ཀྲུང་གོ་བོད་ཀྱི་དྲ་བ།

སྨན་ཅི་ལྟར་ཟས་ན། མཆིན་པར་གནོད། ཚེ་ཐག་ཇེ་ཐུང་ལ་འགྲོ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྨན་གྱིས་ནད་གཞི་གསོ་བ་དང་དུས་མཚུངས་སུ། དུག་ནུས་ཀྱང་ཞོར་ལ་ཐོན་གྱིན་ཡོད། སྨན་རྫས་ནི་གཙོ་བོ་མཆིན་པ་ནས་བརྗེ་ཚབ་དབྱེ་ཕྲལ་བྱེད་ཀྱི་ཡོད་པས་དེ་ལས་ཐད་ཀར་མཆིན་པར་ཕོག་ནས་མཆིན་པའི་ཕྲ་ཕུང་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཏེ། མཆིན་ཁམས་ཇེ་ཞན་དུ་གཏོང་། མཆིན་པར་གནོད་པའི་སྨན་རྫས་རིགས་ཆེ་གྲས་བཅུ་ལ་ངོས་འཛིན་ཡང་དག་བྱས་ནས། ཡང་དག་པའི་ཐབས་ཀྱིས་མཆིན་པར་གནོད་སྐྱོན་མི་ཡོང་བ་བྱ་དགོས།

མཆིན་པར་གནོད་སྐྱོན་ཚབས་ཆེན་བཟོ་བའི་སྨན་རྫས་བཅུ། 

1.ཚ་གཅོག་ཟུག་འཇོམས་ཀྱི་སྨན། ཡའེ་ཤན་ཨེམ་ཅའེ་ཧྥུན། པོའུ་ལོ་ཧྥིན་སོགས་ཙན་གཟུགས་མ་ཡིན་པའི་ཚད་འགོག་སྨན་གྱིས་མཆིན་པར་གནོད་སྐྱོན་བཟོ་ངེས། ཉིན་རེར་ཡའེ་ཤན་ཨེམ་ཅའེ་ཧྥུན་ཁེ་གཉིས་དང་ཨ་སི་ཕི་ལིན་ཁེ5ལས་བརྒལ་ཚེ་མཆིན་པར་གནོད་སྐྱོན་བཟོ་ངེས།

2. རིམ་འགོག་གཞི་རྒྱུ། ནད་ཐོག་སྨན་བཅོས་ལ་དུས་རྒྱུན་རིམ་འགོག་སྨན་གྱིས་ནད་དུག་ཕྲ་མོ་གསོད་འགོག་བྱེད་མོད། འོན་ཀྱང་དེས་མྱུར་གཤིས་མཆིན་ཚད་དང་། གློ་བུར་རང་བཞིན་གྱི་མཆིན་པའི་བྱེད་ལས་ཉམས་པར་བྱ་ངེས། དཔེར་ན།སི་ཧན་སོའུ་དང་། ལི་མི་སི་སོགས་ལྟ་བུ།

3. འཇུ་བྱེད་མ་ལག་གི་སྨན། ལི་ནའེ་ཐེ་ཏན། ཞི་མེ་ཐེ་ཏན་སོགས་ཀྱིས་མཆིན་དུག་ཕོགས་སྲིད། ཞི་མེ་ཐེ་ཏན་ཟོས་པས་མཆིན་ནུས་ཤོར་བ་དང་མཆིན་ཚིལ་ཅན་དུ་འགྱུར་བ། ཚབས་ཆེའི་མཆིན་ཚད་ཀྱི་ནད་གཞི་འབྱུང་བའང་སྐབས་རེར་མཐོང་རྒྱུ་ཡོད། 

4. ཀླད་སྙིང་ཁྲག་རྩའི་ནད་ཀྱི་སྨན། རྒྱུན་མཐོང་གི་སྨན་ལ་ཧྥ་ཧ་ལིང་དང་ཨེན་ཏེན་ཐུན་ཐ་ཏིང་རིགས་ཀྱི་སྨན་བསྟེན་པས་མཆིན་པར་གནོད་སྐྱོན་འབྱུང་གི་ཡོད་ལ། ནད་པ་ཁ་ཤས་ཀྱིས་ཨེན་ཏེན་ཐུན་འཐུང་བ་ཡིས་ཨེམ་མའེ་ཇེ་མཐོར་སོང་སྟེ། དལ་བའི་རང་བཞིན་གྱི་མཆིན་ནད་སློང་བར་བྱེད།

