ཀྲུང་གོ་བོད་ཀྱི་དྲ་བ།

དྲེག་ནད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  གཅིག དྲེག་ནད་ཀྱི་འབྱུང་རྐྱེན།

  དྲེག་ནད་ནི་ཟས་སྤྱོད་དང་འབྲེལ་བ་དམ་པོ་ཡོད་པའི་ཪྙིང་ཚབ་གསར་འབྱེད་རང་བཞིན་གྱི་ནད་རིགས་ཤིག་རེད། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་ཆབས་ཅིག དྲེག་ནད་བྱུང་ཚད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ལུས་པོའི་ཁྲག་རྒྱུན་ཁྲོད་ཀྱི་གཅིན་སྐྱུར་འདྲེས་ཚད་ཇེ་མང་དུ་འགྲོ་བ་ནི་དྲེག་ནད་འབྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ཁྲག་རྒྱུན་ཁྲོད་ཀྱི་གཅིན་སྐྱུར་འདྲེས་ཚད་ཇེ་མང་དུ་སོང་རྗེས་རུས་ཚིགས་ནང་དུ་རུས་འཛེར་སྐྱེས་པས་ལུས་པོའི་རིམས་འགོག་མ་ལག་ཕྱོགས་སུ་ནད་འབྱུང་བ་ཡིན། དྲེག་ནད་འབྱུང་སྐབས་སྤྱིར་བཏང་གིས་གློ་བུར་དུ་འབྱུང་བ་ཡིན་ཞིང་མཚན་མོ་དང་ཞོགས་པའི་དུས་སུ་འབྱུང་ཚད་མཐོ། ན་ཟུག་ཆེ་བས་གཉིད་སད་དུ་འཇུག་ཅིང་། མང་ཆེ་བ་ནི་ཚིགས་མོ་ཆུང་བ་སྐྲངས་ཤིང་ན་བ་དང་། སྤྱིར་བཏང་དུ་དུག་སྲིན་འགོག་སྨན་བཀོལ་ན་ནུས་པ་ཐོབ་དཀའ།

  གཉིས། དྲེག་ནད་འབྱུང་སླ་བའི་མི་ཚོགས།

  དྲེག་ནད་ནི་སྤྱིར་བཏང་དུ་སྐྱེས་མ་ལས་སྐྱེས་པར་འབྱུང་སླ། ཕོ་མོར་དྲེག་ནད་བྱུང་བའི་བསྡུར་ཚད་ནི20:1ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐྱེས་མའི་ལུས་པོའི་མོ་གཤིས་སྐུལ་རྒྱུ་ཡིས་གཅིན་སྐྱུར་ཕྱིར་འབུད་པར་ཡར་སྐུལ་གཏོང་ཐུབ་པ་དང་། དེ་མིན་ད་དུང་ཚིགས་མོའི་ནད་འབྱུང་བར་འགོག་བཅོས་བྱེད་ཐུབ་པའི་ནུས་པ་ལྡན། སྐྱེས་པ་ཚོར་མཚོན་ན་ཆང་འཐུང་རྒྱུར་དགའ་བ་བཅས་ཀྱི་དབང་གིས་དྲེག་ནད་འབྱུང་སླ།

  ལོ་ཚོད་ཕྱོགས་ནས་བཤད་ན་ལོ་ན་གཞོན་པ་ལས་ལོ་ན་རྒས་པའི་མིར་དྲེག་ནད་འབྱུང་སླ། དྲེག་ནད་འབྱུང་སླ་བའི་ལོ་ཚོད་ཕལ་ཆེར་ལོ་ན45ཡིན་མོད། འོན་ཀྱང་དེང་སྐབས་ལོ་ན20ནས30བར་དུ་དྲེག་ནད་བྱུང་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།

  ལུས་པོ་ཚོ་བའི་སྐྱེས་པ་དར་མ་ལ་དྲེག་ནད་འབྱུང་སླ་མོ་ཡིན་པ་དང་། ལྷག་པར་འགུལ་སྐྱོད་བྱེད་རྒྱུར་མི་དགའ་བ་དང་ཟས་བཅུད་མང་དྲགས་པའི་མིར་དྲེག་ནད་འབྱུང་སླ།

