ཀྲུང་གོ་བོད་ཀྱི་དྲ་བ།

ལོ60ཡན་གྱི་རྒན་པར་ཡི་མུག་པའི་ནད་འབྱུང་སླ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒན་པ་རྣམས་ལ་རྒྱུན་དུ་དབུགས་འཚང་བ་དང་སེམས་འཚུབ་པའི་ནད་རྟགས་འབྱུང་བར་མ་ཟད།གཉིད་མི་ཁུག་པ་དང་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་འབྱུང་སླ།རྒན་པའི་ཡི་མུག་ནད་ནི་དོན་དངོས་སུ་བཤད་ན་རྒྱུན་མཐོང་གི་སེམས་ཁམས་ནད་རིགས་ཤིག་ཡིན་མོད།འོན་ཀྱང་དེང་སྐབས་རྒན་པ་རང་ཉིད་དང་སྤྱི་ཚོགས་གང་ཞིག་ཡིན་རུང་དེ་ལ་དོ་སྣང་བྱེད་ཀྱིན་མེད་པར་མ་ཟད།ཡི་མུག་ནད་ལ་དབྱེ་བ་འབྱེད་པའི་ནུས་པའང་ཧ་ཅང་ཞན་པ་རེད།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན།ལོ60ཡན་གྱི་རྒན་པའི་ཁྲོད་ཡི་མུག་ནད་བྱུང་བའི་ཚད7%ནས10%ཡིན་ལ།ཁྲག་ཤེད་མཐོ་བའི་ནད་དང་ཏོག་དབྱིབས་ཁྲག་རྩ་སྲ་འགྱུར།གཅིན་སྙི་ཟ་ཁུའི་ནད་སོགས་བྱུང་ཡོད་པའི་རྒན་པའི་ཁྲོད་ཡི་མུག་ནད་བྱུང་བའི་ཚད50%ལ་བུད་ཡོད།རྒད་པོ་རྣམས་དང་བསྡུར་ན་རྒན་མོ་རྣམས་ཀྱི་ཡི་མུག་ནད་ཕོག་ཚད་དེ་ལས་ཀྱང་མཐོ་བས།ཚང་མས་ཡིད་འཇོག་བྱེད་རན་འདུག

ཡི་མུག་ནད་ཀྱིས་རྒན་པའི་འཚོ་བའི་སྤུས་ཀར་གནོད་འཚེ་ཐེབས་པར་མ་ཟད།ལྕེབས་པའི་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད།ལུས་པོའི་སྟེང་དུ་ནད་གང་ཡང་མེད་པའི་རྒན་པ་རྣམས་ལ་མཚོན་ནའང་།ཡི་མུག་པའི་ནད་བྱུང་རྗེས།ཁྲག་ཤེད་མཐོ་བ་དང་ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་སོགས་དེ་དང་བསྟུན་ནས་འབྱུང་བཞིན་ཡོད།

རྒན་པའི་ཡི་མུག་ནད་སྔོན་འགོག་བྱེད་ཆེད།རྒན་པ་རྣམས་ཀྱིས་རང་རང་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་དགོས་ལ།སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཚད་ཇེ་མཐོར་བཏང་ནས།རྒྱུན་དུ་གྲོགས་པོ་དང་མཉམ་དུ་ཇ་འཐུང་ཞོར་ཁ་བརྡ་བྱེད་པ་དང་ཡང་ན་ལུས་སྦྱོང་བྱས་ཏེ།རང་ཉིད་ཀྱི་འཚོ་བ་སྐྱིད་པོ་ཡོང་གང་ཐུབ་བྱེད་དགོས།དེ་ལས་གཞན་ད་རུང་བུ་ཕྲུག་རྣམས་ཀྱིས་རྒྱུན་དུ་རྒན་པར་ཁ་བརྡ་བྱེད་པ་དང་། ཁོ་ཚོའི་ཉོག་བཤད་ལ་ཉན་དགོས་པར་མ་ཟད།རྒྱུན་དུ་ཕྱི་རུ་ཁྲིད་ནས་སེམས་པ་གཡེང་དུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།