ཚིག་གསུམ་ཞིག་བཤད་པ་ཟེར་ན།  སང་ཉིན་མ་གཅིག་དྲུག་སྤུན་ལྷ་མོའ་ིཆང་ཅིག་བཙོས།  མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཕབ་ཅིག་བཏབ།  ག་ཞག་གཅིག་ཞག་གཉིས་ཞག་རེ་གསུམ།  ཞག་གཅིག་སོང་རན་རུལ་ནས་ཟེར།  ཞག་གཉིས་སོང་རན་སྦུག་ནས་ཟེར།  ཞག་གསུམ་སོང་རན་ཧམ་ནས་ཟེར།  སྦུག་རུལ་ཧམ་གསུམ་འཛོམས་ཀྱི་ཆང་བ་ཆང་ཟེར་ས་ཐོག་ཕོག་རན།  ལྷའི་བདུད་རྩི་ཙམ་ཕུལ་ན་ཡང་ཕུལ་མི་བདེ།  ལྷར་བདུད་རྩི་ཕུལ་ཏེ་དངོས་སྒྲུབ་ཡང་མི་འབྱུང་།  གོང་བླ་མ་རྩ་དྲངས་ནས་གསོལ་ན་ཡང་མི་བདེ།  གོང་བླ་མས་གསོལ་ཏེ་ཆོས་བཤད་ཡང་མི་དྲན།  སྡེ་དཔོན་པོའ་ིརྩ་དྲངས་ནས་གསོལ་ན་ ཡང་མི་བདེ། སྡེ་དཔོན་པོས་གསོལ་ཏེ་ཁྲིམས་བཤད་ཡང་མི་དྲན།  ཡུལ་སྔགས་ཆུང་རྩ་དྲངས་ནས་གསོལ་ན་ཡང་མི་བདེ།  ཡུལ་སྔགས་ཆུང་གི་གསོལ་ཏེ་མདོ་སྔགས་ཡང་མི་དྲན།  

51b9ba8168fdceb85f3ac29ff310d50c.jpg

འདི་ཡུལ་གྱི་ཕ་འཁོར་རྣམ་པ་ཚོའི་དྲངས་ནས་གསོལ་ན་ཡང་མི་བདེ།  ཕ་འཁོར་རྣམ་པ་ཚོས་གསོལ་ཏེ་གྲལ་གཏམ་ཡང་མི་དྲན།  ཡུལ་གྱི་མ་ལོ་རྣམ་པའི་ཚོགས་དྲངས་ནས་གསོལ་ན་ཡང་མི་བདེ། ཡུལ་གྱི་མ་ལོ་རྣམ་པའི་ཚོགས་གསོལ་ཏེ་ཟས་ལེན་དང་ལོངས་སྤྱོད་ཡང་མི་དྲན།  འདི་ཡུལ་གྱི་ཕོ་གསར་རྣམ་པའི་ཚོགས་དྲངས་ནས་གསོལ་ན་ཡང་མི་བདེ།  ཡུལ་གྱི་ཕོ་གསར་རྣམ་པའི་གསོལ་ཏེ་མདའ་ར་དང་མདའ་ རྩི་ཡང་མི་དྲན།  ཡུལ་གྱི་བུ་མོ་རྣམ་པའི་ཚོགས་དྲངས་ནས་གསོལ་ན་ཡང་མི་བདེ། ཡུལ་གྱི་བུ་མོ་རྣམ་པའི་གསོལ་ཏེ་བྲོ་ འཆམ་དང་གླུ་ལེན་ཡང་མི་དྲན།  འདི་གསོལ་པའི་མི་ཐམས་ཅད་འདི་མཐའ་ཡས་ལྕགས་རི་ཟངས་རི་རྒྱབ་ཏེ་ཞབས་ལ་མཆོད་དེ།  ཨ་བཟའ་མའི་ལག་དུག་སྣང་ཟེར་སྟེ།  འཁྲུལ་དང་ཕྱེ་གཉིས་བྱེད་དེ་སྨན་ཡང་གྱུར།  དཀར་དམག་ཟངས་ཀྱི་སྦྱར་དུག་སྣང་ཟེར་ཏེ་བསྲེགས་དང་དྲེག་གཉིས་བྱེད་དེ་སྨན་ཡང་གྱུར།  བདུད་རྩི་ཕབ་ཀྱི་སྡོམ་དུག་སྣང་ཟེར་སྟེ།  བསྐོལ་དང་གཡོ་གཉིས་བྱེད་དེ་སྨན་ཡང་གྱུར།  སྔོ་མོ་ནས་ཡང་སྙེ་དུག་སྣང་ཟེར་སྟེ།  བཀྲུགས་དང་བསྐོར་གཉིས་བྱེད་དེ་སྨན་ཡང་གྱུར།  སང་ཉིན་མ་མཁའ་འགྲོས་ཆང་ཅིག་བཙོ།  སྔགས་ཆུང་མེ་མདའ་ར་བས་ཕབ་ཀྱི་བཏབ།  ག་ཞག་གཅིག་ཞག་ གཉིས་ཞག་རེ་གསུམ།  ཞག་གཅིག་སོང་རན་ཞིམ་ནས་ཟེར།  ཞིམ་དྲག་དོམ་ནག་མཁྲིས་པ་འདྲ།  ཞག་གཉིས་སོང་རན་མངར་ནས་ཟེར།  མངར་དྲག་མང་སྦྲང་སྦྲང་དཀར་འདྲ།  ཞག་གསུམ་སོང་རན་གས་ནས་ཟེར།  གས་དྲག་གྱང་ཚ་ཚ་ཆུ་ འདྲ།  ཞིམ་མངར་གེས་གསུམ་འཛོམས་ཀྱི་ཆང་པ་ཆང་ཟེར་ས་ཐོག་ཕོག་རན།  ལྷ་བདུད་རྩི་རྩམ་ཕུལ་ན་ཡང་བདེའོ།  དེ་དངོས་འགྲུབ་ཡང་འབྱུང་ངོ་།  གོང་བླ་མ་རྩ་ཕུལ་ནས་གསོལ་ན་ཡང་བདེའོ།  གོང་བླ་མས་གསོལ་ན་ཆོས་བཤད་ཡང་དྲན་ནོ།  སྡེ་དཔོན་པོའ་ིརྩ་དྲངས་ནས་གསོལ་ན་ཡང་བདེའོ།  སྡེ་དཔོན་པོས་གསོལ་ཏེ་ཁྲིམས་བཤད་ཡང་དྲན་ནོ།  ཡུལ་ སྔགས་ཆུང་རྩ་དྲངས་ནས་གསོལ་ན་ཡང་བདེའོ།  ཡུལ་སྔགས་ཆུང་གསོལ་ཏེ་མདོ་སྔགས་ཡང་དྲན་ནོ།  དེ་ཡུལ་གྱི་ཕ་འཁོར་རྣམ་པ་རྩ་དྲངས་ནས་གསོལ་ན་ཡང་བདེའོ།  ཕ་འཁོར་རྣམ་པས་གསོལ་ཏེ་གྲལ་གཏམ་ཡང་དྲན་ནོ།  ཡུལ་གྱི་མ་ལོ་རྣམ་པ་རྩ་དྲངས་ནས་གསོལ་ན་ཡང་བདེའོ།  མ་ལོ་རྣམ་པས་གསོལ་ཏེ་ཟས་ལེན་དང་ལོངས་སྤྱོད་ཡང་དྲན་ནོ།  དེ་ཡུལ་གྱི་ཕོ་གསར་རྣམ་པ་རྩ་དྲངས་ནས་གསོལ་ན་ཡང་བདེའོ།།  ཕོ་གསར་རྣམ་པས་གསོལ་ཏེ་མདའ་ར་དང་མདའ་རྩི་ཡང་དྲན་ནོ།།  ཡུལ་གྱི་བུ་མོ་རྣམ་པ་རྩ་དྲངས་ནས་གསོལ་ན་ཡང་བདེའོ།།  ཡུལ་གྱི་བུ་མོ་རྣམ་པས་གསོལ་ཏེ་བྲོ་འཆམ་དང་གླུ་ལེན་ཡང་དྲན་ནོ།། འདི་སྔོ་མོ་ནས་ཀྱི་ཆང་ཞིག་བཙོས།  ཆང་ཆང་ཟངས་ནང་ལ་ཆུ་ཞིག་བླུག  ཕབ་བདུད་རྩི་ཡག་གི་རྟེན་འབྲེལ་ཆེན་པོ་འདི་འདྲ་བྱུང་ཟེར་སྟེ་ཡར་ཞུ་བ་བདག་ལ་འདི་འདྲ་བཤད་དགོས་ཟེར་ན་བཤད་པ་ཡིན།  

accebcf9516ac9cdf9b76d0221a550a1.jpg

༢. གཏམ་མ། གྲགས་པོ་ཚང་གི་ཕ་བུ་ཆུང་ཟེར་ནས་ཁ་མར་འཁོར་ཏེ་གཏམ་བཤད་མི་མ་གཏོགས་ཁ་ཡག་འཁོར་མིའམ་བཤད་མི་ག་ཕོག་དང་བཅས་ཡིན་ཟེར་ཏེ།  འདི་མི་རབས་འདིའི་མི་རྒན།  སྲིད་པ་ཆགས་པའི་གངས་རྒན་རེད།  བསོད་ནམས་འཁོར་བའི་གཡང་རྒན་རེད།  འདི་གོས་ཅན་གྱི་ཚབ་ཕྱིས་རེད།  ཙན་དན་གྱི་ཐབ་ཤིང་རེད།  ཐུགས་དགོངས་པ་ས་ཕྱོགས་ནས་མ་ཚོམས་རོགས་ཟེར་དེ་ཞུ་དགོས།  ང་ཚོ་མི་ངན་གྲལ་འདུག་པའི་མི་ཁྱོན་འདི།  མི་མིན་གྱི་མི་བཀུར།  བྱ་མིན་གྱི་ཆང་བཙོ།  མི་མིན་པོ་གེ་སར་བརྩི།  བྱ་མིན་པོ་རྒོད་ལྷ་བརྩི།  ཡར་མཁར་རྡོ་ལྕོག་མའི་བརྩི་འཇོག་བྱེད་རོགས་བྱེད་དེ།  སང་ཉིན་སློབ་དོན་དེ་དཀྱིལ་འཁོར་ནང་ལ་ལྷ་ཚང་ཡིན།  བུམ་པ་ནང་ལ་རྫས་ཚང་ཡིན།  རི་ མོ་ནང་ལ་རྩི་ཚང་ཡིན།  ཐིག་ལེ་ནང་ལ་མཛེས་ཚང་ཡིན།  ལམ་རྗེས་གྲུབ་ཐོག་ལ་རྗེས་ཚང་ཡིན།  ནམ་མཁའི་སྟོད་ལ་སྐར་ཚང་ཡིན།  ཤ་ལྤགས་པགས་ནང་ལ་ལྷུ་ཚང་ཡིན།  མེ་ལོང་ནང་ལ་གཟུགས་ཚང་ཡིན།  ཇ་འཁོར་དྲུག་ནང་ལ་བཅུད་ཚང་ཡིན།  མར་འདུས་མ་ཚང་མེད་པའི་གསེར་རྒྱ་ཁབ་ཕྲ་མོ་བརྩི། ནང་ཡུར་གོར་ཆགས་ཀྱི་བརྗེད་གཟི་ཡང་མི་སྣང་ཟེར་ས་ཕོག་རན་སང་ཉིན་ཤི་མ་མྱོང་དམྱལ་བ་ལུགས་བརྒྱད་དུས་མ་འོངས་ད་ལྟ་འདས་གསུམ།  རྒས་མ་མྱོང་ཕ་ཚེའི་བུ་རབས།  འདི་སློབ་དོན་དེ་ས་བཤད་དེ་སའི་གོ་ཡིན།  རྡོ་བཤད་དེ་རྡོའ་ིགོ་ཡིན།  མི་མ་ཚད་བྱོལ་གསུམ་ཡང་གོ་ཡིན།  བཤད་ཐོན་ས་ཐོག་ཕོག་རན།  ངའི་གཏམ་ལ་ཡང་བཤད།  ཕྱིས་ལ་ཡང་བཏགས།  གང་དགོས་ཟེར་ན།  ང་མི་ཕོ་ གྲལ་ནང་འདུག་ན་བཤད་སྐལ།  རྟ་ཕོ་གདང་ལ་བཏགས་ན་རྒྱུག་སྐལ།  མེ་ཏོག་སྤང་ནང་སྐྱེས་ན་གཟན་སྐལ།  ཤ་བ་རི་ལ་སྐྱེས་ན་གཞི་བདག  གཅིག་བཤད་དགོས་པའི་བསྲེགས་བཅད་བརྡར་གསུམ་འདི་འདྲ་སྣང་ཟེར་སྟེ་ཞུ་དགོས་ཡིན། 

541c81d742ebb83e62cfd7a94031d0e7.jpg

༣. མགྲོན་བསྟོད།  ཕྱོགས་ཀྱི་ལྷ་མགྲོན་རྣམ་པ་ཟེར་ས་ཐོག་ཕོག་རན།  མགྲོན་གྱི་སྤྱི་མགྲོན་རྣམ་པ་ཟེར་ས་ཐོག་ཕོག་རན།  འདི་ལས་སླ་སླ་དང་སྟབས་བདེ་བདེ་ཡོད་རྒྱུ་མ་རེད།  འདི་ཤ་ཕོ་རི་རབས་བསྐོར་བའི་བྲེལ་བ།  རི་བོང་གཙང་ ཆུ་བསྐོར་བའི་བྲེལ་བ།  བྱེའུ་ཆུང་ལྕང་སྡོང་བསྐོར་བའི་བྲེལ་བ། འབྲི་ཟིལ་དཀར་སྤང་མཐར་བསྐོར་བའི་བྲེལ་བ།  རྐྱང་རྐྱང་ཐང་བསྐོར་རྒྱབ་པའི་བྲེལ་བ།  འདི་བྲེལ་བ་རྒྱ་ཆེ་པོ་སྟོང་དྲུག་བཅུ་རྩ་གཉིས་ཡོད་རྒྱུར་རེད། འདི་བྲེལ་བ་བརྒྱ་ཡོད་ན་སྟོང་ཡང་སྤང་ཆོག  འདི་འདྲའི་བྱོན་རབས་ཡོད།  འདི་འདྲའི་རྟེན་འབྲེལ་འགྲིག་འོངས་རབས་ཡོད།  འདི་འདྲའི་གྲལ་མགྲོན་ཕེབས་འོངས་རབས་ཡོད།  འདི་དགའ་སྤྲོ་ངོ་མཚར་ཤིན་ཏུ་ཆེ་བྱུང་།  སྐལ་བ་ནི་ཤིན་དུ་བཟང་བྱུང་།  ཡར་ཞུ་ཚིག་གསུམ་དེ་འདི་འདྲའི་བཤད་དགོས་སྣང་།  མགྲོན་གྱི་ནང་མགྲོན་རྣམ་པ་ཟེར་ས་ཐོག་ཕོག་རན།  འདི་བདག་པོ་སྦྱིན་བདག་ཚང་ཕོག་རན།  འདི་གཉེན་སྒྲིག་མཚར་མོ།  སྡེ་ཁ་མིང་བཏགས་བཟོ་རྒྱུ་འདི་མི་ཚེའི་བྱ་བ་སྣང་བསམ།  སྐལ་བའི་རྟ་མཆོག་སྣང་བསམ།  ཕ་རིགས་གནམ་གྱི་སྐར་མ།  མ་རིགས་བྱའི་འདབ་རྩལ།  འདིའདྲའི་ཁྲ་སེར་སེར་སྤུ་རོབ་རོབ།  འདི་བྲེལ་བ་བརྒྱ་ཡོད་ན་སྟོང་ཡང་སྤང་ཐོབ།  འདིའདྲའི་བྱོན་རབས་ཡོད་མྱོང་།  རྒྱང་རིང་མགྲོན་མོ་ཀུན་ཡིན་ན།  དེ་མི་སྲོག་དེ་རྟར་བཏགས།  རྟ་སྲོག་དེ་ལག་དུ་བཏགས།  རྟ་མགོ་ལ་རྩེ་མཉམ་དང་བྱེད་དེ་འོངས་རོགས་ཡོད་རྒྱུ་འདི།  ཁ་ར་ཁོག་པ་བཟོ་རོགས་ཟེར་དགོས་སྣང་།  བྱ་ར་སློབ་གསོ་གཏོང་རོགས་ཟེར་དགོས་སྣང་།  ཁ་སང་ཕར་སུ་རྩིས།  དེ་རིང་ཚུར་སུ་རྩིས།  ཁ་ར་ཁོག་པ་སློབ་རོགས་བཟོ་དགོས་སྣང་།  འདི་འདྲའི་བྱོན་རབས་ཡོད་རྒྱུ་འདི།  དགའ་སྤྲོ་འོངས་ཚད་ཤིན་ཏུ་ཆེ་བྱུང་།  སྐལ་བ་འོངས་ཚད་ཤིན་ཏུ་ཡག་བྱུང་། གྲལ་གཡས་གྲལ་གཡོན་གྲལ་གདོང་གྲལ་གསུམ།  གཡས་གྲལ་གསེར་གྱི་ཉི་མ་ཤར་འདྲ།  གཡོན་གྲལ་དུང་གི་ཟླ་བ་རྒྱས་འདྲ།  གདོང་གྲལ་གཡུའི་གཡུ་འབྲུག་བཀྲ་འདྲ། གྲལ་འགོ་གསེར་གྱི་ཉི་མ་ཤར་འདྲ། གྲལ་སྐེད་དུང་གི་ཟླ་བ་གསལ་འདྲ། གྲལ་མཇུག་གཡུའི་གཡུ་འབྲུག་བཀྲ་འདྲ།  འདི་འདྲའི་ཁྲ་སེར་སེར།  སྤུ་རོབ་རོབ།  འདི་འདྲའི་རྟེན་འབྲེལ་འགྲིག་འོངས།  འདི་འདྲའི་གྲལ་མགྲོན་ཕེབས་འོངས་རོགས་ཡོད་རྒྱུ་ འདི།  འདི་བདག་པོ་སྦྱིན་བདག་ཚང་།  གསོལ་གྲངས་ཉུང་བ་མ་བལྟ།  གདན་ཆས་ལ་མ་བལྟ།  འདབས་ཞབས་ཞུ་ལ་མ་བལྟ།  ཁ་རོ་གཟུགས་སྟབས་ལ་མ་བལྟ།  འདི་འདྲའི་བྱོན་རོགས་ཡོད་རྒྱུ་འདི་དགའ་སྤྲོ་ནི་ཤིན་ཏུ་ཆེ་བྱུང་།  སྐལ་བ་ནི་ཤིན་དུ་བཟང་བྱུང་།  འདི་བསུ་སྟངས་བལྟ་སྟངས་ན་ལ་ཕར་རྒྱབ་མགྲོན་མོ་རྟ་དང་རྐྱང་གི་བསུ་དགོས་པའི་སྔོན་བརྟེན་རེད།  ཆུ་ཕར་ཁ་མགྲོན་མོ་སྐས་དང་ཟམ་གྱི་བསུ་དགོས་པའི་སྔོན་བརྟེན་རེད།  སྒོ་ཕྱི་ནང་གི་མགྲོན་མོ་ཇ་དང་ཆང་གི་ བསུ་དགོས་པའི་སྔོན་བརྟེན་རེད།  གྲོང་གཅིག་གི་མགྲོན་མོ་དགའ་དང་འཛུམ་གྱིས་བསུ་དགོས་པའི་སྔོན་བརྟེན་རེད།  འདི་བསུ་སྟངས་ལྟ་སྟངས་བྱེད་ནས་མཐོ་ལ་ཁ་ས་ཕྱོགས་ནས་རེ་ས་ལྟ་ས་ཡོད་རྒྱུ་མ་རེད།  ང་ཚོ་ཡུལ་གྱི་སྒྲིག་ལམ་ཞན་བ།  མིག་དཔེ་གང་ཡང་མ་མཐོང་།  མགྲོན་པོ་རྡོག་རྡིག་བྱེད་ཀྱི་དཔེ།  མགྲོན་མོ་ཀུན་ལ་ཚིག་རྒྱབ་དེ་མི་ལ་ཕོག་པའི་གཏམ།  མི་ལ་ཕོག་པའི་ཚིག  མགྲོན་པོ་ཀུན་དགའ་རྩེ་བྱེད་དུས་ན་ང་ཚོ་ཡུལ་གྱི་མིག་དཔེ་འདི་འདྲའི་ཡིནཔསམ།  ཡུལ་གྱི་སྒྲིག་ལམ་འདི་འདྲ་ཡིནཔསམ་བྱུང་ན།  ཐམས་ཅད་དེ་ཐུགས་དགོངས་པ་གཅིག་ཡང་མ་ཚོམས་རོགས་ཟེར་དགོས་སྣང་། 