  ཆང་འཐུང་རྒྱུར་དགའ་བའི་མིར་དྲེག་ནད་འབྱུང་སླ། ཆང་འཐུངས་རྗེས་མཆིན་པའི་ཁུར་པོ་ཇེ་ལྗིད་དུ་འགྲོ་བས་གཅིན་སྐྱུར་མགྱོགས་མྱུར་ངང་དུས་ཚིགས་ནང་དུ་ཆགས་པས་དྲེག་ནད་འབྱུང་བ་རེད།

  གསུམ། དྲེག་ནད་སྔོན་འགོག་བྱེད་ཐབས།

  དྲེག་ནད་དང་གཅིན་སྙི་ཟ་ཁུ་ནི་དྲག་སྐྱེད་འབྱུང་དཀའ་བས་དུས་རྒྱུན་དུ་ཚོད་འཛིན་བྱེད་དགོས་པའི་ནད་རིགས་ཤིག་ཡིན། གཙོ་བོ་ནི་རང་ཉིད་ཀྱི་ཟ་འཐུང་ལ་དུས་རྒྱུན་དུ་ཚོད་འཛིན་བྱེད་དགོས་པ་དང་རང་ཉིད་ཀྱི་བདེ་ཐང་ལ་ནམ་ཡང་མཉམ་འཇོག་དགོས། ཁ་ཚ་བ་དང་བྲོ་ཆེ་བའི་ཟས་རིགས་མང་པོ་ཟ་མི་རུང་། དེ་མིན་ད་དུང་བློ་ཐག་རྦད་ཆོད་སྒོས་ཆང་གཅོད་དགོས། དེ་མིན་ན་དྲེག་ནད་ཡང་བསྐྱར་འབྱུང་སླ། དེར་དམིགས་ཏེ་ནད་པས་གཤམ་གྱི་དོན་ཚན་ལ་མཉམ་འཇོག་དགོས།

  ★ཆང་གཅོད་དགོས།

  ★ངལ་དུབ་ཆེ་རུ་འཇུག་མི་རུང་བ་དང་ཆམ་པ་ཕོག་ཏུ་འཇུག་མི་རུང་།

  ★ཉ་ཤའི་རིགས་དང་སྲོག་ཆགས་ཀྱི་ནང་ཁྲོལ་སོགས་ཟས་རིགས་ཉུང་ཟ་བྱེད་དགོས་པ་དང་། པོ་ཚལ་དང་སྲན་རིགས་སོགས་ཀྱང་ཉུང་ཟ་བྱེད་དགོས། ལྷག་པར་ཉ་རིགས་ཟོས་ནས་ལྦུ་ཆང་འཐུངས་རྗེས་ཁྲག་ནང་གི་གཅིན་སྐྱུར་མྱུར་དུ་འཕར་འགྲོ། གལ་སྲིད་དུས་ཐོག་ཏུ་ལུས་པོས་ཕྱིར་གཏོང་མ་ཐུབ་ན་དྲེག་ནད་ཇེ་སྡུག་ཏུ་འགྲོ་ངེས།

  ★ཆུ་ཁོལ་མང་པོ་འཐུང་དགོས། ཉིན་རེར་ཆུ་ཧའོ་ཧྲེང3000འཐུང་དགོས་པ་དང་། ཡང་ན་སུའུ་ཏར་ཆུ(苏打水)རན་པ་ཙམ་འཐུངས་ནས་གཅིན་སྐྱུར་ལུས་པོའི་ཕྱིར་ཕུད་པར་ཡར་སྐུལ་གཏོང་ཐུབ།

  ★འོ་མ་དང་བྱ་སྒོང་། སྔོ་ཚོད་མང་ཆེ་བ། སིལ་ཏོག་བཅས་ཚོད་འཛིན་བྱེད་དགོས།

  ★བ་ཚྭ་ཅན་གྱི་ཟས་རིགས་མང་ཟ་བྱེད་དགོས། དཔེར་ན་སྐྱུར་བསྙལ་གོ་རེ་དང་བ་ཚྭ་བཞག་ཡོད་པའི་འབྲས་ཐུག་སོགས། བ་ཚྭ་ཅན་གྱི་ཟས་རིགས་ཟོས་རྗེས་གཅིན་སྐྱུར་ཕྱིར་གཏོང་བར་ཡར་སྐུལ་གཏོང་བ་དང་། མཁལ་མ་སྲུང་སྐྱོབ་བྱེད་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།