མཆིན་པའི་ཟགས་ཆུའི་ལྟོ་བ་སྦོས་པ་ལ་འཇམ་རྩིའི་བཅོས་བསྟེན་པ།

དང་པོ། འཇམ་རྩི་ངོ་སྤྲོད།Wejཀྲུང་གོ་བོད་ཀྱི་དྲ་བ།

1.རུང་བའི་ནད་གཞི།Wejཀྲུང་གོ་བོད་ཀྱི་དྲ་བ།

འཇམ་རྩི་རུང་བ་ནི་རླུང་སྐྲན་དང་།རླུང་ལ་བརྟེན་པའི་ལྟོ་བ་སྦོས་པ།རྩམ་པ་འཁྲུ་བ།ཁུ་བ་ཟད་པ་དང་།ཟླ་མཚན་འབྱམས་པ།རྒྱུ་ལོང་མཁལ་རྐེད་རྣམས་སུ་གྲང་བ་རྒྱས་པ་དང་།སྟོབས་ཆུང་བ།སྨད་ཀྱི་སྲིན་སོགས་མདོར་ན་རླུང་གི་ནད་ཀུན་ལ་བཏང་བར་བྱའོ། །Wejཀྲུང་གོ་བོད་ཀྱི་དྲ་བ།

2.མི་རུང་བའི་ནད་གཞི།Wejཀྲུང་གོ་བོད་ཀྱི་དྲ་བ།

སྐྱ་རྦབ་མིག་སེར་དང་།ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས་པ།བཤང་བ་འཁྲུ་བར་བྱེད་པ་དང་།ལྟོ་ལྕི་ལྟོ་ན་བད་ཀན་ཅན།མཆིལ་མ་མང་དང་ཤིན་ཏུ་སྦོམ།ལྟོ་ནད་སྲིན་ཡོད་རླུང་འཁྱིམས་དང་།དུག་དག་འཐུངས་དང་འབྲུམ་བུས་བཏབ།རྐང་འབམ་ལྐོག་མའི་ལྦ་བ་ཅན་བཅས་ལ་མི་རུང་།Wejཀྲུང་གོ་བོད་ཀྱི་དྲ་བ།

3.སྦྱོར་བ།Wejཀྲུང་གོ་བོད་ཀྱི་དྲ་བ།

སླེ་འཇམ།བཀྲུ་འཇམ།བཀྲུ་མ་སླེན།དེ་ཡང་རླུང་རྐྱང་བ་ལ་སླེ་འཇམ་དང་།རླུང་དང་མཁྲིས་པར་ལྡན་པ་ལ་བཀྲུ་འཇམ་དང་།རླུང་དང་བད་ཀན་ལྡན་པ་ལ་བཀྲུ་མ་སླེན་སྦྱར་བ།Wejཀྲུང་གོ་བོད་ཀྱི་དྲ་བ།

3-1དང་པོ་སླེ་འཇམ་རླུང་རྐྱང་བ་ལ་བསྔགས་པའི་སྦྱོར་བ་ནི།ལུག་ཤའི་ཚོ་ཁུ་དང་འབྲིའི་འོ་མ་མར་ཞུན་བཅས་ལ།རུ་རྟ།དེ་བ་དཱ་རུ་སྟེ་གཙང་འགྲམ་གྱི་ཤུག་པ།པི་པི་ལིང་།རྒྱམ་ཚྭ།ཨ་རུ་ར་རྣམས་ཀྱི་ཕྱེ་མ་སྦྱར་བ་ནི་སླེ་འཇམ་ཡིན།Wejཀྲུང་གོ་བོད་ཀྱི་དྲ་བ།

3-2གཉིས་པ་རླུང་མཁྲིས་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུར་གནས་ཀྱི་སེམས་ཅན་ཉ་སྦལ་ལྕོང་སོགས་ཀྱི་ཤ་ཁུ་དང་།བའི་འོ་མ་དང་མར་ཞུན་བཅས་ལ་གོང་གི་སྨན་དེ་རྣམས་ཀྱི་སྟེང་དུ་དུར་བྱིད་བསྣན་ཏེ་སྦྱར་བ་བཀྲུ་འཇམ་ཡིན།Wejཀྲུང་གོ་བོད་ཀྱི་དྲ་བ།

3-3གསུམ་པ་བད་རླུང་ལྡན་པར་བསྔགས་པའི་སྦྱོར་བ་ནི་ཆུ་མེད་པའི་སྐམ་ས་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ཤ་ཁུ་དང་།རའི་འོ་མ་དང་མར་ཞུན་བཅས་ལ་གོང་གི་བཀྲུ་འཇམ་གྱི་སྨན་དེ་རྣམས་ཀྱི་སྟེང་དུ་པོ་སོ་ཆ་བསྣན་ཏེ་སྦྱར་བ་བཀྲུ་མ་སླེན་ཡིན།Wejཀྲུང་གོ་བོད་ཀྱི་དྲ་བ།

