སྨྱོ་བྱེད་ཀྱི་ནད་ནི་སྐྲག་དགོས་པ་ཞིག་མ་རེད།

གཅིག སྲུང་ཐབས།cv7ཀྲུང་གོ་བོད་ཀྱི་དྲ་བ།

སྨྱོ་བྱེད་ཅེས་པ་ནི་སྤྱིར་རང་བཞིན་ནམ་མ་གཞི་ནས་སྙིང་སྟོབས་ཞན་པ་དེའི་ཁར་ཉེ་རྒྱུ་མྱ་ངན་བྱུང་བ་དང་། ཡིད་མི་བདེ་པ། སེམས་ཀྱི་ལས་ཧ་ཅང་ཆེ་དྲགས་པ། ཟས་དང་སྤྱོད་ལམ་མི་འཕྲོད་པ་སྟེ་ཟས་སྐོམ་རྙིང་པ་ལོ་ལོན་པ་དང་། སྔར་མ་གོམས་པ། དྲི་མ་ཅན་དུ་གྱུར་པ་དང་མི་སྙོམས་པ་སོགས་མང་དུ་བསྟེན་པ། སྤྱོད་ལམ་དྲག་དལ་སྙོམས་པ་དང་མཆོད་འོས་ལ་དུས་སུ་མཆོད་པར་མི་བྱེད་པ། གཞི་ནས་སྙིང་སྟོབས་ཞན་པ་ལ་མཚན་མོ་རང་ཉིད་གཅིག་པུ་ཞེད་སྣང་ངང་ཕྱི་རོལ་ཏུ་རྒྱུ་བ། ལས་སུ་མ་རུང་བ་གང་ཞིག་བྱས་སོང་སྙམ་པའི་རྣམ་རྟོག་སོགས་སྐྱེས་པ་དང་ཁྱད་པར་དུ་གདོན་གྱིས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་ཉེས་པ་གསུམ་འཁྲུགས་པར་གྱུར་ནས་བསྐྱེད་པར་བྱེད་པའི་ནད་ཅིག་ཡིན་པས་དེ་ལ་སྔོན་འགོག་དང་གསོ་བཅོས་དུས་ལྟར་དུ་བྱས་ན་བཅོས་ཐུབ་པའི་ནད་ཅིག་ཡིན། དེ་མ་ཡིན་པར་རང་གི་ཁྱིམ་མི་དང་གཉེན་ཉེ། གྲོགས་པོ་སོགས་ལ་ནད་འདིའི་རིགས་བྱུང་ན་དེ་ལ་བདག་སྐྱོང་མི་བྱེད་པར་སྐྲག་པའམ་འཇིགས་ནས་རིང་དུ་གཅར་བ་དང་ཡང་ན་གདོན་གྱིས་སྐྱེད་པར་སེམས་ནས་དུས་ལྟར་དུ་སྨན་ཁང་དུ་མི་འགྲོ་བར་རིམ་གྲོ་ཁོ་ན་བསྟེན་ནས་གསོ་བའི་དུས་ལས་འདའ་བ་སོགས་ཀྱི་གནས་ཚུལ་མང་དུ་འབྱུང་བཞིན་ཡོད་པས་འདིར་དེའི་སྲུང་ཐབས་དང་རྟགས་བཅོས། ནད་གཡོག སོས་པའི་ཚད་བཅས་མདོར་བསྡུས་ཤིག་ངོ་སྤྲོད་པར་བྱའོ། །cv7ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་སེམས་མྱ་ངན་གྱིས་གདུངས་དྲགས་པ་དང་སེམས་ལས་ཆེ་དྲགས་པ་སོགས་སྤང་ལ། ཟས་སྤྱོད་མི་འཕྲོད་པ་སྟེ་མི་སྙོམས་པ་སོགས་མང་དུ་བསྟེན་པ། སྤྱོད་ལམ་དྲག་དལ་སྙོམས་པ་དང་མཆོད་འོས་ལ་དུས་སུ་མཆོད་པར་མི་བྱེད་པ། གཞི་ནས་སྙིང་སྟོབས་ཞན་པ་ལ་མཚན་མོ་རང་ཉིད་གཅིག་པུ་ཞེད་སྣང་ངང་ཕྱི་རོལ་ཏུ་རྒྱུ་བ། ལས་སུ་མ་རུང་བ་གང་ཞིག་བྱས་སོང་སྙམ་པའི་རྣམ་རྟོག་སོགས་རིང་དུ་དོར་ཅི་ཐུབ་བྱེད་པ་བཅས་དང་གཞན་ཡང་རིན་པོ་ཆེ་ལ་སོགས་པའི་རྫས་དང་སྔགས་ལ་སོགས་པའི་སྒོ་ནས་བསྒྲུབ་པའི་སྨན་དང་སྲུང་བའི་འཁོར་ལོ་སོགས་ལུས་ལ་བཅིང་བ་དང་། ད་དུང་དུས་རྒྱུན་པར་མཉམ་འཇོག་དང་རྒྱལ་བའི་བཀའ་བཀླག་པ་སོགས་ཀྱི་སྒོ་ནས་འགོག་སྲུང་བྱེད་པ་གལ་ལོ། །cv7ཀྲུང་གོ་བོད་ཀྱི་དྲ་བ།

