ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་དུ་བདེ་འཇགས་ངང་གློག་བཀོལ་བའི་བྱེད་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐའ་ཡས་པའི་རྩྭ་ཐང་དུ། འབྲོག་ཁུལ་མང་ཚོགས་རྣམས་ཀྱི་ཁྱིམ་གྱི་གློག་སྐུད་ཕལ་ཆེ་བ་ཆེད་ལས་ཅན་མིན་པའི་མི་སྣས་འཐེན་པ་ཡིན་པས། གློག་སྐུད་འཐེན་པ་ཚད་ལྡན་མིན་པ་དང་བདེ་འཇགས་མིན་པའི་གནད་དོན་འདྲ་མིན་སྣ་ཚོགས་ཡོངས་ཁྱབ་ཏུ་གནས་ཏེ། དུས་རྒྱུན་དུ་འབྲོག་པ་མང་ཚོགས་ལ་དགོས་མིན་གྱི་གྱོང་གུན་བཟོ་བཞིན་ཡོད། དེར་བརྟེན། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གློག་བཀོལ་བའི་ཕྱོགས་ནས་བདེ་འཇགས་ཡོང་བ་དང་རྐྱེན་ངན་གང་ཡང་མི་འབྱུང་བའི་ཆེད་དུ། རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་བདེ་འཇགས་ངང་གློག་བཀོལ་བའི་རྒྱུན་ཤེས་སྐོར་ཞིག་མཚམས་སྦྱོར་བྱས་པ་ལས། རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཕན་ཅུང་ཙམ་ཐོགས་ཐུབ་པའི་སྨོན་འདུན་ཞུ།

res03_attpic_brief.jpg

▲“གསུམ་མེད”ཅན་གྱི་ཁྱིམ་བཀོལ་ཐོན་རྫས་རྫུན་མ་གཏན་ནས་ཉོ་མི་རུང་།

res01_attpic_brief.jpg

▲ ཁྱིམ་བཀོལ་གློག་ཆས་དང་ཡང་ན་གློག་སྐུད་ལ་མེ་སྐྱོན་བྱུང་དུས་ཐོག་མར་གློག་སྒོ་བརྒྱབ་ནས་མེ་གསོད་དགོས།

res07_attpic_brief.jpg

▲ས་སྐུད་དང་ཐིག་སྐུད་སྟེང་དུ་གློག་སྒོ་དང་ཉེན་སྲུང་སྐུད་པ་འཐེན་མི་རུང་། དེ་མིན་ས་སྐུད་རང་འབབ་ཆུ་སྦུག་དང་སོལ་རླངས་སྦུག་ལམ་སྟེང་དུ་འཐེན་མི་རུང་།

res09_attpic_brief.jpg

▲ རང་འདོད་ལྟར་གློག་སྐུད་འཐེན་མི་རུང་བ་དང་གློག་ཡོད་པའི་གློག་ཆས་སྒུལ་མི་རུང་།

res11_attpic_brief.jpg

▲གློག་བཀོལ་ཚེ་ཆ་ཚང་ཞིང་ཉེན་ཁ་མེད་པའི་གློག་ཁུངས་འཛུགས་ས་ཡོད་དགོས། ཕྱི་སྐོགས་ལྕགས་རིགས་ཡིན་པའི་ཁྱིམ་བཀོལ་གློག་ཆས་ཚང་མར་སར་མཐུད་ནས་སྲུང་སྐྱོང་བྱེད་དགོས།

res13_attpic_brief.jpg

▲ཁྱིམ་བཀོལ་གློག་ཆས་ལ་ཞིབ་བཤེར་དང་ཉམས་གསོ་བྱེད་དུས་ཐོག་མར་ངེས་པར་གློག་སྒོ་རྒྱག་དགོས།

res15_attpic_brief.jpg

▲ཁྱིམ་བཀོལ་གློག་ཆས་ཀྱི་གློག་སྐུད་རལ་ཡོད་དུས་མགྱོགས་མྱུར་དུ་གློག་རྒྱུན་གཅོད་བྱེད་རྒྱུ་ཆས་ཀྱིས་འཐུམ་རྒྱག་དགོས།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།