77949ea1c58b3aa9cbb76ae6830bf86c.jpg

༤. དཀོན་མཆོག་རྣམ་བཞི། དེ་རིང་སྟེང་ལ་ལྷ་སྤྲིན་ཚོགས།  བར་ལ་རླུང་ཁ་འཇམ།  ས་ལ་ཉི་དྲོ་དྲོད།  སྟེང་ཕྱོགས་འོད་ཟེར་ལྷའི་ཡུལ་ན་ལྷ་ཚངས་པ་བརྒྱ་བྱིན་གྱི་རོལ་དབྱངས་དར་སྟངས།  བར་ཕྱོགས་ལོངས་སྤྱོད་ཀླུའི་ཡུལ་ན།  ཀླུ་རྒྱལ་གཙུག་ན་རིན་ཆེན་ལོངས་སྤྱོད་རྒྱས་སྟངས།  འོག་ཕྱོགས་སྦྱིན་བདག་མིའི་ཡུལ་ན་མི་ས་དབང་རྒྱལ་པོའ་ིཆབ་སྲིད་རྒྱས་སྟངས།  འགོ་ལ་དཀོན་མཆོག་རྣམ་བཞི་མ་བཤད་ན།  གོས་ལ་གོས་གོང་མེད་པའི་དཔེ།  མཐའ་ལ་བཀྲ་ཤིས་ཚིག་གསུམ་མ་བརྗོད་ན།  གོས་ལ་གོས་མཐར་མེད་པའི་དཔེ།  དང་པོ་བླ་མ་མེད་པའི་སྔ་རབས་ལ།  སངས་རྒྱས་ཞེས་པྱ་གང་ཡང་མེད།  བླ་མ་དག་ལ་བསྟན་མེད་ཀྱང་།  བླ་མ་དཀོན་མཆོག་སངས་རྒྱས་དཀོན་མཆོག་གསུམ་ལ།  དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།  བར་དུ་སྐལ་བ་གྲངས་པ་མེད་པའི་ཚོགས་བསགས།  འོག་ཏུ་ཐར་པ་རྣམ་པ་དག་པར་སངས་རྒྱས།  སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག་གསུམ་པོ་ཞིག་ཡིན་ན།  ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་།  གསུང་རབ་ཡན་ལག་བཅུ་གཉིས།  སྡེ་སྣོད་དང་རྒྱུད་སྡེ་བཞི།  སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག་དགེ་འདུན་དཀོན་གསུམ་པོ་འདྲ་ཞིག་ཡིན་ན།  སྐྱེ་དཀའ་བ་ལྷོ་རྒྱལ་གྱི་འཛམ་བུ་གླིང་ནས་སྐྱེས་དཀའ།  ཐོབ་དཀའ་བ་མི་ལུས་རིན་ ཆེན་ཐོབ་དཀའ།  ཞུགས་དཀའ་བ་དགེ་འདུན་གྱི་ཆོས་སྒོའ་ིནང་ཞུགས་དཀའ།  ཆོས་པོད་ཏི་ལྔའི་སྐེ་རགས་བཅིངས།  སྔགས་རྒྱུད་སྡེ་བཞིའི་ལག་ལེན་མཛོད།  མགོ་ལ་ལོད་ར་རྒྱབ།  ལུས་ལ་སྡོམ་པ་བླང་།  མགོ་དབུ་སྐྲ་བཅད་དེ་བླ་མའི་ ཕུགས་ན་ཕུལ།  གོས་ཕུ་ཐུང་བཅད་དེ་ཨ་མའི་པང་ན་བཞག  གོས་དེ་རིངས་སུ་བསྡམས།  ཕུ་ཐུང་དེ་ཐུངས་སུ་བཅད།  དཀོན་མཆོག་རྣམ་བཞིའི་ལོ་རྒྱུས་ཧ་ལམ་ཚིག་གསུམ་བརྗོད་དགོས་ཟེར་ན་འདི་འདྲ་བཤད་པ་ཡིན། 

de2fc4dcdfe08644941c1dfca9e6b378.jpg

༥. རྒྱལ་རབས། གཅིག་བཤད་ཤེས་མོ་ལྟ་གསུམ་ཡིན་ན།  རྒྱལ་རབས་ཉི་ཤུ་རྩ་ལྔ།  སྐྱེ་རབས་སུམ་ཅུ་སོ་བདུན།  བླ་རབས་མུ་ཏིག་ཕྲེང་བ།  འཛམ་གླིང་ཡོངས་ཀྱི་མངའ་བདག་བཤད་སྒྲུབ་འཕགས་སྣོད་བདུན་གྱི་གདན་ས། དགེ་ཁྲི་ཁྲིམས་ལམ་འཛིན་པའི་ཆོས་བཤད།  གཞུང་ལུགས་དགུ་བརྒྱ་ཕྱེ་བའི་ལྡེ་མིག  གཅིག་བཤད་ཤེས་མོ་ལྟ་གསུམ་ཡིན་ན།  དཔེ་བརྒྱ་དཔེ་སྟོང་དཔེའི་ཕྲེང་བ།  ལུང་བརྒྱ་ལོང་སྟོང་ལུང་ཨ་ལུང་བདག་པོ་བྱེད་དེ་བཤད་རྒྱུ་ཡོད་རྒྱུ་རེད།  མི་ངན་རང་གི་དཔེ་ལྟ་བུ།  མ་ཨ་མའི་ཁུངས་ནང་མ་སྐྱེས།  འཆམ་སྐོར་བྲོ་ནང་ལ་མ་འབྱུང་།  ཁ་ནང་གཏམ་མེད།  ཁུངས་ནང་ཤེས་མེད།  ཕྱིའང་ཅི་བཤད་མེད།  ནང་ལའང་མཚན་ཉིད་མེད།  འདི་ཡར་བཅད་དེ་བཤད་ཤེས་ས་ཡོད་རྒྱུ་མ་རེད་ཟེར་ནས་ གཏམ་རྩ་ལྔ་ཚང་ས།  ཚིག་ཟད་ས་ཚང་ས།  ཧ་ལམ་ཚིག་གཅིག་བཤད་ཐལ་ཟེར་ན།  དང་པོ་ནམ་མཁའ་སྟོང་པའི་མཐར་ལ་འདུས་པའི་སྐབས་སུ།  དམར་ཕྱོགས་བཞི་རླུང་གི་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་ཆགས་རབས།  ས་དང་པོ་ཆགས་པའི་རུས་སྦལ་ཆགས་རབས།  སྟག་རྫོང་ཕུགས་ཏེ་གཞུའི་སྒང་འཐེན་རབས།  གཟིག་རྫོང་ཕུགས་ཏེ་མདའ་ཅིག་ཚད་རབས།  ཝ་རྫོང་ཕུགས་ཏེ་མདའ་ཅིག་རྒྱབ་རབས།  མདའ་དང་རྒྱབ་རུས་སྦལ་མཆིན་ལ་འཕོག་རབས།  དེ་ནི་རུས་སྦལ་གྱེན་ཏེ་ཆགས་རབས།  རུས་སྦལ་ཤའི་ས་ཆགས་རབས།  རུས་སྦལ་རུལ་པ་བྲག་ཆགས་རབས།  ཁུག་པ་དེ་རླུང་ཆགས་རབས།  ཕྱག་ལག་གཉིས་ཡང་རྒྱལ་ཆེན་དང་སྡེ་བཞི་ཆགས་རབས།  ཁ་དུང་སོ་སུམ་ཅུ་རྩ་གཉིས་ལ་ལྷ་གནས་སུམ་ཅུ་རྩ་གཉིས་འཁྲུངས་རབས།  སྤྱན་མིག་གཉིས་ཡང་ཉི་མ་དང་ཟླ་བ་ཆགས་རབས།  མགོ་དབུ་སྐྲ་ལ་རྩི་ཤིང་དང་ནགས་ཚལ་ཆགས་རབས།  དེའི་སྟེང་དུ་བར་ཆགས་རབས།  དེའི་སྟེང་དུ་བདུད་ཆགས་རབས།  བར་ཆགས་བདུད་གསུམ་གྱི་འཕྲུལ་ཏེ།  དབང་ཆེན་གསེར་གྱི་ས་གཞི་ཆགས་རབས།  རིའི་རྒྱལ་པོ་རི་རབས་ཆགས་རབས།  ཤར་ཤིང་ལ་སྤྲུལ་བའི་གླིང་ཁ་མདོག་དཀར་པོ་ཅན་གྱི་ཚུགས་སུ་ཆགས་རབས། ལྷོ་མེ་མདོག་ཡར་ལས་སྤྲུལ་བའི་གླིང་ཁ་མདོག་སེར་པོ་ཅན་གྱི་ཚུགས་སུ་ཆགས་རབས།  ནུབ་པད་མ་ར་ག་ལས་སྤྲུལ་བའི་གླིང་ཁ་མདོག་དམར་པོ་ཅན་གྱི་ཚུགས་སུ་ཆགས་རབས།  བྱང་གཡུ་འདྲ་ཉ་ག་ལས་སྤྲུལ་བའི་གླིང་ཁ་མདོག་ལྗང་ཁུ་ཚུགས་སུ་ཆགས་རབས།  ཕྱོགས་བཞི་ན་གླིང་བཞི་ཆགས་རབས།  མཚམས་བརྒྱད་ན་གླིང་ཕྲན་བརྒྱད་ཆགས་རབས།  གླིང་ཕྲན་བརྒྱད་ཀྱི་ནང་དུ་ལྷོ་བརྒྱད་ཀྱི་འཛམ་བུ་གླིང་ཆགས་རབས།  འཛམ་གླིང་གི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ཆགས་རབས།  བོད་ཀྱི་ལྟེ་བ་ལྷ་ས་རུ་བཞི་ཆགས་རབས།  ལྷ་ས་རྒྱ་མཚོའི་སྟེང་དུ་ཆགས་རབས།  བསམ་ཡས་བྱེ་མའི་འགྲམ་དུ་ཆགས་རབས།  དགའ་ལྡན་གངས་རིའི་རྩེ་རུ་ཆགས་རབས།  འབྲས་སྤུངས་གླང་ཆེན་སྣ་རུ་ཆགས་རབས།  རྒྱུད་སྟོད་སྨན་གཉིས་དེ་གཙང་བཀྲ་ཤིས་ལྷུན་པོའ་ིརྗེས་སུ་ཆགས་རབས།  ཧ་ལམ་ཆགས་རབས་ཆགས་ཚུལ་བཤད་རྒྱུ་དེ་འདི་འདྲ་སྣང་ཟེར་ཏེ་བཤད་རྒྱུ་ཡིན།  

39f10be09f516e3a340d4b401f4cbdba.jpg

ཧ་ལམ་སྔ་ལུགས་སྔ་ཚུལ་ཟེར་རྒྱུ་འདི་བཤད་དགོས་ཟེར་ན། དང་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ། རྗེ་བཙུན་སྒྲོལ་མའི་སྤྲུལ་བ་མ་བྲག་སྲིན་རྒན་མོ་གཉིས་ཀྱི་དཀར་སྲིན་གདུང་རྒྱུད་ལ་བརྟེན་ནས།  མི་ནི་སྔ་བར་མིའུ་གདོང་དྲུག་སྔ་སྟངས།  ཆུ་ནི་སྔ་བས་ཆུ་བོ་གངས་ག་སྔ་སྟངས།  རྡོ་ནི་སྔ་བར་ནོར་བུའི་རྡོ་གསུམ་སྔ་སྟངས།  ཤིང་ནི་སྔ་བར་དཔག་བསམ་ལྗོན་ཤིང་སྔ་སྟངས།  ལྷ་ནི་སྔ་བར་ཚངས་པ་དང་བརྒྱ་བྱིན་སྔ་སྟངས།  ཀླུ་ནི་སྔ་བར་གཙུག་ན་རིན་ཆེན་སྔ་སྟངས།  སློབ་དཔོན་ནི་སྔ་བར་པད་མའི་འབྱུང་གནས་སྔ་སྟངས།  ཇོ་བོ་ནི་སྔ་བར་ལོ་ཀི་ཤ་རི་སྔ་སྟངས།  སྦྱིན་བདག་ནི་སྔ་བར་ཁྲོ་བོ་བདུད་བཙན་སྔ་སྟངས།  ཤིང་ཡར་སྐྱེས་ནི་སྔ་བར་ཙན་དན་དམར་པོ་སྔ་སྟངས།  རྡོ་མར་ཐོག་ནི་སྔ་བ་དཀར་སྒོ་ཆེན་པོ་སྔ་སྟངས།  ཆུ་མར་རྒྱུག་ནི་སྔ་བ་གངས་ཆུ་གཙང་མ་སྔ་སྟངས།  མཁར་ནི་སྔ་བ་ཡུམ་བུ་བླ་སྒང་སྔ་སྟངས།  ཆོས་ནི་སྔ་བ་མ་ཎི་འབྲུ་དྲུག་ སྔ་སྟངས།  ཡུལ་ནི་སྔ་བ་ཡར་ཀླུང་གི་ཕུ་ལུང་སྔ་སྟངས།  ཧ་ལམ་སྔ་ལུགས་སྔ་ཚུལ་བཤད་རྒྱུ་དེ་བཤད་དགོས་ཟེར་ན་ བཤད་རྒྱུ་དེ་ཡིན།  ཧ་ལམ་སྡེ་ལུགས་སྡེ་ཚུལ་ཟེར་རྒྱུ་འདི་ཚིག་གསུམ་ཞིག་བཤད་ན།  ཕུགས་ལ་རའི་སྡེ་ནང་རི་བདག་སྣ་གསུམ་གྱི་སྡེ་ཡིན།  བར་ལ་གྲོང་གི་སྡེ་ནང་སྤྲང་མི་དང་རྒྱལ་གསུམ་གྱི་སྡེ་ཡིན།  མདའ་ལ་མཚོའི་སྡེ་ནང་ཉ་སྦལ་དང་དུག་གསུམ་གྱི་སྡེ་ཡིན།  ལྷ་སྡེ་མི་སྡེ་ལྷ་ཆེན་སྡེ་བ་ཆེན་པོའ་ིསྡེ་ལུགས་ཟེར་རྒྱུ་དེ་ཧ་ལམ་ཡར་ཞུ་བ་ཡིན། ཧ་ལམ་གསོལ་ལུགས་གསོལ་ཚུལ་ཟེར་རྒྱུ་དེ་ཚིག་གསུམ་ཞིག་བཤད་དགོས་ཟེར་ན།  དང་པོ་སྔོན་སངས་རྒྱས་འོད་སྲུང་གི་སྐབས་སུ།  བསྒོམ་པ་ལྔ་བརྒྱ་བཞུགས་རབས།  སྟོད་མངའ་རིས་སྐོར་གསུམ་གངས་དང་གཡུ་ཡི་རི་ཆགས་རབས།  སྨན་མདོ་ཁམས་སྒང་དྲུག་བྱ་དང་རི་བདག་གི་གནས་ས་ཡིན་སྟངས།  དེའི་རྗེས་སུ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་ སྲིན་རྒན་མོ་གཉིས་ཀྱི་རྗེས་ལས་འདུས་པའི་སྐབས་སུ།  དང་པོ་ལྷ་མ་གསོལ་གྱི་སྔོན་དུ་ལྷ་ཚངས་པ་དང་རྒྱ་བྱིན་གསོལ་སྟངས།  ཀླུ་མ་གསོལ་གྱི་སྔོན་དུ་ཀླུ་རྒྱལ་གཙུག་ན་རིན་ཆེན་གསོལ་སྟངས།  མི་མ་གསོལ་གྱི་སྔོན་དུ་ཨ་མས་མི་སྔོན་ བ་རྒྱལ་པོ་གསོལ་སྟངས།  དེ་གསོལ་ལུགས་གསོལ་ཚུལ་ཟེར་རྒྱུ་འདི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པས་སྡིག་པ་ཀུན་དེ་སྤང་རབས།  དགེ་བ་ཀུན་དེ་བླངས་རབས། འདི་གངས་ཆེན་པོ་རི་རྩེའི་བཟུང་སྟེ།  འདི་ཐང་ཐམས་ཅད་དུ་ཞིང་བཀོད་རབས།  དེའི་སྐབས་སུ་རྒྱལ་པོ་བཙན་པོ་གཉའ་ཁྲི་གསོལ་རབས།  དེ་གསོལ་དེ་གཉའ་ཁྲི་བཙན་རབས།  དེ་གསོལ་དེ་ཁུ་ཁྲི་བཙན་རབས།  དེ་གསོལ་དེ་དག་ཁྲི་བཙན་རབས།  གནམ་ལ་སྡེ་དྲུག་གསོལ་རབས།  བར་ལ་སྡེ་བདུན་གསོལ་ རབས།  འོག་ལ་སྡེ་བརྒྱད་གསོལ་རབས།  མདའ་ལ་བཙན་གསུམ་གསུམ་གྱི་བུ་མོ་དམ་ཆོས་ཉི་མ་ཤར་འདྲ་ལྟ་བུ་འཛིན་པའི་གསོལ་ལུགས་གསོལ་ཚུལ་བཤད་དགོས་ན་འདི་འདྲའོ།། 

24a5746de3dde91e2cff9f7869e05435.jpg

ཧ་ལམ་དཔེ་འབྲིང་རྒྱས་གསུམ་ཚང་ས་བཤད་ཐལ་ཟེར་ན། གཏམ་བཟང་མོ་ཐོག་ལ་གཏམ་ལན་མེད་ན་ལྐུགས་པ་ཟེར་བའི་དཔེ་རེད། ཟས་བཟང་མོ་ཐོག་ལ་ཟས་ལན་མེད་ན་སྤྲང་མོ་ཟེར་བའི་དཔེ་རེད།  གཏམ་བཟང་མོ་ལན་མེད་ཚོན་བཟང་བོ་ཐོག་ལ་ཤོག་མེད་པའི་དཔེ་ཟེར་ས་ཐོག་ཕོག་རན། སང་ཉིན་སྐད་ཆ་གསེས་སུ་མ་བཤད་ན། ཕ་སྐད་བུའི་མ་གོ་དཔེ་རེད། མེ་ལ་ཁ་དབུགས་མ་རྒྱབ་ན་སྐམ་པོ་རང་འབར་མེད་པའི་དཔེ་རེད། རྔ་ལ་རྔ་ལྕག་མ་རྡུང་ན་རྔ་སྐད་རང་སྒྲ་མེད་པའི་དཔེ་རེད། ཕྱག་ལག་གཉིས་དེ་མཉམ་རུལ་མ་བསྐོར་ན་ལྦུ་ཆས་སྐད་མ་གྲགས་པའི་དཔེ་རེད།  དབྱར་ཟླ་གཅིག་ཟླ་གཉིས་དབྱར་ཟླ་གསུམ།  དབྱར་ཟླ་གསུམ་ཁུ་ཅུད་མེ་ཏོག་བཞད།  སྟོན་དབྱར་བར་ཆོས་གོས་མ་གྱོན་ན།  དབྱར་སྟོན་མདོག་མ་བརྗེ་བའི་དཔེ།  སྟོན་ཟླ་གཅིག་ཟླ་གཉིས་སྟོན་ཟླ་གསུམ།  སྟོན་ཟླ་གསུམ་དབྱར་བར་ཆོས་གོས་གྱོན།  དགུན་ཆབ་རོམ་དར་དཀར་མ་ཁེངས་ན་སྟོན་དགུན་མདོག་མ་བརྗེ་བའི་དཔེ།  དགུན་ཟླ་གཅིག་ཟླ་གཉིས་དགུན་ཟླ་གསུམ།  དགུན་ཟླ་གསུམ་ཆབ་རོམ་དར་དཀར་ཁེངས།  དཔྱིད་སྤང་ཐོག་སེར་ལོ་མ་བཞད་ན།  དགུན་དཔྱིད་མདོག་མ་བརྗེ་བའི་དཔེ།  དཔྱིད་ཟླ་གཅིག་ཟླ་གཉིས་དཔྱིད་ཟླ་གསུམ།  དཔྱིད་ཟླ་གསུམ་སྤང་ཐོག་སེར་ལོ་བཞད།  དབྱར་ཁུ་ཅུད་ད་ལོ་མ་བཞད་ན།  དཔྱིད་དབྱར་མདོག་མ་བརྗེ་བའི་དཔེ་ཟེར་ས་ཐོག་ཕོག་རན།  གཡུ་འབྲུག་སྔོན་མོའ་ིསྐད་སྒྲ་མ་རྒྱབ་ན།  དབྱར་དགོན་གཉིས་དེ་རིགས་མ་ཕྱི་བའི་དཔེ་རེད།  གངས་སེང་དཀར་མོའ་ི གཡོ་རུལ་མ་རྒྱབ་ན།  ཟླ་དུས་གཉིས་དེ་ཚེས་མ་འཛིན་པའི་དཔེ།  ཁུ་བྱུག་སྔོན་མོའ་ིགསུང་སྐད་མ་སྒྲོག་ན།  ཉིན་མཚན་གཉིས་དེ་རིགས་མ་ཕྱེ་བའི་དཔེ།  གཏམ་དབྱིབས་བཤད་ལ་དཔེ་གཅིག་མ་བཤད་ན།  ལུང་བ་ཡང་དཔེ་མེད།  ཟས་ཟ་མ་ལྷ་རྩ་མ་མཆོད་ན།  སྐྱེས་བུ་ཡང་ལྷ་མེད།  མ་བདེ་བྲག་ལ་མ་འཛེགས་ན་བདེ་མོ་ཐང་ལ་མ་སླེབས་པའི་དཔེ།  དང་པོ་ལྷ་གསོལ་བའི་ཉིན་ལ།  བསང་གཏོང་དགོས་པའི་དཔེ།  བསང་གཏོང་བའི་ཉིན་ལ་དར་མཆོད་དགོས་པའི་དཔེ།  དར་མཆོད་པའི་ཉིན་ལ་རྐྱང་རྒྱུག་དགོས་པའི་དཔེ།  རྐྱང་རྒྱུག་པའི་ཉིན་ལ་སྟོན་མོ་བལྟ་དགོས་པའི་དཔེ་ཡང་དེ་འདྲ་ཡིན་ཟེར་དགོས་པའོ།། 