གཉིས། རྟགས་བཅོས།cv7ཀྲུང་གོ་བོད་ཀྱི་དྲ་བ།

1.ནད་རྟགས།cv7ཀྲུང་གོ་བོད་ཀྱི་དྲ་བ།

ཤེས་པ་གཡེང་ཞིང་དྲན་པ་ཉམས་ནས་སྙིང་ན་བ་དང་། བློ་དང་། རྣམ་པར་ཤེས་པ། དྲན་པ་རྣམས་འཁྲུགས་ཤིང་ལུས་ཀྱི་བདེ་བ་དང་སྡུག་བསྔལ་ཡང་མི་ཚོར་ཏེ་ཉམས་ལ། ཤེས་པ་འཆོལ་ཞིང་སྤྱོད་པ་ཡན་པར་གྱུར་ནས་རང་དབང་ཅི་ཡང་མེད་པ་ལྟར་གྱུར་པ་སྟེ་གཏམ་མང་དུ་སྨྲ་ཞིང་དམོད་པ། དོན་མེད་དུ་ངུ་འབྲོས་བྱེད་པ། གཞན་ལ་སྡིགས་མཛུབ་བསྒྲེངས་ཏེ་ཁྲོ་ཞིང་ཁུ་ཚུར་དང་བོང་བས་བརྡེག་ཅིང་རྒྱག་པ། མེ་མི་སྣང་བར་མེ་འབར་རོ་ཞེས་སྨྲ་བ། མར་མེ་མེད་པར་མར་མེ་མཐོང་བ་སྟེ་མེ་འོད་འདྲ་བ། ཉིན་པར་སྐར་མ་མེད་པར་སྐར་མ་འདྲ་བ་མིག་སྔར་མཐོང་བར་བྱེད་པའམ་ཡང་ན་གཏམ་གྱི་སྨྲ་བ་ཉུང་ལ་ཁ་ཟས་ཀྱི་ཡི་ག་འཆུས་པ། གཉིད་ཆེ་བ། སྣབས་དང་ཁ་ཆུ་མང་དུ་འཛག་པ། བུད་མེད་ཤས་ཆེར་འདོད་པ། གཅིག་པུ་དབེན་པ་ལ་དགའ་བ། འཇིགས་སྐྱེན་པ། གཙང་བ་ལ་མི་དགའ་བ། བཞིན་མདངས་ཤིན་ཏུ་ཞན་པ། དྲན་པ་ཉམས་ནས་གློ་བུར་དུ་བརྒྱལ་བར་འགྱུར་བ་བཅས་དང་མཚམས་རེར་ཚ་བ་གཉན་ཚད་ཀྱིས་ཀྱང་སྨྱོ་བར་བྱེད་པའི་གནས་སྐབས་ཡོད་པས་དེའི་སྐབས་སུ་ལུས་ལ་ཚ་རྒྱག་པ་དང་ཁ་ལྕེ་སྐམ་ལ་མིག་སྤྲིན་དམར་བར་འགྱུར་བའི་རྟགས་མངོན།cv7ཀྲུང་གོ་བོད་ཀྱི་དྲ་བ།

