མི་ཉག་མགར་ཐར་ཡུལ་གྱི་རི་བསང་དང་རྟ་རྒྱུག

e408b2e9ff33b5ca195dd688c68d7753.jpg23vཀྲུང་གོ་བོད་ཀྱི་དྲ་བ།

འདིར་མགར་ཐར་བས་རི་བསང་རླུང་རྟ་ཇི་ལྟར་བྱེད་ཚུལ་དང་དམངས་སྲོལ་རྩེད་རིགས་གང་ཡོད་ཀྱི་སྐོར་བཤད་པར་བྱའོ།།   བོད་གདོད་མའི་དུས་ནས་ལྷ་མཆོད་ཀླུ་བསང་བཏང་བའི་སྲོལ་དར་ཞིང་སྨན་གཞུང་དང་འབྲེལ་བ་གྲུབ་པའི་སྦྱར་བྱུང་གི་བདུག་སྤོས་བཟོ་བ་དང་དེས་ལུས་ཀྱི་ཁམས་གསོ་བ་དང་དབང་པོ་དྭངས་ཤིང་རིག་པ་གསལ་བ། གྲིབ་དང་མི་གཙང་སེལ་བའི་ནུས་པ་ཁྱད་པར་ཅན་དང་ལྡན།  བསང་ནི་མི་གཙང་བ་སེལ་བར་བྱེད་པའི་ཆ་ནས་བཏགས་པ་ཡིན་ཞིང་། དེ་ཡང་བོན་གྱི་ཡོངས་རྩེའི་འགྲེལ་བར༼  ཆབ་སྤེལ་གསུང་རྩོམ822 ༽ དྲངས་པ་ལས། ཡབ་ཀྱི་ཞལ་ནས་གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་ཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག  མཚེ་མིས་སྐུ་ཡི་གཡས་རྟེན་ཅིག   ཙོ་མིས་སྐུ་ཡི་གཡོན་རྟེན་ཅིག  ཡ་ངལ་གྱིས་སེལ་དང་བསངས་གྱིས་ཞེས་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་བྱོན་ཚུལ་བཤད་སྐབས་དེ་ལྟར་གསལ་བས་ལྷ་སྤྱན་འདྲེན་པ་ལ་སྔོན་དུ་བསང་གིས་དག་པར་བྱེད་དགོས་པའི་སྲོལ་དེ་སྐབས་དེར་ཡོད་པར་མཚོན།   23vཀྲུང་གོ་བོད་ཀྱི་དྲ་བ།