0f1725a1d7386fa2ef120a7a73b4cd93.jpg

༦. ཡུལ་ལ་བསྟོད་པ། དང་པོ་གྲལ་འགོ་ལ་བཞུགས་པའི་མགོའ་ིདགེ་འདུན་རྣམ་པ།  དགེ་འདུན་སེར་པོ་གྲལ་གྱི་རྒྱན་ཆ་ཡིན་དང་།  མེ་ཏོག་སེར་པོ་སྤང་གི་རྒྱན་ཆ་ཡིན་དང་།  ཙན་དན་ཤུག་པ་བྲག་གི་རྒྱན་ཆ་ཡིན་དང་།  གྲལ་འདི་ན་བཞུགས་པའི་ཡུལ་གྱི་ཕ་འཁོར་རྣམ་པ་ཟེར་ས་ཐོག་ཕོག་རན།  ཕ་འཁོར་གསང་གླེང་གི་དོན་ཆེན།  ཕ་འཁོར་གྲལ་ར་མཛེས་པའི་ཡུལ་གྱི་ཕ་འཁོར་རྣམ་པ།  གྲལ་འདི་ནང་བཞུགས་པའི་ཡུལ་གྱི་མ་ལོ་རྣམ་པ་ཟེར་ས་ཐོག་ཕོག་རན།  མ་ལོ་མ་ཕམ་གཡུ་མཚོ་ཟས་ནོར་ལོངས་སྤྱོད་འཛོམས་པའི་མ་ལོ་མ་ཕམ་གཡུ་མཚོ།  ཁང་འདི་ནང་འཛོམས་པའི་ཡུལ་གྱི་ ཕོ་གསར་རྣམ་པ་ཟེར་ས་ཐོག་ཕོག་རན།  ཕོ་གསར་མདའ་ར་ཕྱོགས་གསུམ།  སྟག་མོ་ཁྲ་མོ་ནགས་ནང་འགྱིངས་འདྲ།  ཕྱོགས་བཞི་དགྲ་ལ་འཁོར་བའི་ཡུལ་གྱི་ཕོ་གསར་རྣམ་པ།  ཁང་འདི་ནང་འཛོམས་པའི་ཡུལ་གྱི་བུ་མོ་རྣམ་ཟེར་ས་ཐོག་ ཕོག་རན།  བུ་མོ་མཚོ་ཁའི་མེ་ཏོག་ཝ་མོ་སེར་རོ་སྤང་ནང་མགྲོན་འདྲ།  སྤང་དཔའ་ཁ་མཛེས་པའི་དཔེ་ལྟ་བུ་བྲོ་འཆམ་དང་གླུ་ལེན་མཁས་པའི་ཡུལ་གྱི་བུ་མོ་རྣམ་པ།  སང་ཉིན་ལ་སེར་སེར་ཁྲོམ་ཁྲོམ་གྱི་རྫོང་བཏགས་རྫོང་མགོ་ཡར་མ་བརྗེ་གཉའ་ལ་བཞག  དཀར་དམར་ཁྲ་གསུམ་གྱི་གོས་གྱོན།  གོས་ལུས་ལ་མ་ཐོག་ས་ལ་བཞག མི་རེའི་གཏམ་རེ་བཤད་ས།  བོད་ཀྱི་དགའ་སྤྲོ་ལྷ་ཆང་འཐུང་ས།  བྱ་རིགས་ཀྱི་སྐད་རིགས་སྒྲོག་ས།  ལྷ་སའི་ལྕང་ར་ཁྲ་མོ།  ས་རིགས་ས་སྣ་འཛོམས་ས།  རྒྱལ་གཅིག་མཆོད་རྟེན་ཚང་ས།  རྡོ་རིགས་རྡོ་སྣ་འཛོམས་ས།  ལྷ་སའི་རྡོ་གཅལ་ཁྲ་མོ།  ཆུ་རིགས་ཆུ་སྣ་འཛོམས་ས།  ཉ་ཆུའི་ལྦ་བོ་རོང་ནང་།  གཉེན་གྱི་དར་ལམ་འདྲ་ཞིག་སྒྲིག་ནས།  དར་དཀར་པོ་དྲི་མ་མ་ཡོད་པ་ཨ་སྔོན་གྱི་དགུང་ རྒྱང་སྟངས།  རྐྱང་གི་འགྲོས་ལམ་མ་འདྲ་ཞིག་བཟོ་ན།  རྐྱང་ལད་ལྦི་ཆུ་རྗེས་མ་ཟད།  དྭངས་མའི་ས་ལ་ཡོད་དང་།  འདི་ཨ་ཕྱིས་རིགས་དེ་ཆད།  ཨ་མའི་རྒྱུད་དེ་བརྟེན།  མི་གནའ་ཡི་རྗེས་བཅད།  རྩ་རམ་པའི་རྩ་བརྐུ།  སང་ཉིན་གཉེན་ལམ་དར་ལམ་འདྲ་ཞིག་སྒྲིག་ན།  གཉེན་འགོ་ཚོང་འགོ་འདྲ་ཞིག་འདུས་ན།  སང་ཉིན་སྟོན་མོ་བཟང་སྟངས།  འབོད་པའི་མགྲོན་འཛོམས་སྟངས།  བཙོ་པའི་ཆང་ཞེམ་སྟངས།  རྟེན་འབྲེལ་འདི་རྒྱ་ཆེ་བོའི་ཐོག་ཏུ་ཡར་ཞུ་ཚིག་གསུམ་འདི་བཤད་དགོས་པ་ཡིན། 

308f0e78efcee9e2cf7af9a111c41e6a.jpg

༧. བོད་ཀྱི་སྟོན་མོ་མགོ་བཞི། བོད་ཀྱི་སྟོན་མོ་འགོ་བཞི་ཟེར་ས་ཐོག་ཕོག་རན།  སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་སྟོན་ཟེར་ན།  བན་ཤམ་ཐབས་གོན་ཏེ་རྟེན་འབྲེལ་འོངས་སྟངས།  སྤྱན་རས་གཟིགས་ཀྱི་དུང་སྟོན་ཟེར་ནས་དུང་བ་སོ་གོང་ཏེ་ རྟེན་འབྲེལ་འོངས་སྟངས།  མོ་རྒྱ་བཟའ་དབང་འབྱུང་གི་ཟེར་ནས་གསེར་མཛུབ་དཀྲིབས་གོང་ཏེ་རྟེན་འབྲེལ་འོངས་སྟངས།  རྟེན་འབྲེལ་འགྲིག་ནས་རྟེན་སྒྲིག རྟེན་འབྲེལ་འོངས་ན་རྟེན་འགྲིག  རྟགས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན།  ཆོས་ཐམས་ཅད་ལོ་ཡག་གི་སྙིང་པོ་ཡིན་སྟངས།  རྟེན་འབྲེལ་འདི་རྒྱ་ཆེ་བོའི་ཐོག་དུ་རྟེན་འབྲེལ་འོངས་སྟངས།  སྟོད་གོང་ས་སྐྱབས་མགོན་རིན་པོ་ཆེའི་རྣམ་ཐར་སྤྲིན་གྱི་གོ་ས་ཤར་དུ་བརྒྱ།  སྨད་རྒྱ་ནག་གོང་མའི་མེ་ས་ཆུའི་གོ་ས་ཡར་དུ་བརྒྱ།  སྟེང་དུ་སྤུ་གྲི་སྔོན་པོའི་གདུགས་ཕབ།  བར་ལ་རྨ་བྱ་སེར་པོའ་ིརྒྱན་བཙུགས།  འོག་ལ་མུ་ཏིག་སེར་པོའ་ིཁྲི་བརྩེགས།  ཁྲི་གདུགས་རྒྱན་གསུམ་གནས་ཀྱི་བར་དུ་ཁྲིམས་བཟང་།  ཕྱག་གཡོན་པ་ནང་ལ་ཆོས་ཁྲིམས་བཟང་།  ཆོས་ཁྲིམས་དར་དཀར་པོའ་ིམདུད་པ་ལ་དྲི་མ་མ་ཕོག  ཕྱག་གཡས་པ་ནང་ལ་རྒྱལ་ཁྲིམས་བཟང་།  རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ་ཆག་སྲིད་མ་འོངས།  རྒྱ་ཞིང་ཆེན་བཅུ་བརྒྱད།  བོད་ཁྲི་སྐོར་བཅུ་གཉིས།  སྟེང་དུ་བྱ་སྤུ་རླུང་མཆོད་མེད།  བར་ལ་དགྲ་བོ་ཀུན་འཇིགས་མེད།  འོག་ཏུ་རྟ་ལྷམ་ཆུ་མཆོད་མེད།  འདི་ཐམས་ཅད་སྐྱིད་པོ་བདེ་མོ་ཡོང་ཤོག་ཟེར་ཏེ་ཡར་ཞུ་ཚིག་ གསུམ་དེ་བཤད་དགོས་པ་ཡིན། 

 ༨. བསྐོར་རིགས། གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས།  བཟའ་སྐར་མང་པོ་ཚོགས་ཀྱིས་བསྐོར།  བར་ལ་བཀྲ་ཤིས་དཀོན་མཆོག་གསུམ།  ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར།  ས་ལ་བཀྲ་ཤིས་འབྱུང་བ་ལྔ།  མེ་ཆུ་ས་རླུང་ ཚོགས་ཀྱིས་བསྐོར།  ཕྱོགས་བཅུ་དུས་གསུམ་བསྐོར་བའི་གནས་བཟང་འདི་ཐོག་འདྲ་ཞིག་ཡིན་ན།  སྟོད་རི་བོ་གནམ་མཚོ་ཕས་བསྐོར།  བར་གཡང་རི་ཁྲ་མོ་མས་བསྐོར།  འདི་བསྐོར་རིགས་རྣམ་གསུམ་འདྲ་ཞིག་བཤད་ན།  གནམ་སྐར་ཚོགས་དེ་གྲངས་མང་ཞིང་།  ས་གཙང་ཆབ་ནང་རྗེས་མང་ཞིང་།  འདི་ཆུ་འགོ་དེ་ལུག་ཏུག་ཆོད་འདྲ།  འདི་མི་རྒན་གྱི་ཕྲེང་བ་འདྲེན་འདྲ།  བརྩེགས་མཁས་པའི་བརྩེགས་རྡོ་བཞག་འདྲ།  ལུག་གཡང་དཀར་སྤང་ཁ་གཟན་གྱི་ཁ་ཆིབས་བྱེད་དེ་ བཤད་རྒྱུ་ཡོད་རྒྱུ་རེད།  འདི་སྟོད་རི་བོ་གནམ་མཚོའི་བསྐོར།  སྨད་ཕྱི་ནང་རྒྱ་འཇོག་གི་བསྐོར།  ཕར་ཆད་ཀྱི་སྐབས་སུ།  སྟོང་འོ་ག་སྟེང་འབར་ཚང་གི་བསྐོར།  བྱ་དབྱིབས་བདེ་མཆོག་ཚང་གི་བསྐོར།  མཁར་སྟོད་སྨད་དྲེལ་ལྡན་དྲེལ་ཆུང་ཚང་གི་བསྐོར།  ཨ་སྔ་བུ་གསུམ་ཚང་གི་བསྐོར།  གཞི་བཞག་སྦྱ་གཞིའི་བསྐོར།  གཟིག་བུ་དགྲ་ལྷ་ཚང་གི་བསྐོར།  ཐང་སྟེང་གཡང་མོ་སྟ་ཕྱོགས་ཞབས་ཕྱོགས་ཚང་གི་བསྐོར།  དབང་མཛེས་སྐྱ་སྦོམ་ནང་ཁང་འབལ་སེར་ཚང་གི་བསྐོར།  སྐྱ་རབ་ཐང་སྟེ་ཞི་དབང་མོ་ཚང་གི་བསྐོར།  ཀ་ར་གྲགས་བཟང་ནམ་གསོ་ཚང་གི་བསྐོར།  ཅུད་སྟེང་གཡག་སྤང་ཚ་གསར་ཀ་ཡ་སྒྲ་ཚང་གི་བསྐོར།  ཅུད་ཧྲུལ་རྦ་བཟོ་ཚང་གི་བསྐོར།  གསེར་གཟི་བ་ཡེ་བ་ལྗང་ཚང་གི་བསྐོར།  དགོན་པ་ཟླ་བ་ཚང་གི་བསྐོར།  གཡི་ག་ཅ་ཚང་གི་བསྐོར།  མར་ར་ཤོད་གསང་བློ་ཚང་གི་བསྐོར།  ཕ་སངས་རྒྱས་ཆོས་ཐར་གྱི་བསྐོར། ཀྲི་ཡ་དུམ་ནག་བླ་མ་ཚང་གི་བསྐོར།  ཆ་སེར་རྒྱ་ལོ་འབལ་སེ་ཚང་གི་བསྐོར།  བསྐོར་རིགས་ཟེར་རྒྱུ་དེ་ཧ་ལམ་ཚིག་གསུམ་ཟེར་དགོས་ན་འདི་འདྲའོ།། 

6b8d1fa63d9058e700269afa1945324b.jpg

༩. སངས་རྒྱས་ཀྱི་ཆོས་བསྟན་པ་དར་ཚུལ། ཆོས་སངས་རྒྱས་ཀྱི་བསྟན་པ་དར་ཚུལ་རྒྱས་ལུགས་ཧ་ལམ་ཚིག་གསུམ་ཞིག་བཤད་ན།  སྟོད་རྒྱ་གར་གྱི་ཆོས་དར་རབས།  སྨད་རྒྱ་ནག་གི་ཁྲིམས་དར་རབས།  བར་བལ་བོའི་ཡུལ་ན་ལེ་སྡོང་དར་རབས།  ལྷོ་སོག་པའི་ཡུལ་ན་རྐྱང་རྒྱུགས་རབས།  བོད་རང་ཡུལ་ན་དར་དར་རབས།  གཅིག་བཤད་ཤེས་མོ་ལྟ་གསུམ་ཡིན་ན།  དཔེ་བརྒྱ་དཔེ་སྟོང་དཔེའི་ཕྲེང་བ།  ལུང་བརྒྱ་ལོང་སྟོང་ལུང་ཨ་ལུང་བདག་པོ་བྱེད་དེ་བཤད་རྒྱུ་ཡོད་རྒྱུ་རེད།  མི་ངན་རང་གི་དཔེ་ལྟ་བུ།  མ་ཨ་མའི་ཁུངས་ནང་མ་སྐྱེས།  འཆམ་སྐོར་བྲོ་ནང་ལ་མ་འབྱུང་།  ཁ་ནང་གཏམ་མེད།  ཁུངས་ནང་ཤེས་མེད།  ཕྱིའང་ཅི་བཤད་མེད།  ནང་ལའང་མཚན་ཉིད་མེད།  འདི་ཡར་བཅད་དེ་བཤད་ཤེས་ས་ཡོད་རྒྱུ་མ་རེད་ཟེར་ནས་གཏམ་རྩ་ལྔ་ཚང་ས།  ཚིག་ཟད་ས་ཚང་ས།  ཧ་ལམ་ཚིག་གཅིག་བཤད་ཐལ་ཟེར་ན།  དེ་དགོན་ཆེན་ཡང་བཞི་ཆགས་རབས།  འབའ་ཆོས་སྡེ་དགོན་ཆེན་ཆགས་རབས།  འབའ་ཆོས་སྡེ་དགོན་བྱང་ཕྱོགས་པད་མའི་སྟེང་དུ་ཆགས་རབས།  ལེ་ཐང་ཡང་བྱམས་ཆེན་ཆོས་འཁོར་གླིང་ཆགས་རབས།  བྱང་ཤར་རི་བོ་རྩི་ཡང་ལྔ་ཆགས་རབས།  མུ་ལི་ཡང་བཀྲ་ཤིས་རབ་བརྟེན་དགོན་ཤར་ཕྱོགས་ཉི་མའི་འོད་ཟེར་དུ་ཆགས་རབས།  རྗེས་བདམས་ཡང་དགའ་ལྡན་སྲོང་བཙན་གླིང་ཆགས་རབས་རྗེས་བདམས་དགའ་ལྡན་སྲོང་བཙན་གླིང་ནུབ་ཕྱོགས་རྒྱ་མཚོ་སྟེང་དུ་ཆགས་རབས།  རྗེས་བདམས་དགའ་ལྡན་སྲོང་བཙན་གླིང་གི་འགྲོ་ཚུལ་ཧ་ལམ་ཚིག་གསུམ་ཡང་བཤད་དགོས་ཟེར་ན།  དང་པོ་ འཇོང་གོང་མ་བསོད་ནམས་རབ་བརྟེན་དར་བའི་སྐབས་སོ།  ཤར་གྱི་སྤང་དཀར་ལ་ཁ།  ནོར་བུ་མེ་ཤེལ་ཆུ་ཤེལ་ནང་ལ་ སྤྱན་རས་གཟིགས་ཀྱི་སྐབས་སུ།  དང་པོ་ས་ལས་བདམས་བའི་ས་བདམས་ཆགས་རབས།  ས་རྗེས་ནས་བདམས་བའི་རྗེས་བདམས་ཆགས་རབས།  ས་བརྒྱད་ནས་བདེ་བའི་བརྒྱད་བདེ་ཆགས་རབས།  གཞུང་སྣང་གསེར་མཛོད་གོང་མཁར་གསེར་སེར་པོའི་མེ་ཏོག་བཞད་ས།  ཨ་ལ་དངུལ་དཀར་གོང་མཁར་དངུལ་དཀར་པོའ་ིམེ་ཏོག་བཞད་ས།  གོང་ར་གནས་ལྕོག་གི་བདག་པོ།  ཁ་རི་ཡུལ་ལྷའི་བདག་པོ།  བཙན་ཧས་རྒྱ་ཡུལ་གྱི་བདག་པོ།  ཆུ་ཟངས་འོ་མའི་བདག་པོ།  རྗེས་བདམས་དགའ་ལྡན་སྲོང་བཙན་གླིང་གླིང་དཀར་པོ་རི་ལ་རྒྱབ་ནས་བྲག་རི་འདི་འདྲ།  རྫོང་སྔོན་པོ་མི་ཡང་ལྟ་ན་རྒྱ་མཚོ་ཆིས་ཆིས།  འདི་དངུལ་རྫོང་དངུལ་གྱི་བར་དུ་ཕྲུག་དཀར་འཇམ་གཉིས་མཛེས་དར་རྒྱབ་རབས།  རས་འཇམ་མཛེས་གཉིས་ཀྱི་ཟམ་པ་བཙུགས་རབས།  རྗེས་བདམས་དགའ་ལྡན་སྲོང་བཙན་གླིང་ཟེར་རྒྱུ་འདི་བརྟན་དུ་སངས་རྒྱས་ཆོས་དེ་རྒྱུན་མ་ཆད།  བར་དུ་དགེ་འདུན་སེར་པོའ་ིགྲལ་མ་ཆད།  འོག་ཏུ་མར་ཇ་རྒྱ་མཚོ་ཆེན་པོའ་ིརྒྱུན་མ་ཆད།  དགོན་རྟགས་ ཀྱི་བླ་མ་བདེ་སྟངས།  དགོན་ཞབས་ཀྱི་བདག་འཛིན་བདེ་སྟངས།  བར་དུ་དགེ་འདུན་སྐོར་གྱི་ཁྱབ་སྒྲ་བདེ་སྟངས།  དགྲ་བཅོམ་པ་ལྔ་བརྒྱ་བཞུགས་སྟངས།  རྗེས་བདམས་དགའ་ལྡན་སྲོང་བཙན་གླིང་ཟེར་རྒྱུ་འདི་ཡོད་པའི་གཏོང་སྒོ་རྒྱབ་ས།  མེད་པའི་རྩ་བརྩེ་བྱེད་ས།  ཞབས་བསྐོར་ར་བསྐོར་ས།  སྡུག་སྡིག་པ་བཤགས་ས།  ཤི་མིའི་རྣམ་ཤེས་སྐྱེས་ས།  བསྡད་མིའི་གསོལ་བ་བཏབ་ས།  སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་པའི་འགྲོ་བ་འགྲོ་ཚུལ་གྱི་འདི་འདྲ་སྣང་ཟེར་དགོས་པ་ རེད་དོ།།