5. ཀ་ར་འབེབས་པའི་སྨན། ཀུ་ལེ་ཆི་ཐུ། ཀི་ལི་ཐུན་སོགས་ཀ་ར་འབེབས་པའི་སྨན་གྱིས་མཆིན་པར་གནོད་སྐྱོན་བཟོ་བ་མ་ཟད། མཆིན་ནུས་མི་བཟང་བས་ཀུ་ལི་ཆི་ཐུ་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་ཏེ། ཕུ་ཐོའོ་ཐང་གི་སྐྱེད་ནུས་དམའ་རུ་གཏོང་ཐུབ། དེའི་རྐྱེན་གྱིས་མཆིན་ནུས་མི་བཟང་བ་དང་གཅིན་པ་མངར་འགྱུར་གྱི་ནད་པ་ཡིས་ཡང་དག་སྒོས་སྨན་བསྟེན་རྒྱུ་གལ་ཆེ།

6. འབྲས་སྐྲན་རིམས་འགོག་སྨན། ལི་ཙོ་ཕུའུ་ལིན་གྱིས་མཁྲིས་སེར་གྱི་ནད་རྟགས་སློང་བ་དང་།ཅཱ་ཨན་ཏའེ་ལིན་གྱིས་མཆིན་པ་སྲ་མཁྲེགས་ཅན་དུ་འགྱུར་སླ་བ་མ་ཟད། སའོ་ལེ་མེ་སུའུ་ཡིས་མཆིན་པར་གནོད་སྐྱོན་ལྕི་མོ་ཕོགས་པར་བྱེད།

7. སྨྱོ་ནད་རིམས་འགོག་སྨན། རྒྱུན་མཐོང་སྨྱོ་ནད་རིམ་འགོག་སྨན་ལའོ་པིན་ཆིན་གྱིས་མཆིན་པའི་ནང་མཁྲིས་ཁུ་བསགས་ནས་པགས་འབྲུམ་ཐོན་པ། ཚ་དྲོད་སྐྱེད་པ། མཁྲིས་སེར་དང་འཇུ་ལམ་གྱི་ནད་རྟགས་ཐོན་པར་བྱེད་ཅིང་། ཚབས་ཆེ་ན་མཆིན་ནུས་ཉམས་པའང་བཟོ་སྲིད།

8. གློ་ཚད་རིམས་འགོག་སྨན། ལི་ཧྥོ་ཕིན་དང་ཡའེ་ཡན་ཅིན་གཉིས་ཀས་མཆིན་པར་གནོད་སྐྱོན་བཟོ་བ་དང་། གལ་ཏེ་དེ་གཉིས་མཉམ་དུ་བསྲེས་ནས་འཐུང་ནས་མཆིན་དུག་ནུས་པ་ཇེ་ཆེར་འགྲོ། 

9. འདོད་བསྐྱེད་ཀྱི་སྨན་དང་སྦྲུམ་འགོག་སྨན། ཅཱ་ཏེ་ཡོན་ཏུང་། ཡའེ་ནའོ་ཐུན། ཆའེ་ཚི་ཁྲོན་སོགས་ཀྱི་སྦྲུམ་འགོག་སྨན་འཐུང་ཚེ། མཁྲིས་སེར་གྱི་ནད་གཞི་སློང་ཞིང་མཆིན་པའི་བྱེད་ནུས་ལ་གནོད་སྐྱོན་ཐེབས། 

10. སྤུ་ལྡན་ཁྲག་གཅོད། སྒ་ཚུར་དྭ་བ་ཡིས་མཆིན་པར་སྤྱིར་བཏང་གི་གནོད་སྐྱོན་བཟོ་བ་དང་། སྨན་བུ། བ་རུ་ར་ཡིས་མཆིན་དུག་རང་བཞིན་གྱི་མཆིན་ཚད་སློང་བར་བྱེད་ཅིང་། བྱི་རུག་སེར་པོ། ཤུ་དག་དཀར་ནག་གིས་མཆིན་པར་སྐྲན་ནད་ཕོགས་སྲིད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།