ཀྲུང་གོ་བོད་ཀྱི་དྲ་བ།

ཐོབ་ཐང་ལག་ཁྱེར་བོར་ན་བྲེལ་བ་ལངས་མི་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

22811449505156171.jpg

ཐོབ་ཐང་ལག་ཁྱེར་བོར་ན་བྲེལ་བ་ལངས་མི་དགོས་པ་སྟེ། ནུས་པ་མེད་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་དྲ་ཐོག་ཏུ་འཇོག་རྒྱུ་རེད།

དངུལ་ཁང་གི་ལས་བྱེད་པས་མི་དང་ལག་ཁྱེར་ལ་གཅིག་མཐུན་རང་བཞིན་གྱིས་ཞིབ་བཤེར་བྱེད་སྐབས་ཐོབ་ཐང་ལག་ཁྱེར་ནུས་ལྡན་ཡིན་མིན་དབྱེ་འབྱེད་བྱེད་དཀའ་བ་དང་། རྐུ་ལ་ཤོར་བའི་ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱེད་སླ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས། སྤྱི་བདེ་པུའུ་ཡི་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་པུའུ་ཀྲང་གཞོན་པ་ཧོང་མིན་གྱིས་ཉེ་ཆར་བསྟན་དོན། སྤྱི་བདེ་པུའུ་ཡིས་ནུས་པ་མེད་པའི་ཐོབ་ཐང་ལག་ལེན་གྱི་ཆ་འཕྲིན་མ་ལག་བཙུགས་པར་མ་ཟད་ཉེ་ཆར་དྲ་ཐོག་ཏུ་བཞག་ནས་བཀོལ་སྤྱོད་བྱེད་རྩིས་ཡོད་པ་དང་། སྔོན་ལ་དངུལ་ཁང་དུ་ཚོད་ལྟ་བྱས་རྗེས་སྤྱི་ཚོགས་སྟེང་གི་ལག་ཁྱེར་སྤྱོད་དགོས་པའི་སྡེ་ཁག་རེ་རེར་འདོན་སྤྲོད་བྱས་ཏེ། ད་ཡོད་ཀྱི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་ལ་དྲ་འབྲེལ་ཞིབ་བཤེར་བྱེད་རྒྱུ་རེད།

  ཧོང་མིན་ཀྲུང་གོ་དངུལ་ཁང་པེ་ཅིན་ཡན་ལག་དངུལ་ཁང་གི་ཚོང་གཉེར་དྲ་ཚིགས་རེ་རེར་སོང་ནས། སྡེ་ཁག8ཀྱིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི《གཞིས་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཚད་ལྡན་སྒོས་བཀོལ་སྤྱོད་དང་དོ་དམ་བྱེད་དགོས་པའི་སྐོར་གྱི་སྤྱི་བསྒྲགས》ལག་ལེན་དང་དངོས་འབེབས་བྱེད་པའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་། མི་དམངས་དངུལ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་པ་དང་ཚོང་གཉེར་དྲ་ཚིགས་ཀྱི་ལས་བྱེད་པར་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱེད་སྐབས་གོང་གི་གནས་ཚུལ་དེ་མཚམས་སྦྱོར་བྱས།ཁོས་བཤད་རྒྱུར། ནུས་པ་མེད་པའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་གཞི་གྲངས་ལ་དུས་ལྟར་གསར་བསྒྱུར་དང་འགུལ་རྣམ་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་སྟེང་གི་ལག་ཁྱེར་སྤྱོད་པའི་སྡེ་ཁག་དང་སྡེ་ཚན་བརྒྱུད་དེ་དྲ་འབྲེལ་ཞིབ་བཤེར་བྱས་པ་དང་། བོར་བའམ་ཡང་ན་རྐུ་ལ་ཤོར་བའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་རྣམས་དུས་ལྟར་ནུས་མིད་དུ་གཏོང་རྒྱུ་རེད།

  ཧོང་མིན་གྱིས་བཤད་རྒྱུར། སྤྱི་བདེ་པུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་དངུལ་ཁང་སོགས་ཀྱི་ལག་ཁྱེར་སྤྱོད་དགོས་པའི་སྡེ་ཁག་གི་མ་ལག་འབྲེལ་མཐུད་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབས་ཏེ། ཞིབ་བཤེར་བྱ་བའི་ནུས་ཕྱོད་དང་ཡང་དག་རང་བཞིན་ཇེ་མཐོར་གཏོང་རྒྱུ་དང་།གཞིས་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་གནད་འགག་ཆེ་བ་ནི་སྤྱི་ཚོགས་སྟེང་གི་ལག་ཁྱེར་སྤྱོད་དགོས་པའི་སྡེ་ཁག་དང་སྡེ་ཚན་ཡིན་པས། ལམ་ལུགས་ཚད་ལྡན་དུ་གཏོང་བའི་ལག་བསྟར་ནུས་པ་ཇེ་མཐོར་གཏོང་བ་དང་། མི་དང་ལག་ཁྱེར་ལ་གཅིག་མཐུན་རང་བཞིན་གྱིས་ཞིབ་བཤེར་བྱེད་པའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱས་ཏེ། ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱེད་པ་སྔོན་འགོག་ནུས་ལྡན་བྱེད་དགོས།