2.བཅོས་ཐབས།cv7ཀྲུང་གོ་བོད་ཀྱི་དྲ་བ།

ནད་འདིའི་རིགས་བྱུང་ཚེ་ཁྱིམ་མི་དེ་ལ་འཇིགས་ནས་རིང་དུ་གཅར་ནས་བདག་སྐྱོང་མི་བྱེད་པ་དང་ཡང་ན་རིམ་གྲོ་ཁོ་ན་བསྟེན་པ་བཅས་མི་བྱ་བར་མྱུར་བར་ནད་པ་སྨན་ཁང་དུ་ཁྲིད་ནས་སྨན་པའི་ངག་བཞིན་དུ་གསོ་བཅོས་གང་འོས་བྱ་བར་བསྟུན་ནས་གདོན་ལ་ཡོས་སྤྱིན་ནད་ལ་སྨན་གྱིས་བཅོས་ཞེས་པ་ལྟར་དགོས་འོས་ཀྱི་རིམ་གྲོ་བསྟེན་ནས་ནད་གདོན་མཐར་སྤྲོད་པར་འབད་དགོས།cv7ཀྲུང་གོ་བོད་ཀྱི་དྲ་བ།

གསུམ། ནད་གཡོགcv7ཀྲུང་གོ་བོད་ཀྱི་དྲ་བ།

དྲན་ཤེས་མྱོས་པར་འགྱུར་ཞིང་རང་དབང་ཅི་ཡང་མེད་པས་རང་ཉིད་ལ་ནད་བྱུང་ཡོད་པ་ཁས་མི་འཆེས་པ་དང་སྨན་དཔྱད་ཀྱང་རང་དགར་མི་བསྟེན་པས་བསླུས་ནས་སྟེར་བ་དང་། བརྒྱལ་འབོག་བྱུང་ནས་ནད་གཞི་ཆེར་ལྡང་བའི་སྐབས་ནད་པའི་ཡན་ལག་སོགས་རྡེག་རྨས་མི་འབྱུང་བར་སྲུང་སྐྱོབ་དང་སོ་འཆུག་གིས་ལྕེ་ལྡད་པ་སྔོན་འགོག་བྱེད་པ་དང་། དགོས་གལ་བྱུང་ཚེ་ཆེད་གཉེར་ནད་གཡོག་མངགས་ནས་ནད་པའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་འཐེམས་ནན་བྱེད་དགོས།cv7ཀྲུང་གོ་བོད་ཀྱི་དྲ་བ།

བཞི། སོས་པའི་ཚད།cv7ཀྲུང་གོ་བོད་ཀྱི་དྲ་བ།

གཟུགས་ལ་སོགས་པའི་དབང་པོ་དོན་གསལ་བར་རྟོགས་ཤིང་མ་འཁྲུལ་བ། བློའི་ཤེས་པ་དང་ཡིད་ཀྱི་འཛིན་པ། དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཐ་མལ་བར་གནས་ཤིང་མ་འཁྲུལ་བ་དག་ནི་སྨྱོ་བྱེད་ཀྱི་གདོན་ལས་ཐར་ཞིང་བྲལ་བར་གྱུར་པའི་མཚན་མ་ཡིན་ནོ། །cv7ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།