ཀྲུང་གོ་བོད་ཀྱི་དྲ་བ།

གློ་གཅོང་ནད་ཀྱི་རྒྱུན་ཤེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1.རྒྱུ་རྐྱེན་གྱུར་ཚུལ། གློ་གཅོང་གི་རྒྱུ་རྐྱེན་གཙོ་བོ་ནི་དེ་སྔ་གློ་ཚད་ཀྱི་ནད་གཞི་དུས་ཐོག་ཏུ་སྨན་བཅོས་ཡག་པོ་མ་བྱས་པའམ་དེ་བཞིན་མཁའ་རླུང་བཙོག་པ་རྔུབ་འཐེན་བྱས་པ་དང་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཞན་པའི་སྐབས་སུ་གློ་བའི་གཅོང་ནད་ཕོག་པའི་ནད་པར་འབྲེལ་གཏུག་བྱས་པ། དེ་བཞིན་ངལ་དུབ་བྱུང་བ།ཟས་སྤྱོད་ལོག་པ་སོགས་ཀྱིས་ནད་དུ་འགྱུར་བ་ཞིག་ཡིན།

  2.ནད་རྟགས། ནད་དེ་ཕོག་རྗེས་ལུས་ཁམས་སྟོབས་ཤུགས་ཉམས་པ། སྒྱིད་ལུག་པ། ཟས་ཀྱི་དང་ག་མེད་པ། འཇུ་སྟོབས་ཞན་པ། ལུས་ཤ་སྐམ་པ། བཞིན་མདངས་ཉམས་པ། འགུལ་བསྐྱོད་དཀའ་བ། དབུགས་སྣ་ཐུང་བ། ནད་ཡུན་ལོན་དུས་ལུད་པ་ཁྲག་ཅན་ནམ་རྣག་ཅན་འདོན་པ།མཚན་དུས་ལུས་རྔུལ་ཆེ་བ། གློ་ལུ་བ་སོགས་ཀྱི་ནད་རྟགས་མངོན།

  3.བཅོས་ཐབས། ཟས་སྐོམ་བསིལ་བཅུད་རིགས་ཀྱིས་ལུས་ཟུངས་གསོ་བ།

  སྤྱོད་ལམ་ལུས་ཁམས་མི་འཁྲུགས་པ་དང་གཞན་ལ་འབྲེལ་འདྲིས་ཆུང་བར་བྱ་བ། ལུད་པ་སོགས་གང་སར་མི་འཕེན་པ། ཆམ་པ་སྲུང་བ་བཅས་དང་། ཁོང་སྨན་དུ་སེ་འབྲུ་དྭངས་གནས། ཅུ་གང་ཉེར་ལྔ་དང་སྟར་བུ་ལྔ་བ། འཁྲུགས་གློ་ཀུན་སེལ། གཙོ་བོ་ཉེར་ལྔ། ནོར་བུ་བདུན་ཐང་བཅས་བསྟེན་རྒྱུ། དཔྱད་དུ་སྐབས་སུ་ཚ་རྒྱས་ན་མགོར་ཆུ་ལྕག་བྱ་བ་དང་།གློ་མཆིན་འདོམས་རྩ་དང་སྐྱོར་གོང་སོགས་གཏར་རྒྱུ།

  4.འཛེམ་བྱ། རྒྱུན་དུ་ཟས་སྐོམ་ཁ་ཚ་དང་ཆང་རག་ཐ་མག ཆམ་པ་སོགས་སྤང་རྒྱུ་དང་མཉམ་འཇོག་བྱ་རྒྱུ། ལུད་པ་གང་སར་མི་འཕེན་པ། ལུས་མི་འཁྲུགས་པ་དང་། གཙང་སྦྲར་དོ་སྣང་དང་རྒྱུན་དུ་ནད་འགོག་ནུས་པ་ལེགས་སུ་གཏོང་ཐབས་བྱ་རྒྱུ་གལ་ཆེའོ།   ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།