ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བར་མི་ཕན་པའི་མི་སྣ་རིགས་བཞི།

ཟ་མ་ཟོས་རྗེས་འཆམ་འཆམ་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ན་ཕན་པ་མང་པོ་ཡོད་མོད། འོན་ཀྱང་གཤམ་གྱི་མི་སྣ་རིགས་བཞི་ལ་མི་ཕན་པ་ཡིན།5Hsཀྲུང་གོ་བོད་ཀྱི་དྲ་བ།

དཔེར་ན། ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་ཅན་དང་སྙིང་གཟེར་ཅན་གྱི་ནད་པ་ལ་མཚོན་ན། ཟ་མ་ཟོས་མ་ཐག་ཏུ་ལུས་སྦྱོང་བྱས་ན་སྙིང་གཟེར་ལངས་སླ་བ་དང་སྙིང་རྩ་འགགས་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད་པས། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཅིག་གི་རྗེས་སུ་ད་གཟོད་འཆམ་འཆམ་དུ་སོང་ན་ཆེས་བཟང་བ་ཡིན།5Hsཀྲུང་གོ་བོད་ཀྱི་དྲ་བ།

ཁྲག་རྩ་མཐོ་བ་དང་ཀླད་རྩ་སྲ་འགྱུར། གཅིན་སྙི་ཟ་ཁུ་བཅས་ཀྱི་ནད་པར་མཚོན་ན། ཟ་མ་ཟོས་རྗེས་ཀྱི་སྐར་མ10ནས་སྐར་མ30བར་ངལ་གསོས་རྗེས་ད་གཟོད་འཆམ་འཆམ་དུ་སོང་ན་ལུས་པོར་ཕན་པ་དང་ཉེན་ཁ་མེད། དེ་ལས་ལྡོག་སྟེ་ཟ་མ་ཟོས་མ་ཐག་ཏུ་འཆམ་འཆམ་དུ་སོང་ན་མགོ་འཐོམ་པ་དང་མིག་རིབ་པ། ཁྲག་ཤེད་ཞན་པ་བཅས་ཀྱི་ནད་རྟགས་འབྱུང་སླའོ། །5Hsཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།