ཀྲུང་གོ་བོད་ཀྱི་དྲ་བ།

མངལ་ཆགས་སྐབས་ཆུ་ཐོར་ཐོན་ན་མངལ་གནས་ཕྲུ་གུར་སྐྱོན་གང་ཡོད་དམ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆུ་ཐོར་ནད་དུག་མི་མང་པོའི་ཁྲོད་ཡོངས་ཁྱབ་ཏུ་གནས་ཡོད། ནད་པ་དང་ནད་དུག་འགོས་པར་ནད་དེའི་འབྱུང་ཁུངས་ཡིན། དེའི་ཁྲོད་ནས་རིགས་དང་པོ་ནི་མཆུ་དབྱིབས་རྣམ་པའི་ཆུ་ཐོར་ཡིན། ཆུ་ཐོར་དེ་རིགས་ཁའི་སྦུག་དང་། མཆུ་ཏོ། མིག ཀླད་པ། སྐེད་པ་བཅས་ཡན་དུ་སྐྱེ་བ་དང་མང་ཆེ་བ་མངོན་གསལ་དོད་པོ་མེད་པ་མ་ཟད། ནད་རྟགས་གསལ་པོ་མེད། རིགས་གཉིས་པ་ནི་སྐྱེ་འཕེལ་དབང་པོའི་རྣམ་པའི་ཆུ་ཐོར་ཡིན། ཆུ་ཐོར་དེ་རིགས་སྐྱེ་འཕེལ་དབང་པོ་དང་སྐེད་པ་མན་ཆད་དུ་སྐྱེ་གི་ཡོད།

ནད་དུག་དེ་རིགས་ཤ་མ་བརྒྱུད་མངལ་ཆགས་ཕྲུ་གུར་འགོས་སྐབས་ཕྲུ་གུའི་ཕྲ་ཕུང་ཁ་གྱེས་པ་དང་ཆེ་རུ་ཕྱིན་ཏེ་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་ལ་གྱུར་གྱི་ཡོད། མངལ་ཆགས་ནས་རིང་པོ་མ་སོང་བའི་སྦྲུམ་མར་ནད་དུག་དེ་རིགས་འགོས་ན་ཕྲུ་གུ་སྐྱེ་ཤོར་ཐེབས་ཚད་ལྡབ3ཆེ་རུ་འགྲོ་བ་དང་། ཕྲུ་གུ་འཁོར་ནས་རིང་པོ་སོང་བའི་སྦྲུམ་མར་ནད་དུག་དེ་རིགས་འགོས་ན་སྐྱེ་ཤོར་ཐེབས་ཚད་མངོན་གསལ་དོད་པོ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།