83b101f0473b06989a35dc22da2fa7d2.jpg23vཀྲུང་གོ་བོད་ཀྱི་དྲ་བ།

ཆོས་ལུགས་གང་ཞིག་གི་སྲོག་ཞུགས་བྱས་པའི་རི་བསང་དང་ཁྱིམ་བསང་། འབྱུང་བའི་ཁམས་དང་། ཁ་རྗེ་དབང་ཐང་སོགས་དར་བ་དང་སྤེལ་བའི་ཆེད་དུ་འབྱུང་བ་ལྔའི་མཚོན་དོན་དུ་ཀླུང་རྟ་ཞེས་བཏགས་པ་དང་གཏོར་བའི་སྲོལ་དར།  སློབ་དཔོན་ཐུགས་རྗེ་ཅན་གྱིས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ཤིང་ལས་ལ་བསྐུལ་བས་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་བྱུང་བར་གཏང་རག་ཏུ་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་མཛད་པ་དང་།  ལོ་དེའི་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བསམ་ཡས་གཙུག་ལག་ཁང་ལེགས་གྲུབ་དགའ་སྟོན་གྱི་ཆེད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཧས་པོ་རིར་དཀར་སྐྱོང་ལྷ་མཐུ་བོ་ཆེ་དག་ལ་འཛམ་གླིང་གི་བར་སྣང་ལ་དཀྲིགས་པའི་དྲི་ཞིམ་སྤོས་ཀྱི་དུད་པས་མཉེས་པར་བྱས་པས་འཛམ་གླིང་སྤྱི་བསང་དུ་གྲགས།  དེ་ནས་ཆོས་རྒྱལ་གདུང་རབས་གསུམ་གྱི་བར་ཕྱག་ལེན་དེའི་རྒྱུན་བསྐྱངས་ནའང་གླང་དར་གྱིས་ཆོས་བསྣུབས་པ་ནས་བཟུང་རྒྱུན་ཆད་པ་རྒྱལ་བ་ལྔ་པའི་སྐབས་སྲོལ་དེ་ལྷ་ས་ནས་སླར་གསོ་དར་རྒྱས་སུ་བཏང་བ་དང་བོད་ཀྱི་ཡུལ་གྲུ་ཀུན་ནས་དུས་སྟོན་དེར་བརྩི་སྲུང་བྱེད་བཞིན་ད་བར་དུ་གནས་སོ། །དུས་ཆེན་དེ་ལ་མཉམ་ལས་རུ་ཁག་སོ་སོས་རང་རང་གི་གཞི་བདག་གང་ཡོད་ལ་བསང་དང་རླུང་རྟ་གསོལ་བར་བྱེད། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡུལ་ལྷ་ལི་ཐང་འབུམ་རའི་གཞི་བདག་ཡོད་སའི་སྐུ་ཞབས་ལབ་ཙེ་ལ་མགར་ཐར་དགོན་པ་དང་དེའི་ཉེ་འཁོར་གྱི་གཟིམ་ཁང་ཐོག་ཞབས་གཉིས་དང་ཕེབས་བསུ་གྲོང་པས་དྲུག་པའི་ཚེས་གསུམ་དང་།  ལོ་སར་གྱི་ཚེས་པ་གསུམ་བཅས་ལ་དབྱར་གསོལ་དགུན་གསོལ་བྱེད་བཞིན་ཡོད།23vཀྲུང་གོ་བོད་ཀྱི་དྲ་བ།