  ཧོང་མིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། སྤྱི་བདེ་པུའུ་ཡིས་བསྟུད་མར་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་ལ་ནོར་འཁྲུལ་བྱུང་བ་དང་བསྐྱར་ཟློས་བྱས་ཡོད་པ། རྫུན་མ་བཅས་ཀྱི་གནད་དོན་ལ་གཙང་སེལ་དག་ཐེར་དང་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཞིས་དམངས་ཀྱི་ཐོབ་ཐང་ལག་ཁྱེར་ལ་མཛུབ་རིས་ཐོ་འགོད་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། སྤྱི་ཚོགས་སྟེང་གི་ལག་ཁྱེར་སྤྱོད་དགོས་པའི་སྡེ་ཁག་དང་སྡེ་ཚན་ལ་ཞིབ་བཤེར་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་པ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་ནས། ནུས་པ་ཤོར་བའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་དང་སྤྱི་དམངས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་ལ་དྲ་ཐོག་ནས་ཞིབ་བཤེར་བྱེད་ཅིང་། གཞིས་དམངས་ཐོབ་ཐང་ལག་ཁྱེར་བདེ་འཇགས་ངང་བཀོལ་སྤྱོད་བྱེད་པའི་ཞབས་ཞུའི་དོ་དམ་ཆགས་སུ་བཅུག་ཡོད། རྗེས་མར། སྤྱི་བདེ་པུའུ་ཡིས་ད་རུང་སྤྱི་ཚོགས་སྟེང་གི་ལག་ཁྱེར་སྤྱོད་པའི་སྡེ་ཁག་སོ་སོའི་མཉམ་འགུལ་ནང་རྐྱེན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱེད་པའི་ལྐོག་བཀོད་མིང་ཐོ་ལམ་ལུགས་བཙུགས་ཏེ། ཐོབ་ཐང་ལག་ཁྱེར་རྫུས་སྤྱོད་བྱེད་པའི་ཁྲིམས་འགལ་ཉེས་བསགས་ལ་འགོག་སྲུང་དང་རྡུང་རྡེག་བྱེད་ཚད་ཇེ་ཆེར་གཏོང་བ་དང་། མི་དང་ལག་ཁྱེར་ལ་གཅིག་མཐུན་རང་བཞིན་གྱིས་ཞིབ་བཤེར་བྱེད་པའི་འགན་འཁྲི་ལག་བསྟར་མི་བྱེད་པར་ལག་ཁྱེར་སྤྱོད་པའི་སྡེ་ཁག་གི་འགན་འཁྲི་རྩད་གཅོད་བྱས་ཏེ། སྤྱི་དམངས་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཀྱང་ཐོབ་ཐང་ལག་ཁྱེར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གལ་ཏེ་བོར་བརླག་བྱུང་བའམ་ཡང་ན་རྐུ་ལ་ཤོར་ན། བོར་ཐོ་འགོད་པའི་རེ་ཞུ་འགོད་དགོས་པར་མ་ཟད་མྱུར་དུ་ལག་ཁྱེར་གསར་པ་ལེན་དགོས། གོ་ཆོད་དུས་ཡུན་ལོངས་རྗེས་མྱུར་དུ་གསར་པར་བརྗེས་ནས་ཪྙིང་པ་ཕྱིར་སྤྲོད་དགོས། མཛུབ་རིས་ཐོ་འགོད་བྱས་པའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་མི་གཞན་གྱིས་རྫུས་སྤྱོད་བྱེད་མི་ཐུབ་པས། མང་ཚོགས་རྣམས་དུས་ནམ་ཞིག་ཡིན་རུང་སྤྱི་བདེ་ལས་ཁུངས་ལ་སོང་ནས་མཛུབ་རིས་ཆ་འཕྲིན་ཐོ་འགོད་བྱེད་པའི་གཞིས་དམངས་ཐོབ་ཐང་ལག་ཁྱེར་བླངས་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།