0055a1bbdc2384e02942e3c53ce9b846.jpg

  ༡༠. གངས་གླིང་ནོར་བུ་རྣམ་རྒྱལ་དགོན་ཆགས་ཚུལ། ཧ་ལམ་ཚིག་གསུམ་ཞིག་བཤད་ན།  དང་པོ་ཚེ་ལོ་བཅུ་པའི་སྐབས་སུ།  དགོན་ལྕགས་ཕག་ལོ་ཡི་ནང་།  བཀའ་དགོན་བཅུ་གསུམ་དེ་ཕར་ལྷག་རབས།  དེང་མཚམས་ཏུ་ཉི་མ་རྩི་ཤརའབྲུག་གི་སྐབས་སུ།  ནོར་བུ་རྡོ་གསུམ་ཡང་རྒྱབ་རབས།  གངས་གླིང་ནོར་བུ་རྣམ་རྒྱལ་དགོན་ཟེར་རྒྱུ་འདི་ཤར་བླ་མ་རྒྱ་ར་འཁོར་ཞབས་བཞུགས་ས་ཡིན།  སྟེང་དུ་སངས་རྒྱས་ཀྱི་ཆོས་རྒྱུན་མ་ཆད།  བར་དུ་དགེ་འདུན་སེར་པོའི་གྲལ་མ་ཕྱེ།  འོག་ཏུ་མར་ཇ་རྒྱ་མཚོ་ཆེན་པོའ་ིརླན་མ་སྐམ།  དགོན་སྟོད་ཀྱི་བླ་མ་བདེ་སྟངས།  དགོན་ཞབས་ཀྱི་ཕྱག་མཛོད་བདེ་སྟངས།  བར་གྱི་དགེ་བསྐོར་ཁྱབ་སྒྲ་བདེ་སྟངས།  གངས་གླིང་ནོར་བུ་རྣམ་རྒྱལ་དགོན་ཟེར་རྒྱུ་འདི་ཡོད་པའི་གཏོང་སྒོ་རྒྱབ་ས།  མེད་པའི་རྩ་བརྩེ་བྱེད་ས།  ཞབས་བསྐོར་ར་བསྐོར་ས།  སྡུག་སྡིག་པ་བཤགས་ས།  ཤི་མིའི་རྣམ་ཤེས་སྐྱེས་ས།  བསྡད་མིའི་གསོལ་བ་བཏབ་ས།  སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་པའི་འགྲོ་བ་འགྲོ་ཚུལ་གྱི་འདི་འདྲ་སྣང་ཟེར་དགོས་པ་རེད་དོ། གངས་དཀར་གྱི་མཚོ་འགོ་ཟེར་ས་རམ་འབྱམས་དཀོན་མཆོག་རྒྱ་མཚོའི་གདན་ས་ཡིན་ཟེར་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པའི་འགྲོ་ལུགས་འགྲོ་ཚུལ་འདི་འདྲ་སྣང་ཟེར་ཏེ་ཞུ་དགོས་ཡིན།  ཀ་རའི་རྗེ་ར་ན་དགོན་ཆགས་རབས།  སྤྲུལ་འཁོར་བྱང་ཆུབ་རྒྱ་མཚོའི་གདན་ས་ཡིན་ཟེར་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་ པའི་འགྲོ་ལུགས་འགྲོ་ཚུལ་འདི་འདྲ་སྣང་ཟེར་ཏེ་ཞུ་དགོས་ཡིན།  བྲག་སྐས་ཡང་ནོར་བུ་དགོན་ཆགས་རབས།  བླ་མ་དགེ་མཆོག་གི་བཞུགས་ས་ཡིན་ཟེར་སྟེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པའི་འགྲོ་ལུགས་འགྲོ་ཚུལ་འདི་འདྲ་སྣང་ཟེར་ཏེ་ཞུ་དགོས་ཡིན།  ཐང་འགོས་ཡང་བཀྲ་ཤིས་སྒྲུབ་རྗེ་ཆོས་གླིང་དགོན་ཆགས་རབས།  འབེལ་སེར་རྒྱ་བྱ་དབང་མོའ་ིགདན་ས་ཡིན་ཟེར་སྟེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པའི་འགྲོ་ལུགས་འགྲོ་ཚུལ་འདི་འདྲ་སྣང་ཟེར་ཏེ་ཞུ་དགོས་ཡིན།  

5cc7921ff144e8d587f152457e0df968.jpg

༡༡. གཉེན་གཏམ། ཧ་ལམ་གཉེན་གཏམ་ཚིག་གསུམ་ཞིག་བཤད་ན།  གཅིག་བཤད་ཤེས་མི་ལྟ་གསུམ་ཡིན་ན།  གཉེན་རབས་བུ་རྟ་བཅུ་བརྒྱད་གཅིག་བཤད་དགོས་པའི་དངོས་སྐྱབས་སྐོར་གསུམ་རེད།  འདི་འཁོར་བཅས་ཀྱི་བཤད་ཤེས་ས་ལྟ་ཤེས་ཡོད་རྒྱུ་མ་རེད་ཟེར་ན།  ཧ་ལམ་ཚིག་གསུམ་ཞིག་བཤད་ཐལ་ཟེར་ན།  སང་ཉིན་བཤད་པའི་གཏམ་ཟེར་ས་ཐོག་ཕོག་རན།  གོང་བླ་མའི་ཆོས་སྒོ་ཕྱི་སའི་གཏམ་ཡིན་དང་།  དེ་དཔོན་པོའ་ིཁྲིམས་སྒོ་ཕྱི་སའི་གཏམ་ཡིན་དང།  སྡེ་སྔགས་ཆུང་མདོ་སྔགས་ཕྱི་སའི་གཏམ་ཡིན་དང་།  ཕྱོགས་ལྷ་མགྲོན་ཕྱག་རྒྱབ་ཕྱི་སའི་གཏམ་ཡིན་དང་།  འདི་ཕ་འཁོར་གྲལ་ར་འཛོམས་སའི་གཏམ་ཡིན་དང་།  འདི་མ་ལོ་ཇ་ར་འཛོམས་སའི་གཏམ་ཡིན་དང་།  ཕོ་གསར་གྱི་མདའ་ར་འཛོམས་སའི་གཏམ་ཡིན་དང་།  འདི་བུ་མོའི་ཐར་ར་འཛོམས་སའི་གཏམ་ཡིན་དང་།  གྲོས་མཐུན་པའི་ཁམས་བཟང་བྱེད་སའི་གཏམ་ཡིན་དང་།  སེམས་མཐུན་པའི་གཉེན་ལམ་བདེ་སའི་གཏང་ཡིན་དང་།  དགའ་འཛོམས་བྱེད་པའི་གཉེན་ལམ་བདེ་སའི་གཏམ་ཟེར་ས་ཐོག་ཕོག་རན།  གཉེན་གྱི་མཐུན་སྒྲིལ་ཧ་ལམ་ཚིག་གསུམ་ཞིག་བཤད་ན།  འདི་བདག་པོ་སྦྱིན་བདག་ཚང་གི་ཡར་གསོལ་བ་ཞིག་བཏབ་སྟངས།  འདི་བདག་པོ་སྦྱིན་བདག་ཚང་གི་མར་དངོས་སྒྲུབ་ཞིག་འཛོམས་སྟངས།  གསོལ་བ་བཏབ་མི་བཏབ་ས་མ་ནོར་པ།  དངོས་སྒྲུབ་འཛོམས་མི་འཛོམས་ས་མ་ནོར་པ།  གཟི་བརྟག་ན་བརྟག་མི་མ་ནོར་བའི་བུ་མོ།  རྐྱང་རྒྱུག་ན་རྒྱུག་མི་མ་ནོར་བའི་སོག་མི།  ཡར་གསོལ་བ་ཞིག་བཏབ་སྟངས།  མར་དངོས་སྒྲུབ་ཡང་འབྱུང་སྟངས།  ཆུ་བླང་མོ་མདོང་སྟོང་པ་མ་རེད་ཀྱི་རྟེན་འབྲེལ།  ཤིང་འཐུར་མི་ཐག་སྟོང་པ་མ་རེད་ཀྱི་རྟེན་འབྲེལ།  རྟེན་འབྲེལ་འདི་རྒྱ་ཆེ་བོའ་ིཐོག་ཏུ་རྟེན་འབྲེལ་བྱུང་བ།  འདི་བདག་པོ་སྦྱིན་བདག་ཚང་བུ་བཅོ་ལྔ་ཟླ་བ་འདྲ་ཞིག་འདུག་ན།  འདི་མི་ཚེ་གཅིག་གི་བྱ་བ་ཡིན་རེད།  སྐལ་བ་གཅིག་གི་རྟགས་ཐོག་ཡིན་རེད།  མ་ཡིན་དང་དགུ་ཡིན་སྦྱོང་རྗེས་དང་བཅུ་ཡིན།  བཅགས་བྱའི་ཤ་ཡོད་རྒྱུ་རེད། བརྫི་བྱའི་གམ་པ་ཡང་ཡོད་རྒྱུ་རེད།  ཁོང་ཚོར་མི་ཚང་གཅིག་ཡང་མི་མགོ་ལྔ་འདུག་ན།  གྲ་སྒྲིག་གི་གོས་ཡོད་རྒྱུ་རེད།  ཁུར་རྒྱུའི་དུང་ཡོད་རྒྱུ་རེད།  གྲོས་བྱེད་དེ་རྡོག་རྩ་ཡོད་རྒྱུ་རེད།  ཕ་ཕྱོགས་ཨ་ཁུར་དྲི་ཡོད་རྒྱུ་རེད།  མ་ཕྱོགས་ཞང་མོར་དྲི་ཡོད་རྒྱུ་རེད།  མོ་བཅོ་ལྔ་ཟླ་བ་འདྲ་གཅིག་འདུག་ན།  ཤར་སྒོ་ན་ནས་ཡང་ཡོད་རྒྱུ་མ་རེད།  ནུབ་སྒོ་རྩ་ཙུང་ཡང་ཡོད་རྒྱུ་མ་རེད།  འདི་བྱང་ཕྱོགས་པད་མའི་ཁ་ནང་ཐལ་བ་བཏབ་ཡང་ཡོད་རྒྱུ་མ་རེད།  འདི་མི་ཚེའི་བྱ་བ་ཡིན་རེད།  སྐལ་བའི་རྟགས་ཐོག་ཡིན་རེད།  ཁོར་ཚོས་ཉིན་གསུམ་བསམ་པ་བཏང་།  མཚན་གསུམ་བསྒོམ་པ་རྒྱབ་ཏེ་བསམ་པ་བཏང་ཡོད་རྒྱུ་རེད།  འདི་མི་ཚེའི་བྱ་བ་ཡིན་རེད།  མངགས་ན་དགའ་རྒྱུ་ཨེ་རེད།  མ་མངགས་ན་དགའ་རྒྱུ་ཨེ་རེད།  ལྷན་པ་བརྒྱབ་ཏེ་དྲང་མོ་བྱེད་ན་ཨ་མཛེས་ནས་ལྟ།  འཇོང་འཇོང་བྱེད་དེ་ཨ་མཚར་ནས་ལྟ།  བཅགས་བྱའི་ཤ་ཡོད་རྒྱུ་རེད།  བརྫེ་བྱའི་གམ་པ་ཡང་ཡོད་རྒྱུ་རེད།  མཐའ་གཏིང་མ་བྱོན་རན་ཕོའ་ིཁ་འགྱོད་མེད་ པ།  མོའང་ཁ་འགྱོད་མེད་པ་འདི་འདྲ་བཟོ་ཡོད་རྒྱུ་རེད།  འདི་བདག་པོ་སྦྱིན་བདག་ཚང་གི་བུ་མོ་སྐར་མ་སྨིན་དྲུག་ཁྲ་མོ་ འདྲ་ཞིག་འདུག་ན།  འདི་ཁོང་ཚོའི་གཉེན་སྒྲིག་མཚར་ཞུ་བརྟན་པ་བཟོ་རྒྱུ།  དུས་བཞིའི་མིང་རྟགས་བཟོ་རྒྱུ།  འདི་དཀར་ ཡོལ་གྱི་རྩ་ལྡན།  གྱང་གཡོ་འགུལ་གྱི་དམིགས་ལྡན།  འདི་མི་ཚེའི་བྱ་བ།  སྐལ་བའི་རྟ་ཐོག  མི་ཚེ་གཅིག་གི་གཉེན་གཅིག  ཟ་མ་མི་ལུས་གཅིག་གི་དུས་གཅིག  གཉེན་ཟེར་རྒྱུ་དེ་ལས་སླ་སླ་དང་སྟབས་བདེ་བདེ་ཡོད་རྒྱུ་མ་རེད།  འདི་གཉེན་གཏམ་བཤད་པའི་ལོ་གསུམ།  ཕ་དང་ཨ་ཁུ་ཞང་མོ་གསུམ།  གཉེན་ཆང་འཐུང་བའི་ཟླ་གསུམ།  མ་དང་ཨ་ནེ་ཨ་ཞང་གསུམ།  གཉེན་ཤ་ཟ་བའི་སོ་རྩི་ནང་ཕོག་རན། མཐའ་གཏིང་མ་བྱེད་རན།  འདི་སོག་སྒ་གཅིག་ནོར་ན་སྒ་ཡིན།  སོག་ནོར་ན་གདན་ཡིན།  གཏམ་ཁ་སང་བཤད་པ་དེ་རིང་ཡོད་དགོས།  ཤ་ལྤགས་པགས་ལེན་པའི་གདན་གཏིང་།  ལུས་སྐེད་སྨད་སོ་གསུམ་དེ་གཏམ་བཞག  འབྲུ་རམ་པ་མེད་ས་ཆང་བཙོ།  བྱ་རྐང་གཉིས་མེད་ས་བཤའ་བྱེད།  ཡིན་པ་དེ་ཡར་བཞག  མ་ཡིན་དེ་མ་ར་བཞག  ཡིན་མོ་དེ་དཀྱིལ་ལ་བཞག  མཐར་གཏིང་མ་སླེབས་རན་གཏམ་དེ་བཤད་ཡང་ལྟ་དེ་བྱེད་མི་ཆོག  དེ་རིང་ཁ་སང་སྲོལ་རྒྱུད་ཐོག་བཏིང་པ།  མི་མི་དངོས་ཚང་དྲི་ཡོད།  གཏུགས་ཡོད།  གཉེན་བྱེད་ཚུལ་དེ་རི་རབ་ཀྱི་ཡར་དགྱི་རེད།  གཉེན་བྱེད་ཚུལ་དེ་རྒྱ་མཚོའི་གཏིང་དཔག་རེད།  གཉེན་བྱེད་ཚུལ་དེ་སྟག་མའི་མཆུ་སྤྲོད་ཡིན།  གཉེན་བྱེད་ཚུལ་དེ་གཟིག་མོའི་ཐིག་སྤྲོད་རེད།  གཉེན་བྱེད་ཚུལ་དེ་ཝ་མོའི་སྤུ་སྤྲོད་རེད།  འདི་གཉེན་སྒྲིག་རྒྱུ་འདི་ཕྱི་མར་གྱི་ཁ་སྦྱོར་ཞིག་སྣང་ཟེར་སྟེ་ཡར་ཞུ་ཚིག་གསུམ་དེ་འདི་འདྲ་བཤད་དགོས་སྣང་ཟེར་སྟེ་བཤད་ཡིན།  

b998d851af39a38607cfd18b527115f0.jpg

༡༢. གྲོང་བསྟོད། ཡུལ་གྱི་གྲོང་པ་ཟེར་ས་ཐོག་ཕོག་རན།  ཡུལ་གྲོང་པ་བྱ་རྒོད་ཕུང་པོའི་རི་ལ་བཞག  ཤུག་པ་གསེར་མགུལ་བཀབ་འདྲ།  གྲོང་ལ་གྲོང་ལ་གཅིག་ཆགས་སྟངས།  མཁར་ལ་མཁར་ལ་གཅིག་ཆགས་སྟངས།  གྲོང་རྒྱ་ གྲོང་ཨོ་རྒྱན་པད་མ་འབྱུང་གནས་སྟོན་པ་འདྲ།  གཡས་རི་བཀྲ་ཤིས་རྟགས་བརྒྱད་ཚང་ཡིན།  གཡོན་རི་རྒྱལ་སྲིད་སྣ་བདུན་ཚང་ཡིན།  ཁང་སྟོད་རྩི་ཤིང་སྣ་དགུ་འཁྲུངས།  བྱ་ཁུ་བྱུག་སྔོན་མོའི་གསུང་སྐད་སྒྲ་ས་ཡིན་པ།  ཁང་ཞབས་མ་ཕམ་གཡུ་མཚོ་ཆིབས་ས།  དགྲ་རྗེས་མ་མ་དད་ཀྱི་ཁ་སྣོན་ཡིན།  ཁང་ལ་ཁང་གཅིག་ཆགས་སྟངས།  མཁར་ཁང་པ་དུང་དཀར་བཙུགས་འདྲ།  ཞིང་ས་དམར་གདན་གཞི་གཏིང་འདྲ།  སྒོ་ཕྱི་ནང་འགྲོ་ལམ་བདེ་མོ།  མཐོ་རྒྱལ་པོའི་གསེར་སྒ་བཞག་ས།  དམའ་སྤྲང་པའི་བེར་ག་བཞག་ས།  ཚོང་པའི་ཚོང་ལམ་བདེ་ས།  རྐྱང་གི་རྒྱུག་ལམ་བདེ་ས།  མ་རྨོས་པའི་ལོ་ ཏོག་ཡག་ས།  ནས་འཇོང་འཇོང་མཐར་ཡས་རྒྱ་མཚོ་ཆེན་པོ་མདོག་ཡང་དཔེ་ལྟ་བུ་སྣང་ཟེར་སྟེ་ཡར་ཞུ་ཚིག་གསུམ་འདི་འདྲ་ཞུ་དགོས་སྣང་ཟེར་སྟེ་ཞུ་རྒྱུ་ཡིན། 