23vཀྲུང་གོ་བོད་ཀྱི་དྲ་བ།

23vཀྲུང་གོ་བོད་ཀྱི་དྲ་བ།

23vཀྲུང་གོ་བོད་ཀྱི་དྲ་བ།

 
23vཀྲུང་གོ་བོད་ཀྱི་དྲ་བ།

དྲུག་པའི་ཚེས་བརྒྱད་ནས་བཅུ་བཞིའི་བར་དུས་བབ་གང་དགེ་དང་བསྟུན་མགར་ཐར་སྡེ་དགོན་གཉིས་ཀྱི་སྲུང་སྐྱོབ་ས་ཁུལ་ཏེ་སྲིད་པའི་གངས་རི་ཤར་སྟོད་བཞག་བྲག་དཀར་པོ་ཞེས་གྲགས་པའི་བརྗིད་ཆགས་ལྷུན་གྱིས་གྲུབ་པ། སྟོད་ན་གངས་དང་བར་ན་རྫ། སྨད་ན་སྤང་དང་ནགས་ཚལ་གྱིས་བརྒྱན་པ། རི་ལ་དཔྱད་པ་བཟང་ཞིང་རི་སྐྱེས་སྲོག་ཆགས་བག་ཕེབས་སུ་རྒྱུ་བ། ལྷག་ཏུ་རྗེ་ཙོང་ཁ་པའི་དབུ་བརྙན་རང་བྱུང་དུ་དོད་པ་ལྟ་བུ་དད་པའི་མིག་གི་གཟིགས་མོ་ཡོད་པ། ཡན་ལག་བརྒྱད་ལྡན་གྱི་ཉལ་འགྲོ་རིང་མོ་ལྷུང་ལྷུང་དུ་བཞུར་བ། རྩི་ཤིང་སྨན་སྣ་དང་རང་བྱུང་གཏེར་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ། སྔོན་གྱི་དོན་མཐུན་རྒྱུ་བའི་ལམ་པོ་ཆེ་རུ་གྱུར་པའི་མགར་ཁོག་ཕུ་དང་མདའ། དེའི་མཐའ་འཁོར་གྱི་མཚོ་དང་མཚེའུ་སོགས་ལ་བསང་གསོལ་རླུང་རྟ་མཆོད་པར་འགྲོ་ལ་རང་བྱུང་གི་རྩི་ཤིང་ཤུག་པ་དང་སྤེན་དཀར། སུར་དཀར།  ཐང་ལོ་སོགས་དྲི་ཞིམ་ལྡན་པ་རྣམས་དང་།  དཀར་གསུམ་མངར་གསུམ་དང་བཟང་དྲུག  དྲི་བཟང་།  ཕྱེ་མར་དང་འབྲུ་སྣ།  གཞན་ཡང་སྨན་གྱི་བྱེ་བྲག་ཕུལ་འོས་ཀུན་སྔགས་དང་ཕྱག་རྒྱས་བཅིངས་ནས་རྩ་གསུམ་ལྷ་ཚོགས་དང་།  དཀར་སྐྱོང་ལྷ་ཀླུ་གཞི་བདག་ལ་མཆོད་པའི་རྫས་སུ་བསྟབས་པ་དང་།  