ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ཧྥེའི་ནང་དུ་ཤིང་ཏོག་ཉིང་མིང་བཞག་ནས་བཏུངས་ན་སྙིང་ཁམས་དང་ཁྲག་རྩ་ལ་ཕན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (8).jpg

 ཞི་ལ་རྒྱལ་ཁབ་ཀྱི་དབྱི་ཁ་ལེ་ཡ་གླིང་ཕྲན་སྟེང་གི་མི་མང་ཆེ་བའི་ལུས་པོ་བདེ་ཐང་ཡིན་པ་དང་ཚེ་ཐག་རིང་བར་མ་ཟད། ཁྲག་རླུང་དང་སྙིང་ནད་འབྱུང་ཚད་ཧ་ཅང་དམའ། 《ནེའུ་ཡོག་དུས་ཐོག་ཚགས་པར》གྱིས་ས་དེར“ཚེ་རིང་གླིང་ཕྲན”ཞེས་འབོད་ཀྱིན་ཡོད། ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། གླིང་ཕྲན་དེའི་སྟེང་གི་ལོ65ཡན་གྱི་རྒན་པ700ལྷག་གི་ཁྲོད་ནས། མི87%ཡན་ལ་ཉིན་རེར་ཁོ་ཧྥེ་འཐུང་བའི་གོམས་སྲོལ་ཡོད་པར་མ་ཟད། ད་དུང་ཁོ་ཚོ་ཆུ་ཁོལ་མས་ཁོ་ཧྥེ་སྐོལ་རྒྱུར་དགའ་ལ། ཁོ་ཧྥེའི་ནང་དུ་ཤིང་ཏོག་ཉིང་མིང(柠檬)དང་ཚ་ལུ་མའི(橙子)ཤུན་པགས་འཇོག་པ་དང་། ཡང་ན་ཁོ་ཧྥེ་འཐུང་དུས་སིལ་ཏོག་དེའི་རིགས་ཟ་རྒྱུར་དགའ།

ཞིབ་འཇུག་མཁས་པས་འགྲེལ་བཤད་བྱས་པ་ལྟར་ན། ཆུ་ཁོལ་གྱིས་ཁོ་ཧྥེ་ནང་གི་བཅུད་རྫས་མང་པོ་འདོན་ཐུབ་པར་མ་ཟད། ད་དུང་ཁོ་ཧྥེ་གྱི་འདུས་ཚད་ལ་ཚོད་འཛིན་བྱེད་ཐུབ། དེ་ལས་གཞན་ད་རུང་ཤིང་ཏོག་ཉིང་མིང་དང་ཚ་ལུ་མའི་ཤུན་པགས་ཁོ་ཧྥེ་དང་མཉམ་དུ་གདུས་ནས་བཏུངས་ན་ཁྲག་རྩ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན། ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་རྗེས། ཁྲག་ཤེད་མཐོ་བའི་མིས་དུས་རྒྱུན་དུ་ཤིང་ཏོག་ཉིང་མིང་དང་ཚ་ལུ་མའི་ཤུན་པགས་དང་མཉམ་དུ་གདུས་པའི་ཁོ་ཧྥེ་བཏུངས་ན་ཁྲག་རྩའི་ནུས་པ་ཇེ་བཟང་དུ་འགྲོ་བཞིན་པ་ཤེས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།