༡༣. ཁང་བཤད་རིན་ཆེན་ཕྲེང་བ། ཁང་བཤད་རིན་ཆེན་ཕྲེང་བ་ཧ་ལམ་ཚིག་གསུམ་ཞིག་བཤད་ཐལ་ཟེར་ན། དང་པོ་ཤིང་བཟོ་ཡིད་བཞིན་གྱི་ནོར་བུ། བརྩེགས་མཁན་ལྷ་ཡི་བུ་ཆུང་། གཉིས་ཀྱིས་གྲོས་སྡུས་བཟོ་སྟེ། དང་པོ་གཙོད་རྭ་དམར་པོ་ཕར་བཅད་གྲགས། དང་པོ་ཐག་ཐིག་རྒྱང་འཛིན་འདི། དབྱར་ཟླ་གསུམ་འཇའ་ཚོན་རྒྱང་འཛིན་འདྲ། དགོན་ཟླ་གསུམ་བར་སྣང་རྒྱང་འཛིན་འདྲ། སྐར་བཟང་བོའ་ིཉིན་དེ་མིག་གཅིག་རྐོས། མིག་རྐོ་རྐོ་དེ་ལག་གསུམ་ལག་གི་རྐོས། འགུག་འགུག་ནང་སྔ་བ་འཇོར་སྔ་སྟངས། ལེབ་མོ་སྔ་ནང་སྔ་སྟངས་ལྕགས་ཁེམ་སྔ་སྟངས། ཁུབ་ཁུབ་ནང་སྔ་སྟངས་ས་ཧ་སྔ་སྟངས། ཚིག་བཟང་དེ་ཉི་མའི་དཀྱིལ་བཞག མིག་བཞག་བཞག་གྱེན་གསུམ་གྱེན་ལ་བཞག  རྡོ་མཆེན་པ་འདྲ་བ་དམིགས་རྡོ་བཞག  རྡོ་རྟ་མགོ་འདྲ་བ་ཟད་རྡོ་བཞག  བ་སོ་དཀར་པོ་རྒྱབ་རྡོ་བརྩེགས། བྲག་རི་སྔོན་པོ་ནང་རྡོ་བརྩེགས། རྡོ་ཐོད་ལོ་ལྟ་བུ་སྲིབ་རྡོ་གཡོར། ཡིན་ཟེར་བ་ཞུ་ཡིན། སེར་པོ་གསེར་གྱི་ཀ་ཞབས་བཞག  དཀར་པོ་དངུལ་གྱི་ཀ་བ་བཙུགས།  སྔོན་པོ་གཡུའི་བར་ཕུབ་སྤྲོད། བྲག་ཤིང་ཤུག་པའི་སྡོང་ཅུང་བསྐོར། མ་དགའ་སའི་འཇིམ་རྩོབ་བཞག  ཨ་དགའ་སའི་སྟེང་ས་བླུགས།  གངས་ཆུ་གཙང་མའི་ས་སྟེང་ཆུ་གཞོམ་ཐལ་ཟེར་ནས་ཐིག་པ་འོག་ལ་མ་ཟགས་བའི་དཔེ་ཡང་དེ་འདྲ་སྣང་ ཟེར་དེ་ཞུ་བ་ཡིན། མ་དགའ་རྡོའ་ིཁང་ལྕོག་བརྩེགས། རིན་ཆེན་སྣ་ལྔའི་ལྷ་སྐུ་བཞེངས། ཤིང་ཙན་དན་དམར་པོའ་ིབལ་གྱི་བཞག  དར་ཚོན་སྣ་ལྔའི་དར་བཤམས་ས་འདི་འདྲ་སྣང་ཟེར་ཏེ་ཞུ་བ་ཡིན། དབྱར་ཤིང་སྔོན་པོའི་འགུལ་སེར་པོའི་འགུལ་གྱི་སྐབས། གངས་རྡོ་གཟར་མོའ་ིའགུལ་རྡོ་བཞག  ཐིག་པ་ཏམ་ཟེར་ཁོག་པའི་དཔེ་ཡང་དེ་འདྲ་སྣང་ཟེར་ཏེ་ཞུ་བ་ཡིན། སྒོ་ཤར་སྒོ་ནང་སྒོ་གང་ནས་སྒོ། ཤར་འཛམ་བུའི་ཕྱོགས་ཏུ་སྒོ་ཞིག་ཕུད། ཤར་སྒོ་སེར་པོ་གསེར་གྱི་སྒོ། གསེར་གྱི་སྒོ་ཅིང་ནང་དུ་འདར། སྟོང་འཁོརད་སེར་པོ་བཅིངས་ལུང་བཏག  སྟོང་འཁོརད་བཅིངས་ལུང་ཐེངས་ཞིག་འཐེན་ན་གསེར་གྱི་སྒོ་བཅིངས་ཤུགས་སུ་བསྣོད། གསེར་སྒོ་ཁྲ་མོ་ཁྲབ་སུ་ཕྱི། འབྲི་བརྒྱ་འཛོམས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག  ལྷོ་སྒོ་དཀར་པོ་དངུལ་གྱི་སྒོ། དངུལ་གྱི་སྒོ་བཅིངས་ནང་དུ་འདར། སྟོང་འཁོར་དཀར་པོ་བཅིངས་ལུང་བཏག   སྟོང་འཁོར་བཅིངས་ལུང་ཐེངས་ཞིག་འཐེན་ན་དངུལ་གྱི་སྒོ་བཅིངས་ཤུགས་སུ་བསྣོད། དངུལ་སྒོ་ཁྲ་མོ་ཁྲབ་ཏུ་ཕྱི། རྐྱང་བརྒྱ་འཛོམས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག   ནུབ་སྒོ་སྔོན་པོ་གཡུའི་སྒོ། གཡུ་ཡི་སྒོ་བཅིངས་ནང་དུ་འདར། སྟོང་འཁོར་སྔོན་པོ་བཅིངས་ལུང་བཏག   སྟོང་འཁོར་བཅིངས་ལུང་ཐེངས་ཞིག་འཐེན་ན་གཡུ་ཡི་སྒོ་བཅིངས་ཤུགས་སུ་བསྣོད། གཡུ་སྒོ་ཁྲ་མོ་ཁྲབ་ཏུ་ཕྱི། ལུག་གཡང་དཀར་འཛོམས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག  རྒྱབ་ར་གཡང་ཁང་ཁྲ་མོ། ལུག་གཡང་དཀར་ བརྒྱའི་གཡང་འཁོར་ཤོག གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག  རྒྱ་སྐས་དུང་རི་སྒྲིག་འདྲ། མགྲོན་བརྒྱ་འཛོམས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག དཔང་གཅལ་སྟག་ལྤགས་གཏིང་འདྲ། ཕུན་སུམ་ཚོགས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག ཐབ་ར་སྟག་མོའ་ིམཆུ་ཟད། མཁས་དྲུག་འཛོམས་པའི་གཡང་ཅིག་འཁོར། གཡང་འཁོར་ཤོག་འཁོར་ཤོག་གཡང་འཁོར་ཤོག ཐབ་ལྷ་ཡིད་བཞིན་ནོར་ བུ། ཐབ་རྟགས་སེང་གེའི་ཁ་འཕྲད། གཡས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད། གཡོན་དུ་རྒྱལ་སྲིད་ཀྱི་སྣ་བདུན། སྟེང་དུ་ཉི་མ་ཟླ་བ་ལ་སོགས་ཚང་ཤོག་ཟེར་ནས་ཞུ་བ་ཡིན། 

cf09bc64d560fe676246b26406cf901d.jpg

༡༤. སྐྱེས་ཕོ་རབས་ཀྱི་གཏམ་བཤད། སྐྱེས་ཕོ་རབས་ཀྱི་གཏམ་བཤད་ཟེར་ན་ཨ་སྔོན་སྟོད་དུ་རྒོད་ལྡིང་འདྲ།  སྟོན་ མོ་མི་དངོས་མཛེས་འདྲ།  བྱ་ར་རང་དངོས་གསལ་ཡིནབྱེད་དེ་བཤད་རྒྱུ་ཡོད་རྒྱུ་རེད།  སྐྱེས་ཕོ་འབྲེང་གི་གཏམ་བཤད་ ཟེར་ན།  བྲག་དཀར་སྟོད་དུ་སྡོང་མ་འདེབས་འདྲ།  སྡོང་རྩི་དེ་མི་ལ་མི་ཕོག  སྡོང་རྩ་དེ་རང་ཡང་མི་ཕོག  མི་ཕོག་ བྱེད་དེ་བཤད་རྒྱུ་ཡོད་རྒྱུ་རེད།  སྐྱེས་ཕོ་ཐ་ཡི་གཏམ་བཤད་ཟེར་ནི།  རུལ་དོག་ནང་དུ་ཀོ་བ་བྲུས་འདྲ།  ཚུར་ཁ་ཡང་ ཐུག་ཡིན།  ཕར་ཁ་ཡང་ཐུག་ཡིན།  མཛོ་རྒན་དེ་ཆུ་བསྐོར་ནང་ཁྲིད་འདྲ།  རྟ་རྒན་དེ་རྫ་ནང་ཁྲིད་འདྲ།  ཕ་ཙན་དན་སྡོང་ བོ།  བུ་ཆུ་ཤིང་སྡོང་བོའམ་མ་སྐྱེས།  རྟ་ར་པའི་རྟ་ཕྲུག་ར་པའམ་མ་སྐྱེས།  གཅིག་བཤད་ཤེས་མི་ལྟ་གསུམ་ཡིན་ན།  ཨ་སྔོན་གྱི་རྒྱ་ཆེན་ཡིན།  རྒྱ་མཚོའི་གཏིང་ཟབ་ཡིན།  རི་རབ་ཀྱི་དཔང་མཐོ་ཡིན།  རྟ་དཀར་དཀར་འདྲའི་སྤུ་གྲངས།  འབྲི་ ཟིབ་དཀར་འདྲ་འདྲའི་རྔ་གྲངས།  བྱ་རྒོད་ལྷ་ཁྲ་མོའ་ིགཤོག་གྲངས་བྱེད་དེ་བཤད་རྒྱུ་ཡོད་རྒྱུ་རེད་ཟེར་ནས།  མི་རྒན་རང་གི་གཏམ་ཟེར་ས་ཐོག་ཕོག་རེན།  ཨ་བསྡུ་ནང་ཅུང་བསྡུ།  སྒོ་ང་ནང་དུ་སེར་སྙིང་།  འདི་བཤད་ས་ཡོད་རྒྱུ་མ་རེད་ཟེར་ ནས། ཡང་བཤད་མཁས་པའི་ལྕང་རྒན་ཨ་ཁུ་ཡིན་ན་ཡང་ཆང་ཆུང་ཙམ་འཐུང་རན་ཚིག་གསུམ་འཁྲུག  འགྲོ་མཁས་པའི་ རྒྱ་བཟའ་དབང་འབྱུང་ཡིན་ན་ཡང་།  མུན་ས་རུབ་ཕོག་རན་གོམ་གསུམ་འཁྲུག  ལུང་བ་དེ་ཆང་ས་ཆེ། ང་མི་ངན་ནི་ཆང་ དགའ་ཆེ། དེ་གཏམ་བཤད་ལུགས་མ་འགྲིག ཚིག་ཕོད་ལུགས་མ་འགྲིག མི་ལ་ཕོག་པའི་གཏམ་འགྲིག་ན་ཡང་། མི་ལ་ཕོག་པའི་ཚིག་འགའ་འགྲིག་ཀྱང་།  འདི་ཆང་འཐུང་བའི་གཏམ།  མུན་པའི་སྒྲོན་འདྲའི་འདི་བཞག་རོགས་ཟེར།  འདི་ཐམས་ཅད་ཐུགས་གཏེར་རྒྱལ་བ་རྒྱལ་མཚོ།  ཐུགས་རྗེ་མི་ལ་རས་པ་ཐམས་ཅད་ཐུགས་ལས་མ་ཕོག་རོགས་ཟེར་དགོས། 

༡༥. དར་བཤད། ཚ་བོ་རྒྱ་ཚ་གཤིགས་ཀ་གཅིག   ནུ་ཆུང་སྐྱེས་བུ་དོན་འགྲུབ་གཉིས།  ཚོང་དཔོན་ནོར་བུ་བཟང་བོ་གསུམ།  དེ་གསུམ་གྱི་གྲོས་ཁ་བཟོས་ཏེ།  བོད་ཀྱི་མེ་ལོང་འོད་ན།  སྨད་ཀྱི་རྒྱ་ནག་ཕོ་བྲང་།  དར་སྒྲུབ་འོངས་རབས།  དེའི་གྲོས་ཁ་བཟོ་རབས།  གྲོས་མཐུན་རབས།  རྐྱང་བརྒྱ་ནང་བཅུ་བདམས་རབས།  བཅུ་ནང་བདུན་བདམས་རབས།  བདུན་ནང་ཡང་གསུམ་བདམས་རབས།  ཁོམ་པ་ར་སེར་རྐྱང་དང་གཅིག  ཟི་གླིང་རྔ་ནག་རྐྱང་དང་གཉིས།  རྐྱང་མའི་རྐྱང་ཕྲུག་རྐྱང་དང་གསུམ།  ཚ་བོ་རྒྱ་ཚ་གཤིགས་ཀའི་ཁོམ་པ་ར་སེར་ཁྲིད་སྟངས།  ནུ་ཆུང་སྐྱེས་བུ་དོན་འགྲུབ་ཀྱི་གླིང་རྔ་ནག་ཁྲིད་སྟངས། ཚོང་དཔོན་ནོར་པོ་བཟང་བོའ་ིརྐྱང་མའི་རྐྱང་ཕྲུག་ཁྲིད་སྟངས།  རྐྱང་དེ་གསུམ་ཁྲིད་དེ་བོད་ཀྱི་མེ་ལོང་འོད་ན་སྨད་ཀྱི་རྒྱ་ནག་ཕོ་བྲང་དར་སྒྲུབ་འོངས་ཀྱི་སྐབས་སུ།  སྟེང་ལྷའི་བུ་མོ་དར་གསེས་སུ་འཕྲོད་སྟངས།  བར་གཉེན་གྱི་བུ་མོ་དར་སྐེད་དང་འཕྲོད་སྟངས།  འོག་ཀླུའི་བུ་མོ་དར་བཞུ་རུ་འཕྲོད་སྟངས།  མོ་རྒྱ་བཟའ་དབང་འབྱུང་ཕུགས་བཞི་ཐོག་ཏུ་དར་དྲངས་དང་འཕྲོད་སྟངས།  ཟ་མ་རླུང་གི་སྐེད་གཅིག་དར་སྟངས།  སྐད་གཅིག་དར་བའི་སྐབས་སུ།  ཨ་སྔོན་སྟོད་དུ་འབྲུག་གྲགས་འདྲ།

61cc34af5e9d8a47a64b9df228611ec7.jpg

  སྐད་ག་ལེ་དར་བའི་སྐབས་སུ་བར་སྣང་ཁམས་དུ་སྤྲིན་དཀར་འདྲ།  སྐད་གསུམ་དར་བའི་སྐབས་སུ་སྔོ་ལྗང་ཆར་བ་འབབ་འདྲ།  ཆར་ཆུ་དུས་སུ་བབས་པའི་ལོ་ཏོག་རྟགས་སུ་ཡག  བུ་ཚ་ཡར་རྒྱས་ཀྱི་རྟེན་འབྲེལ་ཡིན་དང་།  འདི་དར་མགོ་དེ་བཀྲ་ཤིས་ཀྱི་རྟགས་བརྒྱད་ཚང་ཡིན།  དར་སྐེད་དེ་རྒྱལ་སྲིད་ཀྱི་སྣ་བདུན་ཚང་ཡིན།  དར་རྩ་སྟོང་བསྐོར་མཚམས་ལོ་ཧྲུབ་ཧྲུབ་དེ་བུ་ཚ་ཡར་རྒྱས་ཀྱི་རྟེན་འབྲེལ་ཡིན་དང་། བུ་དེ་གསུམ་གྱི་དར་སྒྲུབ་དེ།  རྐྱང་དེ་ཡང་དར་བཀལ་དེ་ཡར་བཀལ་དེ་ཉི་མའི་ཡུལ་ལ་བཀལ་རབས།  ཉི་མའི་ཡུལ་གྱི་ཚང་ཁང་ནང་དར་དཀར་པོའ་ིཁྲོམ་གྱི་བཤམས་ རབས།  ཕར་བཀལ་བཀལ་བལ་པའི་ཡུལ་ནས་བཀལ་རབས།  བལ་པའི་ཡུལ་ནས་བཀལ་རབས།  བལ་པའི་ཡུལ་ནང་ཚོང་ཁང་ནང་དར་དཀར་པའི་ཚོང་གཅིག་བཤམས་རབས།  མར་བཀལ་བཀལ་དེ་རང་ཡུལ་རོང་ནང་བཀལ།  རང་ཡུལ་རོང་ནང་དུ་དར་དཀར་པོའ་ིཚོང་གཅིག་བཤམས་རབས།  དར་དེའི་གོང་ཐང་བཤད་ན།  སེར་པོ་གསེར་དང་མཉམ་བཅགས་ཡིན་དང་།  དཀར་པའི་དངུལ་གྱི་དགུ་སྐོར་ཡིན་དང་།  སྔོན་པོ་གཡུའི་བཅུ་སྐོར་ཡིན་དང་།  འདི་དར་མགོ་དེ་བཀྲ་ཤིས་ཀྱི་རྟགས་བརྒྱད་ཚང་ཡིན།  དར་སྐེད་དེ་རྒྱལ་སྲིད་ཀྱི་སྣ་བདུན་ཚང་ཡིན།  དར་རྩ་སྟོང་བསྐོར་མཚམས་ལོ་ ཧྲུབ་ཧྲུབ་དེ་བུ་ཚ་ཡར་རྒྱས་ཀྱི་རྟེན་འབྲེལ་ཡིན་དང་།  དར་དང་བཏགས་ཨ་སྔོན་སྒང་ལ་བཏགས།  ཨ་སྔོན་སྒང་ལ་དར་ བཏགས་མི་དགོས་ཟེར་ན།  མི་མགོ་སྒང་དང་མཐོ་བའི་རྟེན་འབྲེལ་ཡིན།  དར་བར་བཏགས་བྲག་དཀར་སྐེད་ལ་བཏགས།  བྲག་དཀར་སྐེད་ལ་དར་བཏགས་མི་དགོས་ཟེར་ན།  མི་སྲོག་བྲག་ལས་སྲ་བའི་རྟེན་འབྲེལ་ཡིན།  དར་ཕྱི་བཏགས་གཙང་ ཆབ་ཆུ་ལ་བཏགས།  གཙང་ཆབ་ཆུ་ལ་དར་བཏགས་མི་དགོས་ཟེར་ན།  མི་ཚེ་ཆུ་ལས་རིང་བའི་རྟེན་འབྲེལ་ཡིན།  དཀར་ མ་དཀར་བཤད་ན་གླིང་ཆེན་གངས་དཀར་ཁ་ལས་དར་འདི་དཀར་ཡིན།  སྲ་མ་སྲ་བཤད་ན་རྡོ་རྗེ་བྲག་ལས་དར་འདི་སྲ་ཡིན།  རིང་མ་རིང་བཤད་ན་སྤྱི་རིང་ལམ་ལས་དར་འདི་རིང་ཡིན།  འཇམ་མ་འཇམ་བཤད་ན་ངའི་དྲིན་ཆེན་ཕ་མ་ལས་ དར་འདི་འཇམ་ཡིན།  ལྷ་ཇོ་བོ་ལ་ཕུལ་ན་སྙིང་དར་ཡིན།  འབུམ་གསུང་རབས་ལ་བཏགས་ན་དམ་དར་ཡིན།  བུ་དཔའ་བོ་ལ་བཏགས་ན་བུ་དར་ཡིན།  དཀྱིལ་ཀ་ཕྲ་མོ་ལ་བཏགས་ན་ཀ་དར་ཡིན།  འདི་དགའ་པའི་བྲོ་འཆམ་རོགས།  སྙན་པའི་གླུ་ལེན་རོགས།  མཁས་པའི་རྐང་ཞབས་སུག་བུ་མ་བཅག་བར་གཞས་འཆམ་རོགས་ཞུ་དགོས་སྣང་ཟེར།  འདི་བྲོ་འཆམ་གླུ་ལེན་ཟེར་རྒྱུ་འདི་སྟེང་ལྷ་ལ་མ་ཕོག་པའི་བྲོ་འཆམ་རོགས།  བར་གཉེན་ལ་མ་ཕོག་པའི་བྲོ་འཆམ་རོགས།  འོག་ཀླུ་ལ་མ་ཕོག་པའི་བྲོ་འཆམ་རོགས།  འདི་བྲོ་འཆམ་གླུ་ལེན་ཟེར་རྒྱུ་འདི།  ཁྱེད་ཕོག་ང་ཕོག་མེད་པའི་མཛེས་པོ་མཁས་པ་བྱེད་དེ་གཞས་འཆམ་རོགས་ཟེར་དགོས་སྣང་ཞུ་བ་ཡིན། 

3b4130b7d62cdfd7a1560cffba2e9df0.jpg

བཞི། གཡང་འབོད་ཀྱི་སྐོར། 

དེ་རིང་གནམ་གསལ་བའི་ཕ་གཡང་འཁོར་ཤོག ས་གསལ་བའི་མ་གཡང་འཁོར་ཤོག རྒྱ་ནག་རྒྱལ་པོའ་ིཁྲིམས་གཡང་འཁོར་ཤོག རྒྱ་གར་རྒྱལ་པོའ་ིཟོག་གཡང་འཁོར་ཤོག ལྷ་ས་རྒྱལ་པོའ་ིཆོས་གཡང་འཁོར་ཤོག རྒྱ་ནག་ཡུལ་ནས་མི་གཡང་འཁོར་ཤོག བལ་པོའི་ཡུལ་ནས་ལི་གཡང་འཁོར་ཤོག སོག་པོའི་ཡུལ་ནས་རྟ་གཡང་འཁོར་ཤོག བོད་རང་ཡུལ་ནས་གཉེན་གཡང་འཁོར་ཤོག འཇང་ར་མང་ཡུལ་ནས་ར་གཡང་འཁོར་ཤོག  དེ་རིང་མགྲོན་ཚུར་འོང་བརྒྱའི་ གཡང་ཅིག་འཁོར།།  རྒྱབ་སྒོ་སེར་པོ་གསེར་གྱི་སྒོ།  མགྲོན་ཚུར་འོང་བརྒྱའི་གཡང་ཅིག་འཁོར།།  རྒྱབ་རྭ་ལྷས་ཁང་བཅུ་བརྒྱད་ནང་།།  དྲེལ་འ་རྐྱང་བརྒྱའི་གཡང་ཅིག་འཁོར།།  བར་སྒོ་དཀར་པོ་དངུལ་གྱི་སྒོ།  ལུག་གཡང་དཀར་བརྒྱའི་གཡང་ཅིག་འཁོར།།  ནང་སྒོ་སྔོན་པོ་གཡུའི་སྒོ།  མགྲོན་བརྒྱ་འཛོམ་བའི་གཡང་ཅིག་འཁོར།།  རྒྱ་སྐས་དུང་སོ་སྒྲིག་ འདྲ།།  མགྲོན་ཚུར་འོང་བརྒྱའི་གཡང་ཅིག་འཁོར།།  པང་གཅལ་སྟག་ལྤགས་བཏིང་འདྲ།།  མགྲོན་ཕར་འོང་བརྒྱའི་གཡང་ ཅིག་འཁོར།།  ཐབ་སྔོན་ཐབ་བར་ཐབ་འོག་ཐབ་གསུམ།།  སྔོན་ཐབ་སེར་པོ་གསེར་གྱི་ཐབ།།  ཇ་འཁོར་དྲུག་དང་ལྡན་པའི་གཡང་ཅིག་ཤོག བར་ཐབ་དཀར་པོ་དངུལ་གྱི་ཐབ།།  དངུལ་ཐབ་ཐོག་ལ་འོ་ཟངས་འཇོག དཀར་འོ་མ་རྒྱུན་མི་ཆད་པའི་གཡང་ཅིག་ཤོག འོག་ཐབ་སྔོན་པོ་གཡུའི་ཐབ།།  གཡུ་ཐབ་ཐོག་ལ་ཆང་ཟངས་འཇོག  ཆང་ཆང་མ་རྒྱུན་མི་ཆད་པའི་གཡང་ཅིག་ཤོག  ཐབ་ལྷ་ཡིད་བཞིན་ནོར་བུ།།  ཐབ་རྟགས་སེང་གེ་ཁ་སྤྲོད།  ཉི་མ་ཟླ་བ་ལ་ཚང་བའི་གཡང་ཅིག་ཤོག ནང་ཁང་བང་མཛོད་ཆེན་པོ།།  གསེར་གྱི་གང་བའི་གཡང་ཤོག  མཐར་བཞི་པང་བའི་ཐོག་གང་།།  གཡང་ཆགས་པའི་ གཞི་ཡོད།།  གཞི་ཆགས་པའི་བཀྲ་ཤིས་རྟགས་བརྒྱད་ཡོད།།  བཞིགས་པའི་རྒྱལ་སྲིད་སྣ་བདུན་ཡོད།།  གཡང་ཡར་ལ་ བྱོན་རོགས།།  ཡར་ལ་བཞུགས་རོགས།།  