མཁའ་དབུགས་མི་གཙང་བ་དང་དེས་བསྐྱེད་པའི་མནོལ་བ་དང་གྲིབ་སོགས་ནད་རིགས་ཀྱི་རྒྱུ་བ་བཅད་ཕྱིར་དུ་གསོལ་འདེབས་སྨོན་ལམ་གང་ཟབ་བྱེད་དོ། །ད་དུང་མགར་ཐར་དགོན་གྱི་ཤར་ཕྱོགས་སུ་རྒྱལ་བ་སྐལ་བཟང་རྒྱ་མཚོས་དཀར་ཕྱོགས་སྐྱོང་བའི་མཐུ་བོ་ཆེ་རུ་དབང་བསྐུར་ཅིང་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡུལ་ལྷ་རྫོང་རྒོད་དགྲ་ལྷའི་རྒྱལ་པོ་ཞེས་རྔམ་ནག་རྫ་ཡི་གླེགས་བམ་དགུང་དུ་མཐོ་ཞིང་ཀྲོང་ངེར་འགྱིང་བ། ཉིན་གསུམ་གྱི་བྱ་ར་དང་མཚན་གསུམ་གྱི་མེལ་ཚེ། རྟག་ཏུ་གཞིས་བྱེས་ཀུན་ལ་སྡོང་གྲོགས་མངོན་གསལ་དུ་མཛད་པའི་གཞི་བདག་དེ་ལ་གསོལ་མཆོད་རྒྱ་ཆེན་བྱེད་པ་དང་།  དེའི་རི་རྒྱུད་ཀྱི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀུན་ལ་སྲུང་སྐྱོབ་ཧུར་ཐག་བྱེད་བཞིན་ཡོད་ཅིང་སྡེ་འདྲེས་རུ་འདྲེས་སུ་གྱུར་པ་རྣམས་ས་རྩོད་ཆུ་རྩོད་རྒྱ་ཆེར་མི་བྱེད། དཔེར་ན།  ཝ་ཤུལ་སྨད་པ་ལ་ས་ཆ་གཡར་བ་ལྟར་མཉམ་དུ་རྩྭ་ཆུ་ཇི་ལྟར་ལོངས་སྤྱད་ན་ཆོག་ཀྱང་ས་ཆ་བདག་བཟུང་དང་བཙན་འཕྲོག  ཚོང་རྫས་སུ་བྱེད་དུ་མི་འཇུག  གཞན་ཤར་ལྷོ་མཚམས་སུ་ལུག་འབྲོག་གསེར་གྱི་བྱ་ཁྱུང་དང་ཝ་ལྤགས་བྲག་དམར་གཉན་པོ།  མཉྫུ་ཀླུ་ཡི་རྒྱལ་མོ།  ཟུར་གསུམ་ལྕགས་ཀྱི་ཕུར་པ།  ལྷོར་ཉ་ར་གཡུང་དྲུང་རྒྱལ་མཚན།   ནུབ་ཏུ་ཀོའུ་རྡོ་རྗེ་གཡུང་དྲུང་དང་ཐོ་ཡོར་རྡོ་རྗེ་བཙན་རྒོད།  རི་ཟུར་རྡོ་རྗེ་ལེགས་པ།  འབུམ་ར་ལབ་ཙེ། བྱང་དུ་ལྷ་གཡག་དཀར་པོ་དང་ལའུ་བྲག་དཀར།  ལྷ་སྒང་གདོང་དང་མཐོ་ཡས་མ་སོགས་གཙོ་བོར་བྱས་པའི་ཡུལ་ལྷ་གཞི་བདག་མང་དུ་མཆིས།  འཛམ་གླིང་སྤྱི་བསང་གི་ཉིན་མོ་དང་དེའི་ཉིན་ཤས་སྔོན་དུ་རུ་ཁག་སོ་སོས་སྤྲོ་སྐྱིད་གཏོང་བ་དང་སྐབས་དེར་གླུ་གཞས་གར་གསུམ་དང་། བྱང་རྒྱུག རྒྱུགས་ཆེན། འགྲོས་གཤིབ་དང་རྟ་རྩེད་རྒྱག་པ་སོགས་རྩེད་རིགས་ཕུན་སུམ་ཚོགས་པ་ཡོད། །23vཀྲུང་གོ་བོད་ཀྱི་དྲ་བ།

