ཆང་འཐུང་རྒྱུ་མང་ན་གློ་བར་གནོད་པ་ཡོད།

46.9K

timg (7).jpgs8vཀྲུང་གོ་བོད་ཀྱི་དྲ་བ།

ཆང་འཐུང་རྒྱུ་མང་ན་མཆིན་པར་གནོད་པ་ནི་མི་ཚང་མས་ཤེས་མོད། འོན་ཀྱང་ཆང་འཐུང་རྒྱུ་མང་ན་གློ་བར་གནོད་པ་ཤེས་པའི་མི་ཧ་ཅང་ཉུང་།s8vཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཞིབ་འཇུག་མི་སྣས་ལོ21ནས་ལོ79བར་གྱི་མི་དར་མ་ཁྲི1.2ཙམ་ལ་བརྟག་དཔྱད་བྱས་པར་མ་ཟད། དེ་ཚོ་ཚན་ཆུང་བཞི་ལ་བགོས་པ་སྟེ། ཆང་གཏན་ནས་མི་འཐུང་བ་དང་ཆང་ཉུང་ཙམ་འཐུང་བ། ཆང་མང་པོ་འཐུང་བ། སྔོན་ཆད་ཆང་མང་པོ་བཏུངས་མྱོང་བ་བཅས་རེད། ཞིབ་འཇུག་མི་སྣས་ཆང་མང་པོར་འཐུང་བ་ཞེས་པ་དེ་ནི། བུད་མེད་ཀྱིས་ཉིན་རེར་ཆ་སྙོམས་ཀྱིས་ཆང་ཕོར་གང་རེ་དང་། སྐྱེས་པས་ཉིན་རེར་ཆ་སྙོམས་ཀྱིས་ཆང་ཕོར་གཉིས་རེ་འཐུང་བ་དང་གཟའ་འཁོར་རེར་ཐེངས་གཅིག་རེ་བཟི་བ་དེར་ངོས་འཛིན་གྱིན་ཡོད།s8vཀྲུང་གོ་བོད་ཀྱི་དྲ་བ།

བསྡོམས་རྩིས་ལས་མངོན་པ་ལྟར་ན། བརྟག་དཔྱད་བྱས་པའི་མིའི་ཁྲོད་ཀྱི26.9%ཙམ་གྱིས་ཆང་འཐུང་ཚད་ཚད་ལས་བརྒལ་ཡོད། ཞིབ་འཇུག་མི་སྣས་བཤད་པ་ལྟར་ན། ཆང་མང་དུ་བཏུངས་ན་གློ་བ་དང་བདེ་ཐང་ལ་གནོད་པ་ངེས་ཅན་ལྡན་པ་རེད།  ། s8vཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།