ཀྲུང་གོ་བོད་ཀྱི་དྲ་བ།

གཉན་ནད་མེ་དབལ་གྱི་གསོ་བཅོས་ཐོར་བུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཉན་རིམས་ལྤགས་ལ་བབས་པས་མེ་དབལ་ལམ་མེ་ལྕེ་འཁོར་ལོ་ཞེས་སུ་གྲགས་པའི་ནད་འདི་ཚ་སྐྱུར་གྱི་ཟས་བསྟེན་དྲགས་པ་དང་ཆང་འཐུང་བ། ལུས་དུབ་པ་སོགས་ཀྱི་རྐྱེན་གྱིས་ཁྲག་མཁྲིས་འཕེལ་མང་བ་དང་ཆུ་སེར་ཚ་བ་རླུང་དང་ལྡན་པས་ནད་འདི་བྱུང་བ་ཡིན། བྱུང་སའི་གནས་གཙོ་བོ་མཁལ་རྐེད་ཡིན་པས་ངག་རྒྱུན་དུ་སྦྲུལ་ཞགས་དཀྲིས་པའི་ནད་མིང་འདོགས། གཞན་ཡན་ལག་དང་མགོ་བོ་སོགས་ཀྱི་གནས་སུ་བྱུང་བའང་ཡོད། རྒན་དར་གཞོན་གསུམ་ལ་འབྱུང་བ་དང་ལོ་ན་རྒན་པར་བྱུང་ཚེ་ནད་ཚབས་ཆེ་བར་འདུག ནད་རྟགས་སུ་ཐོག་མར་ལུས་གྲང་ཤུམ་བྱེད་པ་དང་ཤ་ལྤགས་ཚ་ཙག་བྱེད་པ། ཁ་ལྕེ་སྐམ་པ། མགོ་རྐང་ཚིགས་གཞི་ན་བ། རིམ་བཞིན་འབྲུམ་པ་དམར་པོ་དབྱིབས་ཆེ་ཆུང་མ་ངེས་པར་དོན་ནས་ན་ཟུག་ལྡང་བ། བྱུང་སའི་གནས་དེའི་རྩ་དཀར་དང་བསྡོངས་ནས་ཟུག་གཟེར་ལངས་པ། གསོ་བཅོས་མ་བྱས་ཚེ་འབྲུམ་པ་ཆུ་བུར་ཅན་ལྤགས་ལ་ཁྱབ་པ་དང་རྨ་རུལ་བའི་རྟགས་མངོན། ནད་བྱུང་མ་ཐག་གསོ་བཅོས་བྱ་དགོས་པ་དང་རྨ་དོན་པའི་གནས་སུ་གཙང་སེལ་བྱ་དགོས་པ། གསོ་བཅོས་སུ་ཁོང་སྨན་དང་ཕྱི་བྱུགས་གཉིས་ཟུང་འབྲེལ་བྱས་ན་ཕན་བསྐྱེད་འབྱུང་སླ་བ། ཁོང་སྨན་དུ་ཀླུ་བདུད་བཅོ་བརྒྱད། བསམ་ཁྱུང་། རྟ་ཟི་དམར་པོ། ཐང་ཆེན་ཉེར་ལྔ། མང་སྦྱོར་སོགས་བསྟེན་རྒྱུ། ཕྱི་བྱུགས་ཀྱི་སྨན་དུ་ཟླ་འོད་ནོར་ཁྱུང་ཆུའམ་སྣུམ་དང་ལྷན་དུ་སྐྱོ་མ་བྱས་ནས་སྲབ་པར་འབྱུག རྨ་ཤུལ་དུ་ཟུག་གཟེར་ལྡང་ཚེ་མེ་བུམ་གདབ་རྗེས་པགས་གཏར་བྱས་ནས་ངན་ཁྲག་ཕྱིར་དབྱུང་ན་ཕན་པ་དང་རེབ་གོང་ཡུལ་དུ་ཟངས་ཏེལ་བཞག་ནས་རྨ་བསྲེག་པའི་ལག་ཐབས་ཀྱང་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།