ལྔ། བསྐོར་བྲོའི་སྐོར།

༡. འབུལ་བའི་གླུ། བླ་མ་ལ་འབུལ་ལོ།།  ཆོས་ར་ལ་འབུལ་ལོ།།  བླ་མ་དུས་གསུམ་སངས་རྒྱས་བྲོའི་མཆོད་པ་འབུལ་ལོ།།  དཔོན་པོ་ལ་འབུལ་ལོ།།  ཁྲིམས་ར་ལ་འབུལ་ལོ།།  དཔོན་པོ་ཁྲིམས་ར་ཕྱོགས་གསུམ་བྲོའི་མཆོད་པ་འབུལ་ལོ།།  སྔགས་ཆུང་ལ་འབུལ་ལོ།།  མདོ་སྔགས་ལ་འབུལ་ལོ།།  སྔགས་ཆུང་མདོ་སྔགས་ཕྱོགས་གསུམ་བྲོའི་མཆོད་པ་འབུལ་ལོ།།   ཕ་འཁོར་ལ་འབུལ་ལོ།།  གྲལ་ར་ལ་འབུལ་ལོ།། ཕ་འཁོར་གྲལ་ར་ཕྱོགས་གསུམ་བྲོའ་ིམཆོད་པ་འབུལ་ལོ།།  མ་སོ་ལ་འབུལ་ལོ།།  ཇ་ར་ལ་འབུལ་ལོ།།  མ་སོ་ཇ་ར་ཕྱོགས་གསུམ་བྲོའི་མཆོད་པ་འབུལ་ལོ།།  ཕོ་གསར་ལ་འབུལ་ལོ།།  མདའ་ར་ལ་འབུལ་ལོ།།  ཕོ་གསར་མདའ་ར་འཛོམ་བྱུང་བྲོའི་མཆོད་པ་འབུལ་ལོ།།  བུ་མོ་ལ་འབུལ་ལོ།།  ཐར་ར་ལ་འབུལ་ལོ།།  བུ་མོ་ཐར་ར་འཛོམ་བྱུང་བྲོའི་མཆོད་པ་འབུལ་ལོ།།  

༢. འཛོམས་པྲོ། གནས་འགོ་ཤོག་པ་སྤུན་གསུམ།།  འཛོམས་པྲོ་ཡར་ལ་འཆམ་ཤོག ཤོག་ཆུང་རྨ་བྱ་བྱ་གསུམ།།   འཛོམས་པྲོ་ཡར་ལ་འཆམ་ཤོག རྨ་བྱ་འཕུར་སྟངས་ཡག་བྱུང་།།  འཛོམས་པྲོ་ཡར་ལ་འཆམ་ཤོག གནས་སྐེད་ཙན་དན་སྤུན་གསུམ།།  འཛོམས་པྲོ་ཡར་ལ་འཆམ་ཤོག ཙན་དན་རྒོད་ལྷ་བྱ་གསུམ།།  འཛོམས་པྲོ་ཡར་ལ་འཆམ་ཤོག རྒོད་ལྷ་ལྡིང་སྟངས་ཡག་བྱུང་།།  འཛོམས་པྲོ་ཡར་ལ་འཆམ་ཤོག གནས་རྩ་ལྕང་དཀར་སྤུན་གསུམ།།  འཛོམས་པྲོ་ཡར་ལ་འཆམ་ཤོག ལྕང་དཀར་ཁུ་བྱུག་བྱ་གསུམ།།  འཛོམས་པྲོ་ཡར་ལ་འཆམ་ཤོག ཁུ་བྱུག་ལྡིང་སྟངས་ཡག་བྱུང།།  འཛོམས་པྲོ་ཡར་ལ་འཆམ་ཤོག 

8b889ac0b9c96e808082f36f7af62335.jpg

༣. བཀག་བྲོ། ཐང་སྟེང་ཐང་བར་ཐང་འོག་ཐང་གསུམ།།  ཐང་སྟེང་ཐང་ཐོག་ལ་སྟག་གདན་རྒྱབ།།  བྱོན་མགྱོགས་ མགྱོགས་རེ་ར་མ་བྱེད་རོགས།།  གདན་སྟག་གདན་ཐོག་ལ་བཞུགས་རོགས་ཞུ།།  ཐང་སྟེང་ཐང་བར་ཐང་འོག་གསུམ།།    ཐང་བར་ཐང་ཐོག་ལ་གཟིག་གདན་རྒྱབ།།  བྱོན་མགྱོགས་མགྱོགས་རེ་ར་མ་བྱེད་རོགས།།  གདན་གཟིག་གདན་ཐོག་ལ་བཞུགས་རོགས་ཞུ།།  ཐང་སྟེང་ཐང་བར་ཐང་འོག་གསུམ།།   ཐང་འོག་ཐང་ཐོག་ལ་ཝ་གདན་རྒྱབ།།  བྱོན་མགྱོགས་མགྱོགས་རེ་ར་མ་བྱེད་རོགས།།  གདན་ཝ་གདན་ཐོག་ལ་བཞུགས་རོགས་ཞུ།།  གཙང་ཁམས་ཡུལ་བར་ལ་རྒྱང་རིང་ སྣང་།། རྒྱང་རིང་ཐུང་བར་ལ་གསེར་ཟམ་གཙུག ཟམ་གསེར་ཟམ་གོང་ལ་རི་མོ་མཛེས།། མཛེས་དཔེ་ཞིག་བཞག་དེ་གྱོན་ནས་བྱོན།།  མཛེས་དཔེ་གཉིས་པཞག་དེ་བྱོན་ལོགས་མེད།།  མཛེས་དཔེ་གསུམ་རྡོག་ཐོ་རྒྱབ་ས་ཡིན།།  མཐོ་ཡུལ་ལྷ་ མགོ་དེ་དཔེར་བཞག་ཤོག   རྡོ་རིང་རྡོ་ཐུང་ལར་རྩི་བརྩིགས།།  མཐོ་ཡུལ་ལྷ་མགོ་ཡི་དཔེ་བཞག་ཡིན།།   ལྷ་རི་སྐེད་དེ་དཔེ་བཞག་ཤོག  སྨྱུག་རིང་སྨྱུག་ཐུང་བསང་ཚལ་གཙུག མཐོ་ཡུལ་ལྷ་སྐེད་ཀྱི་དཔེ་བཞག་ཡིན།།   ལྷ་རི་རྩ་དེ་དཔེ་བཞག་ ཤོག    བསང་ཞྭ་མོ་ལྷ་དར་གསུམ།།  མཐོ་ཡུལ་ལྷ་རྩ་ཡི་དཔེ་བཞག་ཡིན།། 

༤. ལྕགས་སྒོང་ཕྲ་མོའི་བྲོ། རྒྱ་གར་རི་ཡི་ཡར་ནང་དེ།།   རྒྱ་ནག་རི་ཡི་ཕྱེ་ནང་དེ།།   རྒྱ་དཀར་ནག་དམར་གསུམ་འཛོམས་དེ།།  སྤང་མ་ཆེ་མ་ཆུང་མི་ལོང་རྫད།།  སྤང་དེ་ནང་འབྲི་ཟེའུ་བརྒྱ་ཨེ་བཞུགས་སོ།།  ཚོ་མཁས་པས་ཚོ་ནས་གཡུས་གཟུང་རྫད།།   རུག་མཁས་པས་རུག་ནས་བྲོ་གྲ་སྒྲིག བྲོ་གྲ་སྒྲིག་ནས་ཨ་ལོང་འདྲ།།   བཞུ་མཁས་པས་བཞུ་ནས་ འོ་མོང་མཛོད།།  འོ་མོང་མཛོད་དེ་རྒྱ་མཚོ་འཁྱིལ།།  དཀྲུགས་མཁས་པས་དཀྲུགས་ནས་མར་མོང་མཛོད།།  མར་མོང་ མཛོད་དེ་གསེར་རི་འདྲ།།   སྣེ་མཁས་པས་སྣེ་དེ་ཐུད་རི་མཛོད།།   ཐུད་མོང་མཛོད་དེ་དུང་རི་འདྲ།།  སྐུལ་མཁས་པས་སྐུལ་དེ་སྐྱུ་མོང་མཛོད།།  སྐྱུ་མོང་མཛོད་དེ་རྫ་རི་འདྲ།།  ཞབས་རྫ་རི་ཆེན་མོའི་འགོ་སྟོད་ན།།  ཞིང་ཡ་མཚན་ཅན་གྱི་ཞིང་གསུམ་འཁྲུངས་།།  ཞིང་དེ་གསུམ་འགོ་ལ་བྱ་གསུམ་ཆགས།།   བྱ་དེ་གསུམ་གོང་ལ་མིང་གསུམ་རྟགས།།  བྱ་ཞིག་ལ་གསེར་བྱ་སེར་པོ་ཟེར།།  བྱ་ཞིག་ལ་དངུལ་བྱ་དཀར་པོ་ཟེར།།   བྱ་ཞིག་ལ་གཡུ་བྱ་སྔོན་པོ་ཟེར།།  བྱ་དེ་གསུམ་གོང་ལ་ཚང་གསུམ་ཡོད།།  

d52294fdaf5c331f240d297aeeb7b953.jpg

 ཚང་དེ་གསུམ་གོང་ལ་མིང་གསུམ་རྟགས།།   གསེར་བྱ་མ་གསེར་ཚང་བཀྲ།།   དངུལ་བྱ་ མ་དངུལ་ཚང་བཀྲ།།  ནེ་ཙོ་སྔོན་པོ་གཡུ་ཚང་བཀྲ།།  ཚང་དེ་གསུམ་ནང་ལ་སྒོང་གསུམ་ཡོད།།  གསེར་བྱ་མའི་གསེར་སྒོང་སྒོང་།།  དངུལ་བྱ་མ་དངུལ་སྒོང་སྒོང་།།  གཡུ་བྱ་མ་གཡུ་སྒོང་སྒོང་།།  སྒོང་ཡར་གཅིག་གི་སྒོང་བཞི་སྒོང་།།  སྒོང་ཡར་ལྕགས་སྒོང་ཕྲ་མོ་སྒོང་།།  ལྕགས་སྒོང་ཕྲ་མོ་འཁྲུངས་ཐབས་བཤད།།   སྟེང་ལྷ་ཁང་ནང་ལ་ལོ་གསུམ་བཞག འཁྲུངས་ ཨེ་ཐོབ་བསམ་རུང་འཁྲུངས་མ་ཐོབ།།   བར་མྱི་ཁང་ནང་ལ་ཟླ་གསུམ་བཞག  འོག་ཀླུ་ཁང་ནང་ལ་ཞག་གསུམ་བཞག  འཁྲུངས་མ་ཐུབ་རིམ་གྲོས་མགྱོགས་ཐབས་བྱེད།།  ཤར་རྡོ་རྗེ་སེམས་དཔའི་གདན།།  ལྷོ་རིན་ཆེན་འབྱུང་གནས་གདན།།  ནུབ་སྣང་བ་མཐའ་ཡས་གདན།།  བྱང་དོན་ཡོད་སྒྲུབ་པ་གདན།།  རི་རབ་འདྲ་བའི་གཏོར་མ་བཟོ།།   གྲོ་བཞི་ནག་པོས་རྡོ་ར་བརྩིགས།།  ཀློང་ཆེན་པ་ཡི་ཅོད་པན་བརྩིས།།   འཁྲུངས་ཨེ་ཐོབ་བསམ་རུང་འཁྲུངས་མ་བྱུང་།།  འཁྲུངས་མ་ཐུབ་ མགར་ར་སྤུན་གསུམ་གདན།།  སྟེང་དེ་འདོད་ལྷ་མགར་ར་གདན།།  བར་དེ་དམ་ཅན་མགར་ར་གདན།།   འོག་དེ་ཐོད་རོང་མགར་ར་གདན།།  ནུབ་དམར་ལུང་རི་ནང་བཟོ་ཞིང་བྱེད།།  ཤར་དར་དཀར་ཐང་ནང་སོལ་བ་བསྲེགས།།  རི་ཆེ་རི་ ཆུང་རི་འབྲིང་གསུམ།།   རི་ཆེ་མགོ་ལ་ལྦུ་ཆེན་བཙུག  རི་ཆུང་མགོ་ལ་ལྦུ་ཆུང་བཙུགས  རི་འབྲིང་མགོ་ལ་ལྦུ་འབྲིང་བཙུག  ལྦུ་ཆེན་སྟག་མོ་ངན་འདྲ་རེད།།   ལྦུ་འབྲིང་གཟིག་མོ་ངན་འདྲ་རེད།།  ལྦུ་ཆུང་ཝ་མོ་ཕམ་འདྲ་རེད།།  སྐམ་ཆེ་སྐམ་ཆུང་ སྐམ་འབྲིང་གསུམ།།   སྐམ་ཆེ་སྟག་མོ་ཐམ་འདྲ་རེད།།  སྐམ་འབྲིང་གཟིག་མོ་ཐམ་འདྲ་རེད།།  སྐམ་ཆུང་ཝ་མོ་ཐམ་འདྲ་ རེད།།  ཐོ་ཆེ་ཐོ་ཆུང་ཐོ་འབྲིང་གསུམ།།  ཐོ་ཆེ་དབྱུག་རེན་ཐིགས་གཅིག་རེད།།   ཐིགས་མ་ཆེ་མ་ཆུང་མཐེ་མོ་གཟུགས།།   མཐོ་འབྲིང་དབྱུག་རེན་བསྲུབ་ཅིག་འོངས།།  བསྲུབ་མ་ཆེ་མ་ཆུང་རྟ་རྔ་གཟུགས།།   ཐོ་ཆུང་དབྱུག་རེན་སྐད་ཅིག་ཤོར།།  འགའ་རས་བྱ་རེད་བྱ་རེད་ཟེར།།  བྱ་རེད་ན་བྱ་རིགས་སྤུ་དྲུག་བཤད།།   འགའ་རས་རྐྱང་རེད་རྐྱང་རེད་ཟེར།།   རྐྱང་རེད་ན་རྐྱང་མའི་མདོག་དྲུག་བཤད།།  བྱ་མགོ་རུས་པའི་གསུམ་གཟེར་སྣང་།།  བྱ་རྐང་ཆུ་སྲན་འདབ་མོ་སྣང་།།  ཤུག་པ་ གསེར་ཁང་སྐབ་འདྲ་རེད།།  སྤུ་རིང་གདན་བརྒྱ་གདན་སྟོང་སྣང་།།  སྤུ་འབྲིང་ལྔ་བརྒྱ་ལྔ་སྟོང་སྣང་།།   སྤུ་ཐུང་སུམ་བརྒྱ་ སུམ་སྟོང་སྣང་།།   ཐོད་པ་ལེབ་ལེབ་གདན་འདྲ་དགོས།།   སྣ་ཞིང་སྒ་ཉྭ་སྒང་འདྲ་དགོས།།  སྒ་གདན་འཛོམ་པའི་རྐྱང་ཞིག་ དགོས།།  སྣ་སྒ་ཡངས་མོ་དུང་འདྲ་དགོས།།   མཆུ་པ་དཀར་པོ་འོ་འདྲ་དགོས།།  སྒལ་ཚིག་ཐུང་ཐུང་ལུག་འདྲ་དགོས།།  སྦུ་ཤུབ་རིང་རིང་སྤྱང་འདྲ་དགོས།།  སྤྱང་ལུག་འཛོམ་པའི་རྐྱང་ཞིག་དགོས།།   ཅེ་པ་གུག་གུག་གཞུ་འདྲ་དགོས།།  ལག་པ་དྲང་མོ་མདའ་འདྲ་དགོས།།   མདའ་གཞུ་འཛོམ་པའི་རྐྱང་ཞིག་དགོས།།  རྐང་པ་སྡེར་སྡེར་གཞོང་འདྲ་དགོས།།   ཚིག་པ་འབོ་འབོ་སྒང་འདྲ་དགོས།།  སྒང་སྡེར་འཛོམ་པའི་རྐྱང་ཞིག་དགོས།།  རྣ་རྩ་སྲབ་སྲབ་དར་འདྲ་དགོས།།  རྣ་རྩི་རྣོ་རྣོ་ ཁབ་འདྲ་དགོས།།  དར་ཁབ་འཛོམ་པའི་རྐྱང་ཞིག་དགོས།། 

༥. གཡང་ཆགས་ཀྱི་བྲོ། གཡང་ནི་ཆགས་པར་ཤོག   གོང་བླ་མའི་ཐོག་ནས་གཡང་ཆགས་པར་ཤོག  བླ་མའི་ ཆོས་རའི་ཐོག་ལ་གཡང་ནི་ཆགས་པར་ཤོག  སྡེ་དཔོན་པའི་ཐོག་ལ་གཡང་ནི་ཆགས་པར་ཤོག  དཔོན་པའི་ཁྲིམས་ རའི་ཐོག་ལ་གཡང་ནི་ཆགས་པར་ཤོག  ཡུལ་སྔགས་ཆུང་གི་ཐོག་ལ་གཡང་ནི་ཆགས་པར་ཤོག  སྔགས་ཆུང་མདོ་སྔགས་ཀྱི་ཐོག་ལ་གཡང་ནི་ཆགས་པར་ཤོག   ཡུལ་ཕ་སྐུའི་ཐོག་ལ་གཡང་ནི་ཆགས་པར་ཤོག  ཕ་སྐུ་གྲལ་རའི་ ཐོག་ལ་གཡང་ནི་ཆགས་པར་ཤོག   ཡུལ་མ་ལོ་ཐོག་ལ་གཡང་ནི་ཆགས་པར་ཤོག  མ་ལོ་ཇ་རའི་ཐོག་ལ་གཡང་ནི་ ཆགས་ཐར་ཤོག  ཡུལ་ཕོ་སར་གྱི་ཐོག་ལ་གཡང་ནི་ཆགས་པར་ཤོག  ཕོ་སར་མདའ་རའི་ཐོག་ལ་གཡང་ནི་ཆགས་ པ་ཤོག  ཡུལ་བུ་མོའ་ིཐོག་ལ་གཡང་ནི་ཆགས་པར་ཤོག  བུ་མོ་ཐར་རའི་ཐོག་ལ་གཡང་ནི་ཆགས་ཐར་ཤོག