b83411525890b73ac89934a1e5abf52d.jpg23vཀྲུང་གོ་བོད་ཀྱི་དྲ་བ།

རྟ་རྒྱུག23vཀྲུང་གོ་བོད་ཀྱི་དྲ་བ།

སྤུ་རྒྱལ་གདོང་དམར་བོད་པའི་མི་རིགས་འདི་ཆགས་ནས་ཚད་ངེས་ཅན་ཞིག་སོང་མཚམས་ཏེ་རྡོ་ཆས་གསར་མའི་དུས་སྐབས་ནས་བཟུང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་རྟ་འདུལ་བའི་ལས་ཀ་རབ་དང་རིམ་པ་སྤེལ་བ་དང་། འབྱུང་བཞི་ཉི་ཟླ་ནམ་མཁའི་ལྷ་དང་བཅས་པ་སྐྱབས་སུ་བསྟེན་པའི་གདོད་མའི་ཆོས་ལུགས་ཀྱི་སྲོལ་ཚུགས་པ་ནས་རྟ་དེ་སྲོག་ཆགས་གལ་ཆེན་ཞིག་ཡིན་ཞིང་།  དད་མོས་བྱ་ས་དང་ལྷ་གསོལ་འདྲེ་འདུལ་གྱི་རྫས་ལའང་འབུལ་བཞིན་ཡོད་པ་དང་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པར་གྱུར།  སྤུ་དེ་གུང་རྒྱལ་གྱི་སྐབས་སུ་རྟ་རྒོད་གཡུང་དང་། འབྲོང་རྒོད་གཡག་ཏུ་བཏུལ་བའི་འགོ་བརྩམས་ཡོད་པར་གནའ་བོའི་སྒྲུང་དང་གཏམ་རྒྱུད།  དེང་དུས་ཀྱི་གནའ་དཔྱོད་རྒྱུ་ཆ་དག་གིས་མཚོན་བཙན་པོའི་རྒྱལ་རབས་དང་ཆོས་རྒྱལ་ཚོའི་སྐུ་རིང་ལ་རྟ་དང་འབྲེལ་བའི་འཚོ་སྐྱོང་གི་རིག་པ་མང་པོ་དང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུ་རྟ་དང་འབྲེལ་བའི་ཁྲིམས་ཡིག་ཡོད་པར་གསལ། རྟ་རྒྱུག་མདའ་འཕེན་གྱི་འགྲན་ཚོགས་ལོ་འཆར་ཅན་སྡུད་བཞིན་ཡོད་པ་ལོ་རྒྱུས་ཀྱི་ཤོག་ལྷེ་དག་གི་ཟུར་ནས་མངོན་ཞིང་བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་ནང་རྟ་རྒྱུག་མདའ་འཕེན་གྱི་རྩེད་མོ་ལ་ཞི་དྲག་གི་དཔོན་བློན་རྣམས་ཀྱིས་གཟིགས་མཐོང་མཛད་པའི་ཚུལ་བྲིས་ཡོད་པ་དང་། བོད་སིལ་བུའི་སྐབས་ཀྱི་གུ་གེའི་དུང་དཀར་བྲག་ཕུག་གི་ལྡེབས་རིས་སུ་རྟ་གཡག་རྒྱུག་པའི་ཚུལ་དང་དགའ་སྟོན་གྱི་སྐབས་སུ་རྟ་འཆམ་དང་སེང་འཆམ་སོགས་གསལ་པོར་བྲིས་པ་རྣམས་ལ་དཔག་ན་སྐབས་དེར་རྟ་རྒྱུག་བང་འགྲན་ལ་གཙིགས་མཐོང་ཡོད་པའི་བརྡ་རུ་འཁུམས།   