4. གཏོང་ཐབས།Wejཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མར་དྲི་མ་འགག་པ་བསལ་ཏེ་རྗེས་སུ་ཕྱི་ལུགས་ཀྱི་མས་བཏང་ཁུག་མའི་ནང་དུ་སྨན་ཧའོ་ཧྲེང150ཙམ་བླུགས་ཏེ་སྦུ་གུའི་བཞི་ཆའི་གསུམ་ཙམ་གཞང་ལམ་དུ་བཏང་དེ་བཙུར་བར་བྱ།འདུག་སྟངས་ལ་གན་རྐྱལ་དུ་ཉལ་ནས་རྐུབ་བཅོས་རྐང་མཐིལ་བརྡུངས།རྐང་མཐེབ་ནས་བཟུང་གནམ་དུ་བཏེག་ལ་གསིག  སྔས་སྨད་འཕོངས་སྟོད་གན་རྐྱལ་མ་གྲང་བསྙལ།Wejཀྲུང་གོ་བོད་ཀྱི་དྲ་བ།

5.ཕན་ཡོན།Wejཀྲུང་གོ་བོད་ཀྱི་དྲ་བ།

རླུང་གནོན་ཞིང་། བད་མཁྲིས་ཀྱི་ནད་ཞེན་པ་སློང་བར་བྱེད་པ་ཡིན།Wejཀྲུང་གོ་བོད་ཀྱི་དྲ་བ།

6.ཉེས་དམིགས།Wejཀྲུང་གོ་བོད་ཀྱི་དྲ་བ།

བཏང་དྲགས་ན་ཡི་ག་འགག་ཅིང་མེ་དྲོད་འཆི་བར་བྱེད།Wejཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། ངེད་མཆིན་མཁྲིས་ཚན་ཁག་གི་འཇམ་རྩིའི་གསོ་བཅོས།Wejཀྲུང་གོ་བོད་ཀྱི་དྲ་བ།

ངེད་མཆིན་མཁྲིས་ཚན་ཁག་གིས་ལོ་འདི་དག་གི་རིང་མཆིན་པའི་ཟགས་ཆུའི་རྐྱེན་གྱིས་ཐུར་སེལ་རླུང་གི་རྒྱུ་བ་ལོག་སྟེ་ལྟོ་བ་སྦོས་པ་དང་བཤང་བ་སྲི་བ།དྲི་མ་འགག་པ་སོགས་ཀྱི་ནད་པར་གོང་གི་སླེ་འཇམ་གྱི་སྦྱོར་བ་གཞི་བཟུང་ནས་ནད་པའི་ནད་གཞི་དང་བསྟུན་ནས་གང་ལ་གང་འཚམ་གྱི་ཁ་འཛིན་གཅེས་ཏེ།ཐོག་མར་དྲི་མ་འགག་པ་སེལ་བར་བྱ་བ་དང་དེའི་རྗེས་གོང་གི་གཏོང་ཐབས་ལྟར་ཉིན་རེར་ཐེངས1-2ཉི་མ3-5ཙམ་ལ་འཇམ་རྩི་བཏང་རྗེས་ནད་པར་མངོན་སུམ་དུ་གོང་གི་ནད་རྟགས་རྣམས་ཞི་ཡོད།Wejཀྲུང་གོ་བོད་ཀྱི་དྲ་བ།

གསུམ་པ། ཕན་སྐྱེད་ཆེ་བའི་ནད་དཔེ།Wejཀྲུང་གོ་བོད་ཀྱི་དྲ་བ།

ནད་པ། ཤ་བོ་བཀྲ་ཤིས།རྟེན།ཕོ།ལོ།38 ནད་སྡོད་ཨང་གྲངས།274791Wejཀྲུང་གོ་བོད་ཀྱི་དྲ་བ།

ནད་རྟགས།མཆིན་ནད་དུག་ཐབས་བྱུང་ནས་ལོ་གསུམ་ལྷག་འགོར་ལ་ཉིན་ཉི་ཤུའི་སྔོན་དུ་ཤ་ཟོས་པ་ལ་རྐྱེན་བྱས་ཏེ་པགས་མདོག་སེར་པོར་གྱུར་པ་དང་སྐྱུག་མེར་ལངས་པ།མཆིན་མཁྲིས་གནས་སུ་གཟེར་བ།ཟས་ཀྱི་དང་ག་ཞན་ལ་ལུས་ཀྱི་ཉམས་སྟོམས་ཞན་པ།གསུས་ཁོག་སྦོས་རྒྱངས་བྱེད་པ་དང་བཤང་བ་སྲི་བ་སོགས་ཀྱི་རྟགས་མངོན་ལ།ཞག་སྡོད་སྐབས་སུ་གསུས་འཁོར་ཆེ་ཆུང་ལི་སྨི93ཡིན།Wejཀྲུང་གོ་བོད་ཀྱི་དྲ་བ།

ཞག་སྡོད་བྱས་རྗེས་ཉིན་གསུམ་གྱི་རིང་ལ་འཇམ་རྩི་བཏང་བ་དང་།རིམ་བཞིན་གསུས་ཁོག་སྦོས་པ་དང་བཤང་བ་སྲི་བའི་ནད་རྟགས་རྣམས་ཇེ་བདེར་མངོན་ཞིང་གསུས་ཁོག་ཀྱང་ཉིན་གཉིས་པར་ལི་སྨི91ཉིན་གསུམ་པར་ལི་སྨི89ཉིན་བཞི་པར་ལི་སྨི87བཅས་ལ་བབས།   །Wejཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།