ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་ན་སྤྱི་ཚོགས་འགན་སྲུང་ནས་སྨན་རིན་ཅི་ལྟར་རྩིས་རྒྱག་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་གཞན་ནས་སྨན་བཅོས་བྱེད་ན་སྤྱི་ཚོགས་འགན་སྲུང་ནས་སྨན་རིན་ཅི་ལྟར་རྩིས་རྒྱག་དགོས།

1.སྤྱི་ཚོགས་འགན་སྲུང་བྱང་བུ་དངོས་སམ་བསྐྱར་དཔར་འཁྱེར་ནས། ས་གནས་དེ་གའི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ནས་ཐོ་འགོད་སྙན་ཞུའི་འགྲོ་ལུགས་བསྒྲུབ་དགོས།  

2.སྡོད་སའི་གྲོང་ཁྱེར་རམ་སྨན་བཅོས་སྤོ་སྒྱུར་བྱེད་སའི་ཞིང་ཆེན་ཕྱི་ཡི་སྨན་བཅོས་ལས་ཁུངས་འདེམས་དགོས།

3.མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གཉིས་ཀྱིས་གཅིག་གྱུར་ཐོག་སྒྲིག་བཟོ་བྱས་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་ནས་ཞག་སྡོད་འགྲོ་ལུགས་བསྒྲུབ་དགོས།

མི་གང་དག་གིས་ཞིང་ཆེན་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཆོག

1. གནས་སྤོ་བདེ་སྡོད་བྱས་པའི་ལས་འཁྱུར་ངལ་གསོ་བྱེད་མཁན།ལས་འཁྱུར་ངལ་གསོ་བྱས་རྗེས་ཞིང་ཆེན་ཕྱི་རུ་གནས་སྤར་ནས་གཞིས་སྡོད་བྱས་ཡོད་པ་མ་ཟད་ཁྱིམ་ཐོ་ཡང་སྤར་ཡོད་པའི་མི་ཡིན་དགོས།  

2.ཡུལ་གཞན་ནས་དུས་ཡུན་རིང་བོའམ་ལོ་ཕྱེད་ཡན་ཆོད་ལ་བསྡད་པའི་མི་ཡིན་དགོས།

3.དུས་རྒྱུན་ཡུལ་གཞན་དུ་སྡོད་པའི་ལས་བྱེད་པ་དང་།  ཡུལ་གཞན་ནས་དུས་ཡུན་ལོ་ཕྱེད་ཡན་ཆོད་ལ་ལས་གཉེར་དང་བཟོ་གཉེར།  སློབ་གཉེར་གནང་བའི་མི་ཡིན་དགོས།

4.ཡུལ་གཞན་ནས་སྨན་བཅོས་སྤོ་སྒྱུར་བྱེད་པའི་མི།   སྤྱི་ཚོགས་འགན་སྲུང་སྨན་བཅོས་སྤོ་སྒྱུར་གཏན་འབེབས་དང་འཚམ་པའི་མི་ཡིན་དགོས།

ཞིང་ཆེན་ཕྱིའི་སྨན་ཁང་ནས་ཞག་སྡོད་བྱེད་མཁན་གྱིས་་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་དགོས་སམ།

ངེས་པར་དུ་འཁྱེར་དགོས།    སྤྱི་ཚོགས་འགན་སྲུང་བྱང་བུ་ནི་སྤྱི་ཚོགས་འགན་སྲུང་ཁྲོད་ཞུགས་མཁན་གྱིས་ཡུལ་གཞན་ནས་སྨན་བཅོས་བྱེད་སྐབས་ཐོབ་ཐང་ངོས་འཛིན་དང་ཐད་ཀར་རྩིས་རྒྱག་པའི་དཔང་འཛིན་གཅིག་པུ་ཡིན།   ཞག་སྡོད་ཐོ་འགོད་དང་སྨན་ཁང་ལས་བུད་ནས་རྩིས་རྒྱག་པ་སོགས་ཀྱི་འགྲོ་ལུགས་བསྒྲུབ་སྐབས།  ངེས་པར་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་ནས་དུས་ལྟར་རྩིས་རྒྱག་དགོས།  

སྤྱི་ཚོགས་འགན་སྲུང་བྱང་བུའི་ཐོག་མའི་གསང་གྲངས་བཟོ་བཅོས་བྱས་མེད་ན། ཡུལ་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་སྐབས་བཀོལ་ཆོག་གམ།

སྤྱི་ཚོགས་འགན་སྲུང་བྱང་བུའི་ཡུལ་གཞན་ནས་སྨན་བཅོས་བྱས་པའི་སྨན་རིན་རྩིས་རྒྱག་སྐབས། པུའུ་དང་ཞིང་ཆེན་གྱི་བྱང་འཛིན་མི་སྣའི་རྨང་གཞིའི་ཆ་འཕྲིན་མཛོད་ཁང་བརྒྱུད་ནས་བྱང་བུའི་དབང་ཆ་མངོན་འགྱུར་བྱས་ཡོད་པས་གསང་གྲངས་འཇུག་དགོས་མེད།

བྱང་བུ་ཐོགས་མཁན་གྱིས་ཡུལ་གཞན་ནས་སྤྱི་ཚོགས་འགན་སྲུང་བྱང་བུས་སྨན་ཉོ་ཆོག་གམ།

མི་ཆོག    ད་སྔ།  ཞིང་ཆེན་གཞན་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་སྨན་ཉོས་ཆོག་པའི་བྱེད་ནུས་ཤར་གཏོང་བྱས་མེད།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།