ཀྲུང་གོ་བོད་ཀྱི་དྲ་བ།

བརྙན་འཕྲིན་ལ་ལྟ་ཡུན་རིང་ན་གློ་བར་གནོད་པ་སྐྱེལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (9).jpg

འཇར་པན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། བརྙན་འཕྲིན་ལ་ལྟ་ཡུན་རིང་ན་གློ་རྩ་འགག་པའི་གནས་ཚུལ་འབྱུང་སླ། དེ་ནི་འཇར་པན་གྱི་སློབ་ཆེན་གཉིས་ཀྱིས་རྩ་འཛུགས་ལས་ཁུངས་དང་མཉམ་འབྲེལ་སྒོས་ཞིབ་འཇུག་བྱས་པ་ཞིག་ཡིན་ལ། བརྟག་དཔྱད་བྱས་པ་ལྟར་ན། བརྙན་འཕྲིན་ལ་ལྟ་བའི་དུས་ཡུན་ཐེངས་རེར་དུས་ཚོད་གཉིས་རེ་ཇེ་རིང་དུ་སོང་ན། གློ་རྩ་འགག་པའི་ཉེན་ཁ40%ཇེ་མཐོར་འགྲོ་བ་རེད། ཉིན་རེར་བརྙན་འཕྲིན་ལ་ལྟ་བའི་དུས་ཡུན་ཆུ་ཚོད5ལས་བརྒལ་བའི་མིའི་ཉེན་ཁ་ལྡབ2.5ཇེ་ཆེར་འགྲོ་བ་རེད། ཨ་མེ་རི་ཁའི་ནད་རིགས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྔོན་རྩིས་བྱས་པ་ལྟར་ན། ལོ་རེར་མི་ཁྲི60ལྷག་ལ་གློ་རྩ་འགག་པའི་ནད་འབྱུང་བཞིན་ཡོད་པར་མ་ཟད།  དེའི་ཁྲོད་ཀྱི་མི་ཁྲི6ལྷག་དེའི་རྐྱེན་གྱིས་རྐྱེན་ལམ་དུ་འགྲོ་བཞིན་ཡོད།

ཞིབ་འཇུག་པས་བསྟན་དོན།  གློ་རྩ་འགག་པ་ནི་ཉེན་ཁ་ཧ་ཅང་ཆེ་བའི་ནད་རིགས་ཤིག་ཡིན། གལ་སྲིད་ཡུན་རིང་པོར་ལུས་སྦྱོང་མ་བྱས་ན་ཉེན་ཁ་དེ་བས་ཀྱང་ཇེ་ཆེར་འགྲོ་ངེས་པས། ཁོ་ཚོས་མི་རྣམས་ཀྱིས་རང་རང་གི་འཚོ་བ་རོལ་སྟངས་བསྒྱུར་ཏེ། ལུས་ཕུང་བདེ་ཐང་ཡོང་བར་འབད་དགོས་པའི་གྲོས་གཞི་འདོན་གྱིན་ཡོད།     །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།