1c61132f7a1e4de96c21c7cec7a0e4e0.jpg

༦. འགྲོ་རྒྱུའི་གླུ། འགྲོ་རིན་ཐལ་བདེན་པ་བརྐྱངས་རེན་ཐལ། རྐྱང་ལི་ལྦི་གསེར་སྒ་བརྒྱ་ཐོན་ཐལ། གོང་བླ་མ་ རྣམས་པས་མགྲོན་བསྐྱེལ་རོགས།  འགྲོ་རིན་ཐལ་བདེན་པ་བརྐྱངས་རེན་ཐལ།  རྐྱང་ལི་ལྦི་དངུལ་སྒ་བརྒྱ་ཐོན་ཐལ། སྡེ་དཔོན་པོ་རྣམས་པས་མགྲོན་བསྐྱེལ་རོགས། འགྲོ་རིན་ཐལ་བདེན་པ་བརྐྱངས་རེན་ཐལ།  རྐྱང་ལི་ལྦི་གཡུ་སྒ་བརྒྱ་ཐོན་ཐལ། ཡུལ་སྔགས་ཆུང་རྣམས་པས་མགྲོན་བསྐྱེལ་རོགས།  གཉིས་པ། བསང་འབོད་ཀྱི་སྐོར། ཀེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།  ནོར་ལྷ་བསྟན་དར་ཡུལ་ལྷ་གཞི་བདག་བསང་མགྲོན་མི་འཁོར་དང་བཅས་པ། སྟེང་ནས་དགའ་ལྡན་གྱི་བླ་མ། བར་ནི་ཡི་དམ་གྱི་ལྷ་ཚོགས། འོག་ནས་ཆོས་སྐྱོང་གི་སྲུང་མ།  སྔ་རབས་བྱོན་པའི་བླ་མ་སངས་རྒྱས་མར་མེ་མཛད། ད་ལྟ་བཞུགས་པའི་བླ་མ་སངས་རྒྱས་ཤཱཀྱ་ཐུབ་པ། ཕྱི་མ་བྱོན་པའི་བླ་མ་རྗེ་བཙུན་བྱམས་པ་མགོན་པོ། དུས་གསུམ་གྱི་བླ་མ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མགོན་སྐྱབས་གདོང་གྲོགས་མཛོད་རོགས། སངས་རྒྱས་ཀྱི་བཀའ་ཡི་སྤྲུལ་བ་འཇམ་དཔལ་དབྱངས།  གསུང་གི་སྤྲུལ་བ་སྤྱན་རས་གཟིགས།  ཐུགས་ཀྱི་སྤྲུལ་བ་ཕྱག་ན་རྡོ་རྗེ།   གནས་མཆོག་གི་རྒྱལ་བ་རིགས་གསུམ་མགོན་པོ།  གངས་དཀར་གྱི་འཁོར་བ་འཁོར་བཅས། གངས་དཀར་གྱི་རྒྱལ་ཆེན་སྡེ་བཞི། གངས་དཀར་གྱི་བུ་མོ་གསེར་སྒྲོལ་མ།  དུང་སྒྲོལ་མ། གཡུ་སྒྲོལ་མ།  ཆུ་ནས་ཨ་མཚོ་སྒྲོལ་མ།  བྲག་ལྷ་ཁང་རྡོ་རྗེ་གཡུ་སྒྲོལ།  དཀར་གཡང་བུ་མོ་བྱ་ཁྲ་མ་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས། ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་ཀྱི་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་ མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  གངས་དཀར་གྱི་རྒྱ་ཆེན་སྡེ་བཞི།  གླིང་གི་འཇར་ནག་ཆ་སེར་གྱི་ལྕོང་རྒན། དགེ་རོགས་ཀྱི་ལྕགས་རྫོང་།  ཤར་ཕྱོགས་ཀྱི་རྦ་ཆེན་བྲག་དཀར།  གངས་དཀར་གྱི་རྒྱ་ཆེན་སྡེ་བཞི་ཐམས་ཅད་ལ་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།   དགོན་ཆེན་བཞི་དང་དགོན་ཆུང་བརྒྱད།   མགོན་མི་ལྷ་བརྒྱ་དང་བཅུ་གསུམ་ཐམས་ཅད་ལ་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། འབའ་ཆོས་སྡེ་དགོན་གྱི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་བཀའ་སྲུང་། ལྷ་ སྲུང། བསྟན་སྲུང་།  མུ་ལི་བཀྲ་ཤིས་རབ་བརྟན་ནང་དགོན་གྱི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་།  རྒྱལ་དམ་དགའ་ལྡན་ སྲོང་བཙན་གླིང་གི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། གངས་གླིང་ནོར་བུ་རྣམ་རྒྱལ་དགོན་གྱི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། གངས་དཀར་མཚོ་མགོ་གླིང་གི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། ཀ་ར་རྒྱལ་ར་ནང་དགོན་གྱི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། བྲག་དཀར་ནོར་བུ་དགོན་གྱི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། ཐང་འགོལ་བཀྲ་ཤིས་སྒྲུབ་རྗེ་ ཆོས་གླིང་གི་བཀའ་སྲུང་། ལྷ་སྲུང་། བསྟན་སྲུང་། དགོན་སྲུང་། འབུམ་གསུང་རབས་ལྷ་སྐུ་བསྟན་སྲུང་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས།  ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་ཀྱི་བྱེ་ བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།  རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། གཞི་བདག་གི་འབྲུག་ཁྱུང་སེང་གསུམ།  གནས་བདག་གི་རྡོ་རྗེ་ར་བ། ཁྱུང་འབྲུག་གི་མི་དཀར་རྟ་དཀར་ཐམས་ཅད་ མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས།  ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་ ཀྱི་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  སྟོང་ཆེན་ལུང་བ་འདི་ལ་གནས་པའི་གཞི་བདག་ཉི་བསྟན་གྱི་ནག་རྨོག   ཆ་སེར་གྱི་ལྕོང་རྒན།  དགེ་རོགས་ཀྱི་ལྕགས་རྫོང་། གོ་ཡི་ར་རྫས།  གསེར་གཟེར་གྱི་འགོང་ར།  ཅོད་ཀྱི་ར་འཛོམས་ར་འཕེལ། ཀ་ར་ཡི་བྲག་དཀར། རྟ་གཡག་གི་རྨ་ཆེན་སྤུང་ར། བྲག་དཀར་གྱི་ནོར་བུ་བྲག་དཀར། གཞི་བཞག་གི་མཇའ་འདུས་དབང་ཕྱུག   མགོ་འབོས་ཀྱི་བན་ཅུག   རྟ་ར་ཡི་དགེ་བསྙེན་ཆེན་པོ། བྱ་དབྱིབས་ཀྱི་གཞི་ཤ    ཁོ་ཡུང་གི་བྲག་དཀར། ཐང་ལྕོང་གི་ནོར་བུ་པད་མ་གཡུ་རྒྱལ་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།  རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། ཕར་རོལ་ཡར་ལ་གནས་པའི་གཞི་བདག   ཚུར་རོལ་ཡར་ལ་གནས་པའི་གཞི་བདག  འགྲོ་བ་ལམ་ལ་གནས་པའི་གཞི་ བདག   འབྱུང་བ་ཤིང་ལ་གནས་པའི་གཞི་བདག   ཤིང་ཡར་སྐྱེས་ལ་གནས་པའི་གཞི་བདག  མཚོ་སྨུག་པོ་གནས་པའི་ གཞི་བདག  སྤང་མེ་ཏོག་ལ་གནས་པའི་གཞི་བདག    གངས་ཁ་བ་ལ་གནས་པའི་གཞི་བདག  ཡར་ཀློང་ལ་གནས་པའི་ གཞི་བདག   གནས་རིའི་སྲུང་མ་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས།  

7296b8bdfd7296afecb7c56875c97966.jpg

ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།  རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། ཁ་འཁོར་ཕྱོགས་གསེར་གྱི་ཉི་མ་ཤར་བཅུག་རོགས།  རྒྱབ་གང་བརྟེན་དུང་གི་ཟླ་བ་རྒྱས་བཅུག་རོགས།  ཉིན་གསུམ་ཐམས་ཅད་ལ་བྱ་ར་མཛོད་རོགས།  མཚན་གསུམ་ཐམས་ཅད་ལ་མུན་སེལ་མཛོད་རོགས།  མ་འོངས་ཀྱི་ལམ་ལ་འཕྲིན་བསྐོར་རོགས།  དུག་མ་འོངས་ཐོག་ལ་སྨན་སྟེར་རོགས།  བཟང་གསུམ་ཐམས་ཅད་ལམ་ལ་འཛོམས་རོགས། ངན་ གསུམ་ཐམས་ཅད་ལམ་ལ་མེད་པ་མཛོད་རོགས།  ཞ་ར་ཡི་འཕྲིན་བསྐོར་རོགས།  རྒྱབ་བརྟེན་གྱི་རི་བྱེད་རོགས།  མ་མཐོང་ཐམས་ཅད་སྟོན་རོགས།  མ་ཤེས་ཐམས་ཅད་སློབ་རོགས།  ཁ་ཟས་མར་ཟས་དང་ཕྲད་བཅུག་རོགས། ལག་དོན་ མེད་དོན་དང་ཕྲད་པར་བཅུག་རོགས།  མི་བརྒྱ་ནང་འགྲོ་ཡང་རང་མགོ་མཐོར་བཅུག་རོགས།  རྟ་བརྒྱ་ནང་རྒྱུགས་ཡང་ སྒ་མཐོར་བཅུག་རོགས།  ཆུ་འབབ་ན་རགས་ཁ་མཐོར་བཅུག་རོགས།  གཏམ་བཤད་ན་ཚིག་ཁ་མཐོར་བཅུག་རོགས།  དགྲ་མགོ་དེ་གཅོད་བཅུག་རོགས།  ཟིན་ཕུང་ཏེ་བཅག་བཅུག་རོགས། རྒྱལ་ཁ་དེ་རང་ཐོབ་བཅུག་རོགས།  ཕམ་ཁ་དེ་དགྲ་ལ་འཕོག་བཅུག་རོགས།  དགྲ་མགོ་རང་འཐག་བསྐོར་བསྐོར། དགྲ་རྐང་བསོག་འབིག་གཏུབ་གཏུབ།  མི་མགོ་སྒང་ལས་ མཐོར་བཅུག་རོགས།  མི་སྲོག་བྲག་ལས་སྲ་བཅུག་རོགས།  མི་ཚེ་ཞབས་པད་བརྟེན་བཅུག་རོགས། རྒན་པ་ཐམས་ཅད་ཚེ་རིང་བཅུག་རོགས།  གཞོན་པ་ཐམས་ཅད་སྐལ་རྒྱས་བཅུག་རོགས།  ལོ་ཆུང་ཐམས་ཅད་གྲངས་མང་བཅུག་རོགས།  བཙན་ཕྱུག་དར་གསུམ་འཛོམས་བཅུག་རོགས།  ལ་ཆེན་པོ་དེ་བརྒལ་བཅུག་རོགས།  ཆུ་ཆེན་པོ་དེ་རྐྱལ་ཐབས་སྤྲད་ བཅུག་རོགས།  ལ་ཆེན་པོ་ལ་སྐེད་བཀག་མ་བཅུག་རོགས།  ཆུ་ཆེན་པོ་ཟམ་གྱི་བཀག་མ་བཅུག་རོགས།  གྲོང་ཆེན་པོ་བླ་འཆམ་མ་བཅུག་རོགས།  ཤིང་འབྲས་བུ་ཡག་ས་བསོད་ནམས་ཤོར་མ་བཅུག་རོགས།  ཡར་ཀློང་ལ་གནས་པའི་ གཞི་བདག   གནས་རིའི་སྲུང་མ་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས།  ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།   ཕྱུག་བདག་ནོར་བུ་བཟང་བོ། ནོར་གྱི་རྒྱལ་པོ་ཨ་ཡ་ཛམ་བྷ་ལྷ། མཐོ་སྤང་དཀར་སྟོད་ལ་ནོར་བརྒྱ་འཛོམས་བཅུག་ རོགས།  ཞིང་དམའ་སའི་ཐོག་ལ་ལོ་ཏོག་ཡག་བཅུག་རོགས།  འབྲི་སུག་དཀར་དེ་བརྒྱ་ཁ་རྒྱས་བཅུག་རོགས།  བེའུ་ཆུང་ཆུང་དེ་བེའུ་ཐག་གང་བཅུག་རོགས།  དཀར་འོ་མ་གདོང་གྲོགས་བྱེད་རོགས།  མར་སེར་པོས་རྒྱབ་བརྟེན་བྱེད་ རོགས།  ཕྱུག་བདག་ནོར་བུ་བཟང་བོ། ནོར་གྱི་རྒྱལ་པོ་ཨ་ཡ་ཛམ་བྷ་ལྷ་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་ རོགས། དཔའ་རོགས་དཔུང་བྱ་མཛོད་རོགས།  ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་ རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།  རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  རྟ་བདག་དཀར་འབེལ་ར་ཆེན།  ཕོ་གསར་བ་སྐྱེས་བུ་དོན་འགྲུབ།  ཚོང་དཔོན་ནོར་བུ་བཟང་བོ། རྟ་ཕོ་མགྱོགས་ཀྱི་དགྲ་ལྷ།  དཔའ་ཕྲུག་བཙན་གྱི་དགྲ་ ལྷ།  དེད་ནས་སླེབས་ཀྱི་དགྲ་ལྷ།  ཕམ་ན་ཐར་གྱི་དགྲ་ལྷ།  བྲག་དཀར་པོར་མདའ་ཟུག་གི་དགྲ་ལྷ།  མཚོ་སྔོན་པོར་མེ་ འབར་བའི་དགྲ་ལྷ། ཤིང་སྐམ་པོར་ལོ་མ་རྒྱས་པའི་དགྲ་ལྷ། བྱེའུ་ཆུང་ཆུང་བྱ་ཁྲ་བསད་པའི་དགྲ་ལྷ། ཝ་མོས་སྟག་བསད་ པའི་དགྲ་ལྷ།  རས་གྲི་སོ་ལ་རྐྱང་རྒྱུགས་པའི་དགྲ་ལྷ། རྒྱ་ཁབ་ཐོབ་ལ་བྲོ་འཆམ་པའི་དགྲ་ལྷ། དགྲ་ལྷ་དཔའ་བརྩེགས་པའི་ དགྲ་ལྷ་མཆོད།  དགྲ་ལྷ་མགྱོགས་བརྩེགས་བྱེད་པའི་དགྲ་ལྷ་མཆོད། དགྲ་ལྷ་བླ་མགོན་བཅུ་གསུམ་མཆོད། དགྲ་ལྷ་དར་ མགོན་བཅུ་གསུམ་མཆོད། རྟ་བདག་དཀར་འབེལ་ར་ཆེན།  ཕོ་གསར་བ་སྐྱེས་བུ་དོན་འགྲུབ།  ཚོང་དཔོན་ནོར་བུ་བཟང་ བོ་ཐམས་ཅད་མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས། ལས་རོགས་རྒྱབ་སྐྱོབ་ དམ་པ་རྣམས་ཀྱི་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད།།   མ་ལོ་རྗེ་བཙུན་སྒྲོལ་དཀར་མཆོད།།   སྟེང་ལྷའི་དངོས་སྒྲུབ་འབྱུང་མིར་ མཆོད།།   བར་གནས་ཀྱི་གདོང་གྲོགས་བྱེད་མིར་མཆོད།།   འོག་ཀླུའི་འདོད་ཡོན་སྦྱིན་མིར་མཆོད།།   སྟེང་ཁང་ཐམས་ ཅད་མི་སྡོད་བཅུག་རོགས།།  ཞབས་ཁང་ཐམས་ཅད་ནོར་སྡོད་བཅུག་རོགས།།  ཞིང་མུ་ཐམས་ཅད་ཐོག་ཡག་བཅུག་ རོགས།།  རྒན་པ་ཐམས་ཅད་ཚེ་རིང་བཅུག་རོགས།།   གཞོན་པ་ཐམས་ཅད་སྐལ་རྒྱས་བཅུག་རོགས།།   ལོ་ཆུང་ཐམས་ཅད་གྲངས་མང་བཅུག་རོགས།།   བཙན་ཕྱུག་དར་གསུམ་འཛོམས་བཅུག་རོགས།།   ལ་ཆེན་པོ་དེ་བརྒལ་བཅུག་རོགས།།   ཆུ་ཆེན་པོ་དེ་རྐྱལ་ཐབས་སྤྲད་བཅུག་རོགས།།   ལ་ཆེན་པོ་ལ་སྐེད་བཀག་མ་བཅུག་རོགས།།   ཆུ་ཆེན་པོ་ ཟམ་གྱི་བཀག་མ་བཅུག་རོགས།།   གྲོང་ཆེན་པོ་བླ་འཆམ་མ་བཅུག་རོགས།།   ཤིང་འབྲས་བུ་ཡག་ས་བསོད་ནམས་ འཆོར་མ་བཅུག་རོགས།།   ཡར་རོལ་གནས་པའི་གཞི་བདག  གནས་རིའི་སྲུང་མ་ཐམས་ཅད་མགོན་སྐྱབས་གདོང་ རོགས་མཛོད་རོགས།།  དཔའ་རོགས་དཔུང་བྱ་མཛོད་རོགས།།   ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།   ས་ག་འགྲོ་ག་བསྡད་ཐམས་ཅད་སྐྱིད་པོ་དང་བདེ་མོ་ཡོང་བར་བཅུག་རོགས།  བདེ་སྐྱིད་དང་ཕུན་སུམ་ཚོགས་ བཅུག་རོགས།  ལས་ལམ་ཚོང་ལམ་བདེར་བཅུག་རོགས།  ཕོ་ལྷ་དེ་དར་བཅུག་རོགས།  དགྲ་ལྷ་དེ་འཁོར་བཅུག་རོགས། མི་རྒྱལ་ལྷ་རྒྱལ་སླ་རྒྱས་བཅུག་རོགས།  མི་ཐར་ལྷ་ཐར་སླ་ཐར་བཅུག་རོགས།  ལས་སླར་བཅུག་རོགས།  སྟབས་བདེ་བཅུག་རོགས།  ཡར་རོལ་གཞི་བདག  གནས་རི་སྲུང་མའི་སྔོན་ཐོག་ཏུ་བསུ་རོགས།  རྒྱབ་ཏུ་སྐྱབས་རོགས།  སྔོན་བསུ་ དང་རྒྱབ་སྐྱོར་བྱེད་རོགས།  མགོན་སྐྱབས་གདོང་རོགས་མཛོད་རོགས། དཔའ་རོགས་དཔུང་བྱ་མཛོད་རོགས། 