གནའ་བོ་ཡོ་རུབ་དང་ཨེ་ཤེ་ཡའི་སྐམ་ས་དག་ལ་དཔལ་འབྱོར་འཕེལ་རྒྱས་བྱུང་བ་ཡང་འགྲིམ་འགྲུལ་ཐོན་སྐྱེད་ཀྱི་རྩ་བ་རྟ་དང་གླང་པོ།  རྔ་མོང་སོགས་ཁྱོགས་ཀྱི་བྱེ་བྲག་མང་པོ་ཡོད་པས་ཡིན་ཟེར་བ་ཡང་ཐོས།  དུས་ཕྱིས་གླིང་གེ་སར་རྒྱལ་པོའི་མངའ་ཁོངས་སུ་སྐྱེས་པ་ཕོ་ཡིས་དཔའ་རྩལ་རྟ་རྒྱབ་ནས་ངོམས་སྲོལ་དར་བ་དང་།  རྟ་རྒྱུག་རྒྱལ་འཇོག་ལ་བརྟེན་ནས་གེ་སར་ལ་འབྲུག་མོ་ཐོབ་ཅིང་གེ་སར་ཡི་དམ་དུ་སྒོམ་པའི་ས་ཆ་ཡུལ་ལུང་དག་ལ་རྟ་རྒྱུག་གི་སྲོལ་ད་ལྟའང་མ་ཉམས་པར་གནས། ས་ཕག་རིན་གཙང་། དགའ་ལྡན་ཕོ་བྲང་གི་སྐབས་སུ་རྟ་རྒྱུགས་དང་སྲོལ་རྒྱུན་གྱི་རྩེད་མོ་རྣམས་དར་རྒྱས་སུ་སོང་བ་དང་། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་རེར་གླིང་ག་གཏོང་སྐབས་སུ་ཕོ་རྩལ་སྣ་དགུ་འགྲན་པའི་སྲོལ་བཙུགས་ཤིང་དེའི་ནང་རྟ་རྩེད་རྒྱག་པ་སོགས་ཀྱང་ཡོད་པ་བཞིན་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་སུ་རྟ་བཞོན་ནས་མདའ་རྩལ་འགྲན་པ་དང་དེ་ལ་བོད་སོག་མན་ཇུའི་ཆ་བྱད་ཅན་གྱི་སྐུ་ངོ་ཚོས་གཟིགས་མཐོང་མཛད་ཚུལ་ཀྱང་བྲིས་འདུག   དེང་སྐབས་ཀྱི་ཆོས་པ་ཡིན་ནོ་ལོ་དག་གིས་དཔྱད་པ་ལྟར་གྱི་གློ་བུར་བ་ཞིག་མ་ཡིན་ལ་ཡ་ཐོག་གི་སྐབས་ནས་ཀྱང་རྟ་འདོ་བའི་གོང་གི་མི་རིགས་ཤིག་ཡིན་པར་གསལ་ཞིང་རྟ་རྒྱུག་ཀྱང་གཉུག་མའི་དམངས་ཁྲོད་རྩེད་རིགས་ཤིག་ཅི་ལ་མིན།  ད་དུང་དམག་དོན་རིག་པའི་ཐད་ནས་བཤད་ན་ཡན་ལག་བཞི་པའི་དཔུང་ཞེས་གྲགས་པ་ལྟར་རྟ་དམག་ནི་དེའི་ཡན་ལག་ཅིག་ཡིན་ལ་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།  རྟ་ཐོག་གི་རྩེད་མོ་སྣ་མང་ཞིག་བོད་ཡུལ་ནས་དར་ཞིང་མང་པོ་ཞིག་བོད་ཡུལ་ནས་ཉམས་བཞིན་ཡོད།23vཀྲུང་གོ་བོད་ཀྱི་དྲ་བ།