d3c8a36519cc480c506bee493bf16a2e.jpg

 ལས་རོགས་རྒྱབ་སྐྱོབ་དམ་པ་རྣམས་བྱེ་བ་བསང་གི་མཆོད་པ་རྣམས་ཀྱི་རྒྱ་ཆེན་པོ་མཛོད་ཏེ་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།།   རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།  གསུམ་པ། གཞས་གླུའི་རིག་གནས་ཀྱི་སྐོར། རྒྱ་གྲོང་གྲོང་ནང་བཤད་རྒྱུ་བརྒྱ།།  བཤད་རྒྱུ་བརྒྱ་ནང་ཉན་རྒྱུ་གཅིག  ཉན་རྒྱུ་ཕ་མའི་ཁ་བརྡ་རེད།།  ཞིང་ས་ངོས་ ས་ནང་བསྡུ་རྒྱུ་བརྒྱ།།  བསྡུ་རྒྱུ་བརྒྱ་ནང་གསོ་རྒྱུ་གཅིག  གསོ་རྒྱུ་ཨ་འབྲུ་ནས་གསོ་དགོས།།  གངས་སེང་དཀར་མོ་ གངས་ལ་བཞག  གཡུ་འབྲུག་སྔོན་མོ་གནམ་ལ་བཞག བཞག་གནས་ས་མ་གཅིག་གནམ་ས་རྒྱུག གནའ་སྔ་མོའ་ིསྨོན་ ལམ་གཅིག་པ་རེད།།  ཕུགས་གངས་རི་ཟེར་ས་ཁ་བ་ཚང་།།  རོང་ཁ་རི་ཟེར་ས་ཆུའི་ཚང་།།  ས་མཐོ་དམའ་མི་གཅིག་ སྒང་ལུང་རྒྱུག  ཁ་ཆུ་འགྲོ་ལམ་གཅིག་པ་རེད།།  བྱང་ཨ་ཅན་བཀྲ་ཤིས་ཐང་འགོ་སྟེ།།  ཆུ་བརླན་ཐིགས་ཙམ་ཡང་མེད་ ས་དེ།།  མཛོ་ཆུང་དཀར་འདམ་ནང་ཤོར་ས་རེད།།  བྱང་ཨ་ཅན་བཀྲ་ཤིས་ཐང་སྐེད་དེ།།  རྡོ་ནས་འབྲུ་ཙམ་ཡང་མེད་ས་ དེ།།  རྐྱང་རྐང་རྩི་རྡོ་ལས་བརྒྱབ་བ་ཡིན།།  གངས་ཡར་བསྟོད་ཐོག་ལ་ཉི་མ་ཤར།།  གསེར་ཉི་མ་ཤར་ཞིང་གསེར་མདོག་ བཀྲ།།  གངས་མར་བསྟོད་ཐོག་ལ་ཁ་བ་དཀར།།  གངས་ཁ་བ་དཀར་ཞིང་དངུལ་མདོག་བཀྲ།།  གསེར་མདོག་དངུལ་ མདོག་འཛོམས་ས་དེས།།  ཐོག་འབྲུ་དྲུག་མ་འཛོམས་དོན་གཅིག་སྣང་།།  ཡར་རོལ་སྔོན་པོ་འཇའ་ཚོན་མདོག  ངའི་ཕ་ ཡུལ་བསོད་ནམས་ཆགས་ས་རེད།།  རྒྱ་གྲོང་ཁུ་བྱུག་ཟེར་མོ་དེ།།  དྲིན་ཆེན་ཕ་མ་འདྲ་བ་རེད།།  ཁུ་བྱུག་གསུང་སྐད་སྒྲོག་ རན་དུས།།  ཕ་མའི་ཁ་བརྡས་དྲན་ཞིག་བྱུང་།།  གསེར་སེར་པོ་ཆགས་ས་རྒྱ་མཚོའི་ཞབས།།  གསེར་མེ་ཏོག་ཤར་ས་ རྒྱ་མཚོའི་སྟེང་།།  ཆུ་རྒྱ་མཚོ་བྱེ་མའི་མ་འཇིག་ན།།  གསེར་མེ་ཏོག་ལྷག་པ་འཁོར་ས་མེད།།  ལོ་ཆུང་ལྔ་གསུམ་བཅོ་ལྔ་ སྐབས།།  སྒང་གསུམ་སྒང་ལ་མགྲོན་སྡོད་རན།།  མགོ་ཞྭ་གོར་རླུང་ལས་ཤོར་མ་མྱོང་།།  ལོ་ཆུང་ཆུང་དྲུག་གསུམ་བཅོ་ བརྒྱད་སྐབས།།  སྐེད་གསུམ་སྐེད་ལ་མགྲོན་སྡོད་རན།།  གྲི་རལ་གྲི་དགྲ་ལས་ཤོར་མ་མྱོང་།།  ངའི་ཕ་ཡུལ་གསེར་ཤོང་ ལུང་བ་རེད།།  གསེར་ད་གེ་མཐོང་ཞིང་ཕ་ཡུལ་དྲན།།  ངའི་ཕ་ཡུལ་དངུལ་ཤོང་ལུང་བ་རེད།།  དངུལ་ད་གེ་མཐོང་ཞིང་ཕ་ ཡུལ་དྲན།།  ངའི་ཕ་ཡུལ་སྟར་ག་ལུང་བ་རེད།།  བྱ་ནེ་ཙོ་མཐོང་དུས་ཕ་ཡུལ་དྲན།།  ཞོགས་པའི་ཉི་མ་བྲག་ལ་ཤར།།  བྲག་ དུང་དཀར་གསེར་སྐུ་བཞེངས་འདྲ་རེད།།  ཉིན་ཕྱེད་ཉི་མ་མཚོ་ལ་ཤར།།  མཚོ་སྔོན་པོ་ཡོན་ཆབ་བཤམས་འདྲ་རེད།།  ཕྱི་ དྲོ་ཉི་མ་སྤང་ལ་ཤར།།  སྤང་མེ་ཏོག་ལྷ་མོ་གཞན་འདྲ་རེད།།  སེ་རི་མེ་ཏོག་དཀར་དཀར་རེད།།  སེ་ནག་མེ་ཏོག་ནག་ནག་ རེད།།  དཀར་ནག་གཉིས་དེ་མ་ལབ་རོགས།།  སྤང་ཐོག་འཁྲུངས་ལུགས་འདྲ་འདྲ་རེད།།  ཨ་སྐྱིད་བསམ་སྟེ་འབའ་ནས་འགྲོ།  མི་སྐྱིད་པྱ་དང་མཉམ་ལོངས་རེད།།  ཨ་དྲོ་བསམ་སྟེ་རས་གོས་གྱོན།།   མ་དྲོ་རླུང་དང་མཉམ་གཡོ་རེད།།  ཨ་ མཛེས་པས་མ་སྟེ་ཕག་ཚིག་བདར།།  མ་མཛེས་ཕག་མདོག་ཆགས་ས་སྣང་།།  རྟ་བའི་བུ་དང་རྐང་ཐང་བུ།།  མཐོ་ལ་ཁར་སླེབས་པ་འདྲ་འདྲ་ཡིན།།  ཟོག་ཡོད་བུ་དང་ཟོག་མེད་བུ།།  མི་ཚེ་སྡོད་ལུགས་འདྲ་འདྲ་རེད།།  ངའི་ཨ་མ་གསེར་གྱི་སྡོང་ བོ་རེད།།  གསེར་སྡོང་བོ་སྐུ་ཚེ་རིང་རོགས་དགོས།།  ངའི་ཨ་མ་དངུལ་གྱི་ལྷ་ཁང་རེད།།  དངུལ་ལྷ་ཁང་མཇལ་ཁ་ཐོག་རོགས་དགོས།།  རྒྱང་རིང་རྒྱང་ལ་ལྟ་རེས།།  ཕོ་དེ་གེ་སེར་འདྲ་བྱུང་།།  ཚུར་གཅིག་ཁ་མཚམས་ཕུབ་རན།།   བ་སྐྱག་ཆར་བསྡོམས་འདྲ་སྣང་།།  རྒྱང་རིང་རྒྱང་ལ་ལྟ་རན།།  མོ་དེ་ལྷ་མོ་འདྲ་བྱུང་།།  ཚུར་གཅིག་ཁ་མཚམས་ཕུབ་རན།།  བ་རྒན་སོ་ལྷུབ་འདྲ་སྣང་།།  བཞི་པ། གཞས་བཤགས་ཀྱི་སྐོར། གཞས་ཁ་ང་ལ་མ་རྒྱོབ།།  གཞས་ཁ་ཆུ་ལ་རྒྱོབ་དང་།།  ཉ་མོ་རྩིས་གྲངས་ཐུབ་ན།།  གཞས་ཁ་ང་ལ་བརྒྱབ་ཤོག གཞས་ཁ་ང་ལ་མ་རྒྱོབ།།  གཞས་ཁ་གནམ་ལ་རྒྱོབ་དང་།།  སྐར་མ་རྩིས་གྲངས་ཐུབ་ན།།  གཞས་ཁ་ང་ལ་བརྒྱབ་ཤོག གཞས་ཁ་ང་ལ་མ་རྒྱོབ།།  གཞས་ཁ་སྤང་ལ་རྒྱོབ་དང་།།  མེ་ཏོག་རྩིས་གྲངས་ཐུབ་ན།།  གཞས་ཁ་ང་ལ་བརྒྱབ་ཤོག གཞས་ཁ་ང་ལ་མ་རྒྱོབ།།  གཞས་ཁ་བྲག་ལ་རྒྱོབ་དང་།། བྲག་མོ་ཕུར་པ་ཟུག་ན།།  གཞས་ཁ་ང་ལ་བརྒྱབ་ཤོག  ཁྱོད་ནི་ ཨ་མདོ་གྲྭ་པ།།  ང་ནི་ཁམས་པའི་གྲྭ་པ།།  ང་གཉིས་སྐྱེས་ས་མི་གཅིག  ལྷ་སའི་རྡོ་གཅལ་འཛོམས་བྱུང་།།  ཁྱོད་ནི་སྲམ་དཀར་ལྤགས་པ།།  ང་ནི་གོས་ཅན་འབྲུག་རྒྱག།  རང་གཉིས་སྐྱེས་ས་མ་གཅིག  དཔོན་པོའ་ིལུས་ལ་འཛོམས་བྱུང་།། ཁྱོད་ནི་བར་ལ་སེར་པོ།། ང་ནི་དར་ཁྲི་དམར་པོ།། རང་གཉིས་སྐྱེས་ས་མ་གཅིག མདོ་ཁང་ནང་ལ་འཛོམས་བྱུང་།།  ཁྱོད་ནི་བྱུ་རུ་དམར་པོ།།  ང་ནི་སྤོས་ཤེལ་སེར་པོ།།  ང་གཉིས་སྐྱེས་ས་མ་གཅིག  བུ་མོའ་ིམགོ་ལ་འཛོམས་བྱུང་།།  ཤར་རི་ མཐོ་བ་མ་རེད།།  ནུབ་རི་དམའ་བ་མ་རེད།།  བྱ་ཞིག་ལྷ་བྱ་དཀར་པོ།།  ཞག་ས་མེད་བ་མེད་རེད།།  ཤར་རི་སྟེང་ནས་ ལྟ་རེས།།  ནུབ་རི་རྩི་རིའི་ཡག་སྣང་།།  བ་རྒན་རང་སྣང་ལྟ་རེས།།  བྱང་རིའི་ཁ་ལ་ལོག་ཐལ།།  ཆུ་རྒྱུན་ཡར་ལ་ཁྲིད་བ།།  དཀའ་ལས་ཤིག་ཡང་མི་སྣང་།།  ཉ་མོ་སྡིག་པ་བསམ་ཏེ།།  མ་ཁྲིད་འདི་ལ་བཞག་ཡོད།།  ཆུ་རྒྱུན་ལྦི་ལྦི་ལྦུ་ལྦུ།།  ཟམ་པ་ འདིའི་འོག་ཡིན།།  ཟམ་པ་ལྡི་ལྡི་ལྡུ་ལྡུ།།  རྐང་པ་འདིའི་འོག་ཡིན།།  ཆུ་རྒྱུན་ཆུ་ཕྲན་བསྡོམས་ནས།།  ཉ་མོ་བཀག་དགོས་ བསམ་ཐལ།།  ཉ་མོ་འདབ་རྩལ་བཟང་ནས།།  བཀག་ས་རག་བ་མ་རེད།།  ས་ཞབས་ར་བིལ་རྒྱལ་པོ།།  འཛམ་གླིང་ཀ་ བ་རྒྱབ་ཆོག  རྒྱལ་ཁམས་སེམས་ཅན་བསམས་ཏེ།།  མ་རྒྱག་འདི་རྩ་བཞག་ཡོད།།  ར་མ་བྲག་ལ་འཛེག་ཐལ།།  རེའུ་ ཐང་ལ་ལུས་ཐལ།།  རྫི་རྒན་བྱང་ཆུབ་སེམས་པ།།  མ་སྨད་འཛོམ་ཐབས་སྤྲོད་རོགས།།  ཁམ་བུ་ཟ་དགོས་བསམ་བྱུང།།  ལག་པ་བརྐྱངས་ཙམ་བསྐོམས་ཙམ།།  ཁམ་པོ་བཏགས་ས་མཐོ་བ།།  ལག་པ་སླེབས་ས་མ་རེད།།  ཚུ་རིའི་སྒྲ་ཞིག་ བརྡུང་རན།།  ཕ་རིའི་ཝ་མོ་འདྲོགས་ཐལ།།  ཐན་རྒན་ཝ་མོ་མགོ་ལུ།།  འདྲོགས་ཐལ་བསམ་རྒྱུ་མ་བྱུང་།།  རིང་མོ་རིང་ མོ་ཟེར་བ།།  རིང་མོ་དགའ་ལྡན་དར་ལྕོག འགོ་ལ་གསེར་ཏོག་ཡོད་པ།།  བདེ་བ་གཞུང་གི་བཀའ་དྲིན།།  གཅན་རིགས་ སྣ་མ་སྣ་ཚོགས།།  ལ་དང་ལ་མོ་རྒྱབ་ཐལ།།  བྱི་ལ་ཐབ་བསྐོར་དགའ་སྟེ།།  ཐབ་གུར་ནང་ལ་ལུས་ཐལ།།  སྟག་མོའ་ིརི་ མོ་མཛེས་པ།།  ཁྱི་ཡི་རིགས་རྒྱུད་ཡིནཔ།།  སྦལ་བ་བཟོ་ལྟ་ཆུང་ཆུང་།།  འོག་ཕྱོགས་ཀླུ་ཡི་བུ་ཡིན།།  ན་ནིང་བླ་མ་ཡིན་ཟེར།།  དགའ་ལྡན་ཁྲི་ལ་བཞུགས་ཐལ།།  ད་ལོ་གྲོང་གཡོང་བྱས་པ།།  རུས་ནང་ཕག་སྐྱག་ཕྱགས་ཐལ།།  འགྲོ་རྒྱུ་ ལྷ་ས་འགྲོ་ཡིན།།  སླེབས་ནས་ཆབ་མདོ་སླེབས་ཐལ།།  ཆབ་མདོ་ཆུ་འཁོར་འཁོར་རན།།  ལྷ་སའི་ཇོ་བོ་བསྒོམས་ཐལ།།  ཚེས་པ་བཅོ་ལྔའི་ཟླ་བ།།  ཧ་ཅང་གསལ་ལ་མ་ཤར།།  ཧ་ཅང་གསལ་ཤར་ཆེ་རན།།  ནུབ་ཕྱོགས་གཟའ་ཡིས་བཟུང་ བྱུང་།།  ཁམ་བུ་རྒྱབ་ལ་ཞིམ་བྱུང་།།  སྟ་ག་ནང་ལ་ཞིམ་བྱུང།།  སིལ་ཏོག་ཨ་མའི་འབྲས་བུ།།  ཕྱི་ནང་གཉིས་ལ་ཞིམ་ བྱུང་།།  ལུག་རྫི་སྐལ་བཟང་སྒྲོལ་མ།།  སྤང་མཚམས་ནགས་མཚམས་མ་འཚོ།།  སྤང་མཚམས་ནགས་མཚམས་ འཚོ་རན།།  གཅན་གཟན་སྟག་གིས་བསད་ཤེས།།  བྱེའུ་སྐལ་བཟང་སྒྲོལ་མ།།  ཙ་གི་ཙིག་གི་མ་བྱེད།།  ཙ་གི་ཙིག་གི་བྱེད་ན།། 

a19b02baf735e3a603509f4e8d739415.jpg

 ཁ་ན་ལྡེ་མིག་བརྒྱབ་ཤེས།།  བྱ་ཞིག་ཨ་ཝུ་ནེ་ཙོ།།  རྒྱ་ཡུལ་ལོ་གསུམ་བཞུགས་ནས།།  རྒྱ་སྐད་ཚིག་ གཅིག་མ་ཤེས།།  རྒྱ་གོས་ཉིས་བརྩིགས་འདོད་བྱེད།།  བྱ་ཞིག་ལྡུས་ལྡུས་པུ་ཤུད།།  དགོན་ལ་ལོ་གསུམ་བཞུགས་ ཐལ།།  ཀ་ཁ་ག་ང་མ་ཤེས།།  འགུག་ལ་སྣ་བུམ་བསྣམས་མྱོང་།།  ཤར་གྱི་སྤང་ལ་ལར་ཁ།།  ཨ་མཆོད་བརྒྱ་དང་བཅུ་ གསུམ།།  མདོ་སྔགས་ཚིག་གཅིག་མ་ཤེས།།  རྐང་གླིང་མགྱོགས་པ་འབུད་འདོད།།  ཤར་གྱི་སྤང་ལ་ལར་ཁ།།  དར་ ལྕོག་གྱེན་གྱེན་སྒུར་སྒུར།།   གྱེན་ན་གྱེན་ཐབས་སྤྲོད་རོགས།།  སྒུར་ན་སྒུར་ཐབས་སྤྲོད་རོགས།།  དར་ལྕོག་གྱེན་ ན་གྱེན་བཅུག  དར་ལྕོག་སྒུར་ན་སྒུར་བཅུག  གྱེན་དང་སྒུར་དང་བར་ལ།།  བཀའ་ཁྲིམས་དམ་པོ་གར་འདུག  རྫ་མ་ ཁ་ཆག་གཅིག་གི  ཁོལ་སྟངས་འདི་འདྲ་ཡིནཔ།།  ཟམ་དཀར་ལུང་བརྒྱད་བཙུག་ན།།  ཁོལ་སྟངས་ཅི་འདྲ་ཡིན་ནམ།།  ཟམ་དཀར་ལུང་བརྒྱད་བཙུག་རན།།  ཁོལ་སྟངས་འདི་འདྲ་ཡིན་ན།།  རྒྱ་མཚོ་ཡོངས་ཁུལ་བྱེད་ན།།  ཁུལ་སྟངས་ཅི་ འདྲ་ཡིན་ནམ།།  ལུང་བ་ཕུགས་གསུམ་ཕུགས་ལ།།  བྱ་ཞིག་ཁ་མདོག་ནག་པོ།།  ཁ་དེ་རྒྱ་གླིང་ཁ་འདྲ།།  གཏམ་ངན་ ལུང་བ་ཁྱབ་ཐལ།།  རྡོ་ལེབ་ཞབས་ཀྱི་སྦལ་རྒན།།  སྦལ་རྒན་ཨ་འབྲུག་རྒྱ་མཚོ།།  མ་བསད་ཁོང་ཁྲོ་དཀྲུགས་བྱུང་།། བསད་ན་སྡིག་པ་ཡོད་དོ།།  སྦལ་རྒན་བྲག་ལ་འཛེག་པ།།  ལྕགས་ཀྱི་སྤར་མོ་ཨེ་ཡོད།།  ལྕགས་ཀྱི་སྤར་མོ་མེད་ ན།།  སྦལ་རྒན་རང་སྲོག་ཕུལ་ཡིན།།  སྐམ་པོ་བཅགས་ན་བཅགས་ཆོག བརླན་པ་བཀུག་ན་བཀུག་ཆོག  ཤིང་དེ་ དཔག་བསམ་ལྗོན་ཤིང་།།  སྐམ་བརླན་ཁྱད་པར་མ་ཡོད།།  བོང་བུའི་སྒང་ལ་གསེར་སྒ་བེའུ་སྒ་རྒྱག་ཡོད།།  བོང་བུ་ ཨེ་བཅགས་ཤེས་ན།།  གསེར་སྒ་མ་རྒྱག་ཆོག་གྲག  དྲེལ་ཆུང་བྱ་འཕུར་འདྲ་ཡིན།།  ལྕགས་སྒྲོག་ཤེལ་འདྲ་བཏགས་ ཡོད།།  དྲེལ་ཆུང་ཨ་བཅགས་ཤེས་ན།།  ལྕགས་སྒྲོག་མ་བཏགས་ཆོག་ཡིན།།  དཀར་ཡོལ་བཅགས་ན་དཀར་ དཀར།།  འོ་མ་དཀྲོག་ན་དཀར་དཀར།།  མ་ཤི་བསམ་པ་དཀར་དཀར།།  ཤི་ན་རུས་པ་དཀར་དཀར།།  ཤྭ་ཕོ་རྭ་བ་ རིང་བོ།།  གནམ་ན་ཀ་བ་མི་སླེབས།།  རི་བོང་སུག་བཞི་ཐུང་ཐུང།།  འཛམ་གླིང་བསྐོར་ར་སླེབས་ས།།  ཤར་གྱི་སྤང་ དཀར་ལ་ཁ།།  རས་ཁ་གང་བའི་ལྷ་དར།།  ལྷ་དར་ཆུང་ན་མ་བསམ།།  བཀྲ་ཤིས་རྟགས་བརྒྱད་ཚང་ཡོད།།  དགའ་ ལྡན་དབང་བསྐོར་རི་ལ།།  འཁན་པ་ལྷ་བསང་བཏང་ཡོད།།  མདའ་དང་མ་ཀླུ་ཐམས་ཅད།།   མ་དགའ་མཐའ་ལ་སྐྲོད་ ཐལ།།  ཤར་སྤྲིན་ནུབ་སྤྲིན་བསྡོམས་ཏེ།།  ཉི་མ་བཀབ་དགོས་བསམ་ཐལ།།  ཉི་མ་ཤར་མཐའ་རིང་བ།།  བཀབ་ས་རག་ས་མ་རེད།།  ཆུ་རྒྱུན་ཆུ་ཕྲན་བསྡོམས་ཏེ།།  ཟམ་པ་བཀབ་དགོས་བསམ་ཐལ།།  ཟམ་པ་བུད་ཤིང་ཟམ་པ།།   བཀབ་ ས་རག་ས་མ་རེད།།  ཆུ་རྒྱུན་རྒྱས་ན་རྒྱས་ཆོག ཟམ་པ་དེད་ན་དེད་ཆོག རྟ་ཕོ་ཅང་སེར་བཞོན་ནས།།  ཆུ་ཕུགས་ བསྐོར་ནས་འགྲོ་ཆོག  ཕར་ཕྱོགས་རྟ་རྒན་རྐང་ཆག  རྐང་གཅིག་མེད་པར་རྒྱུག་འདོད།།   ཚུར་ཕྱོགས་མཛོ་མོ་རྭ་ རྡུམ།།  རྭ་ཡ་མེད་པར་རྡུང་འདོད།།  རྒྱ་ཁང་ཁམ་རྩི་གཅིག་ལ།།  རི་མོ་མི་འདྲ་དགུ་འདྲ།།  བཀྲ་ཤིས་རྟགས་བརྒྱད་ཚང་མ།།  རི་མོ་གཅིག་ཡང་མི་སྣང་།།  གནམ་སྟོད་སྤྲིན་དཀར་ཚོགས་རན།།  ཁུ་བྱུག་བསམ་པ་དགའ་བྱུང་།།  སྦྲང་ ཆར་འབབ་རྒྱུ་མི་འདུག  ཁུ་བྱུག་མགོ་བསྐོར་ཐེབས་ཐལ།།  ཚ་ཅིག་གུར་ཅན་ཐང་སྟེང་།།  གུར་མིག་སྦྲ་གཅིག་བཀག་ ཡོད།།  ཆར་བ་ཨེ་ཁོབ་མི་ཁོབ།།  ཚོང་དཔོན་རོགས་ལ་འདྲི་རོགས།།  ལུང་བ་ཕུགས་གསུམ་ཕུགས་ལ།།  གསེར་ གྱི་ཆུ་བསྐོར་བཙུགས་ཡོད།།  བཙུགས་སྟེ་ཞག་གསུམ་མ་འགོར།།  རྩམ་པའི་ཧམ་དྲི་བྲོ་བྱུང་།།  ཁྱོད་ནི་སྟག་ལྤགས་མ་རེད།།  ང་ནི་གཟིག་ལྤགས་མ་རེད།།  ཨ་ལི་ལས་ངན་ལྤགས་པ།།  འཐེན་འཐེན་བྱེད་དེ་ག་ཕན།།  ཞེས་རྫོགས་སོ།།

སྐུལ་བ་བློ་བཟང་བསྟན་འཛིན་དང་མཁྱེན་རབ་ཀྱིས་འཚོལ་སྡུད་བྱས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།