7b22eda697c6f818cd2eaed24b7faeab.jpg23vཀྲུང་གོ་བོད་ཀྱི་དྲ་བ།

278aa5cbc43b3a74d2f4a3d90b2b1244.jpg23vཀྲུང་གོ་བོད་ཀྱི་དྲ་བ།

སྤྱིའི་ཆ་ནས་བཤད་ན་ཡུལ་ཕྱོགས་འདི་ནས་སྒོ་ཕྱུགས་དཀར་ནག་ཁྲ་གསུམ་ལ་འཚོ་སྐྱོང་བྱས་པ་ཧ་ཅང་བཟང་ཞིང་ངན་གསོད་དང་བཤས་ལ་ཕབ་མཁན་ཡང་ཉུང་ཉུང་ཡིན། རོང་འབྲོག་གཉིས་རྟ་ནོར་གསུམ་ལ་བརྟེན་ནས་འཚོ་བ་རོལ་དགོས་ལ་ལྷག་པར་རོང་པ་དག་གིས་འཕྲུལ་རིགས་མ་དར་གོང་དུ་རྟ་མཛོ་གཡག་གསུམ་ལས་རྨོ་རྐོ་སོ་ནམ་བྱེད་དགོས་པས་རྟ་ནོར་ལུག་གསུམ་ལ་སྨན་བཅོས་དང་བརྟག་ཐབས་མང་པོ་རྒན་པོའི་ངག་རྒྱུན་དང་མཐོང་བ་བརྒྱུད་པའི་ལག་ལེན་ཡིད་རྟོན་འཕེར་བ་ཡོད། རྟ་ནོར་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་ཀྱང་མང་དུ་བདོག་ལ་དེ་ལས་གཙོ་བོ་ནི་དབྱར་ཁའི་རྟ་རྒྱུག་སྤྲོ་ཚོགས་དེ་རེད། དྲུག་པའི་ཚེས་ལྔ་ནས་བཟུང་མགར་ཐར་རྟ་རྒྱུག་འགོ་བརྩམས་ཤིང་དཔལ་སྨད་གྲོང་འགོ་དང་ཤའུ་གཤིས། གཡས་རུ། མཁར་དམར་ཡུལ་ཤོག  འབྲུ་སྨིན་ཐང་།  ཆུ་བར་གྲོང་དང་། སྔོ་ཉ། ས་ལྕམ། ལའུ་ཐང་པ། ཞི་བདེ་ཤང་གི་ཁོངས་སུ་གཏོགས་པའི་རུ་ཁག་ཡོངས་ཀྱིས་རྩེད་རིགས་རྐང་འཛིན་གཙོ་བོར་བྱས། རྟའུ་དང་ཤར་གྲོང་། རྒྱལ་རོང་། མི་ཉག་གི་ཡུལ་གྲུ་སྟོད་སྨད་བར་གསུམ་ནས་གླུ་དང་ཞབས་བྲོ། རྟ་རྒྱུག་རྩེད་མོ་སོགས་ལ་བལྟ་བ་དང་རྩེ་པར་ལོ་ལྟར་ཡོང་། རང་གི་སྡེ་བ་གོང་དུ་སྨྲས་པ་དེ་ལས་གཞན་པ་ཚོས་རྟ་རྒྱུག་ན་དཔྱ་ཁྲལ་སྒོར་ལྔ་བརྒྱ་རེ་སྤྲད་དགོས་ལ་ཨང་རིམ་ལ་ཕྱོགས་རིས་མེད་པར་བྱ་དགའ་འདྲ་མཉམ་དུ་སྟེར།  བྱང་རྒྱུགས་དང་།  རྒྱུག་ཆུང་། རྒྱུག་ཆུང་སྐབས་སུ་ཨང་རིམ་གྲས་ཚུད་པ་དག་རྒྱུག་ཆེན་ལ་བསྐྱོད་ཆོག་པ་དང་ཨང་རིམ་ལྟར་བྱ་དགའ་ཡང་གྱ་ནོམ་པ་སྤྲོད་ཀྱིན་ཡོད།  འགྲོས་མའི་གོམ་གཤིབས་དང་།  མགོ་ཚགས་རྟ་རྒྱུག་ཏེ་རྟ་ཐོག་ནས་གན་རྐྱལ་དུ་བསྒྱེལ་ནས་དར་བཟུང་བ། དུས་རབས་གོང་མའི་ལོ་རབས་བརྒྱད་པའི་ནང་རྟ་གཉིས་ཆིབས་བྱས་ནས་རྒྱུག་པ་དང་། སྒ་ཐོག་ཏུ་ལངས་པ་དང་སྐྱིལ་ཀྲུང་བྱེད་པ། མགོ་འོག་བརྗེས་པ། རྟའི་ཕར་རྒྱབ་ཚུར་རྒྱབ་ཏུ་མཆོང་རེས་བྱེད་པ། རྟ་ཐོག་ནས་མེ་མདའ་འཕེན་པ་སོགས་དར། དེང་སྐབས་ཤར་མི་ཉག་གི་རྒྱུག་རྟ། །བྱང་ཟི་ལིང་གི་འགྲོས་མ། ། ཡུལ་མགར་ཐར་གྱི་དུས་སྟོན་ཞེས་མི་དག་གི་སྨྲ་བྱེད་ཀྱི་རྒྱན་དུ་གྱུར་པའི་རྩེད་རིགས་འདིས་ཡུལ་ཕྱོགས་ཕན་ཚུན་ཐུག་འཕྲད་ངོ་ཤེས་བཏང་བ་དང་ཚོང་ཤག་སྒྲིག་པ། ཕྱོགས་ཡོངས་ནས་དཔལ་འབྱོར་ལ་སྐུལ་འདེད་ཐེབས་པ་དང་། ངལ་རྩོལ་མི་དམངས་ཀྱི་སེམས་ཀྱི་འབབ་སྟེགས་ལྟར་གྱུར་ཡོད། །23vཀྲུང་གོ་བོད་ཀྱི་དྲ་བ།

《ཁམས་པའི་འཛུམ་རིས》སྟེང་བཀོད། 23vཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།