གླང་སྒ་ངོ་སྤྲོད།

གླང་སྒ་ཞེས་གླེང་མ་ཐག་གླང་སྒ་ལ་གླེང་རིན་ཅི་ཞིག་ཡོད་དམ་ཞེས་དོགས་པ་ཞིག་སེམས་ལ་འཆར་སྲིད་ན་ཐང་། དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་གླང་སྒ(རྔ་བའི་འབྲོག་ཁུལ་དུ་ཁལ་སྒ་ལ་གླང་སྒ་ཟེར།)ནི་ཁོ་ཚོའི་འགྲུལ་སྐྱེད་ཡོ་བྱེད་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དེ་ནི་ཆེས་སྤྱིར་བཏང་གི་ཅ་ལག་ཙམ་ལས། དེར་འགྲོ་སྒོ་མང་པོ་ཕུད་ནས་ཉོ་དགོས་པ་དང་། དེ་ཕྱི་གླིང་གི་རྒྱ་མཚོའི་ཕར་འགྲམ་ཞིག་ནས་ཐོན་པ་རེད་ཅེ་ན་གཡག་རྒན་ཀྱང་དགོད་ཁ་འཆོར་ན་ཐང་། དེ་བས་མི་མང་པོ་ཞིག་གི་སེམས་ལ་སྒ་ཞེས་པའི་ཐ་སྙད་རྐྱང་རྐྱང་འདི་འམ་ཡང་ན་ཚིག་ཟུར་ཀྱི་སྒ་ཙམ་ལས། སྒ་ཞེས་པའི་ཐ་སྙད་འདི་བོར་ནས་མེད་བརླག་ཏུ་གྱུར་ཟིན་པ་རེད།kysཀྲུང་གོ་བོད་ཀྱི་དྲ་བ།

དེས་ན་གཤམ་ནས་བོད་ཀྱི་སྒ་ལས་གླང་སྒའི་སྐོར་ནས་ངོ་སྤྲོད་ཐུང་ཐུང་ཞིག་བྱེད། སྤྱིར་སྒ་ལ་གླང་སྒ(སྣ་སྒ་ཟེར་བའང་ཡོད་ལ་ཚིག་མཛོད་དུ་ཁལ་སྒ་ཞེས་པའོ།།)དང་རྟ་སྒ(ཆིབས་སྒ་)ཞེས་ནུས་པའི་སྒོ་ནས་དབྱེ་ན་གཉིས་ཙམ་ཡོད་པ་ལས་ཐོག་མར་གླང་སྒ་ངོ་སྤྲོད་བྱེད་པའི་དགོས་པ་ནི། སྒ་ལ་སྒའི་ཡན་ལག་དུ་གྱུར་བའི་གྲུབ་བྱེད་མང་པོ་ཞིག་ཡོད་པ་ལས་གླང་སྒ་དང་རྟ་སྒ་ལ་མི་འདྲ་བའི་ཆ་འགའ་ཤས་ལྡན་པས། འདིར་རེ་རེ་བཞིན་ངོ་སྤྲོད་གནང་ན་ཅུང་འཐུས་ཚང་ཞིག་འོངས་གིས་སྙམ་པ་ཡིན།kysཀྲུང་གོ་བོད་ཀྱི་དྲ་བ།

1494314384689663.jpgkysཀྲུང་གོ་བོད་ཀྱི་དྲ་བ།

སྒ་ལ་སྔ་རུ་དང་ཕྱི་རུ་ཞེས་ཤིང་ཟླ་ཚེས་འདྲ་བ་གཉིས་ཕན་ཚུན་ཏུས་གུ་ཞེས་པའི་དབྱུག་པ་གཉིས་དང་། ཤོས་ཡག་ཞེས་པའི་ཤིང་ལེབ་གཉིས་ཀྱི་ཟླུམ་ཕྱེད་ཀྱི་དབྱིབས་ལྟར་སྤྲེལ་བ་ལས་གྲུབ་ཅིང་། སྤྲེལ་བྱེད་ཀྱི་རྒྱུན་བུའི་མིང་ལ་འཛེར་ཐག་ཟེར། ཤོས་ཡག་ནི་སེམས་ཅན་གྱི་རྒྱབ་ལ་ཤུགས་འབབ་སའི་གནད་ཡིན་པས་ན། དེར་ཡག་ཞེས་སོག་མ་དང་རྩྭ་སྐྱའི་བཟོས་ཤིང་རས་དང་ཕྱིང་གིས་བཏུམ་པ་མཐུག་ཚད་ལ་ལི་སྨིད་ལྔ་བཅུ་ཡས་མས་ཅན་ཞིག་ཡོད་ལ། ཡག་དེ་ཤོས་ཡག་དང་སྔ་རུ་ཕྱི་རུའི་ངོར་བཅིངས་བྱེད་ཀྱི་རྒྱུན་བུ་བཞི་ལ་ཡག་ཐིག་ཟེར་། གཞན་སྟན་ཞེས་ཕྱིང་སྟན་དང་བལ་སྟན་སྲབ་བུ་ཙམ་ཁལ་མའི་རྒྱབ་ལ་གནོང་མི་བྱེད་པར་འགེབས་པ་ཡིན།kysཀྲུང་གོ་བོད་ཀྱི་དྲ་བ།

དེའི་འཕྲོར་སྒའི་གོང་ཐག་དང་སྙེད་ཐག གློ་ཐག་བཅས་ངོ་སྤྲོད་པར་བྱེད། གོང་ཐག་ནི་སྒའི་སྔ་རུའི་གཡས་ཕྱོགས་སུ་འདོག་པ་དང་། ཁལ་འགེལ་སྐབས་ཁལ་མའི་བྲང་ནས་བླངས་སྟེ་གཡོན་ཕྱོགས་ཀྱི་སྔ་རུའི་ངོར་འདོག་པ་ཡིན། ནུས་པ་ནི་ཁལ་མས་ལ་བརྒལ་སྐབས་ཁལ་ཕྱི་མི་ནུད་པའོ།། གློ་ཐག་ཡང་གཡས་ཕྱོགས་ཀྱི་ཏུས་གུའི་ངོར་བཏགས་ཤིང་། ཁལ་འགེལ་སྐབས་ཁལ་མའི་ཞབས་ནས་བླངས་ཏེ་གཡོན་ཕྱོགས་ཀྱི་ཏུས་གུའི་ངོར་འདོགས་པ་ཡིན། དེའི་ནུས་པ་ནི་ཁལ་བརྟེན་པོ་ཡོང་བའོ།།kysཀྲུང་གོ་བོད་ཀྱི་དྲ་བ།

རྨེད་ཐག་གམ་སྙེད་ཐག་ནི་ཕྱི་རུའི་ངོར་བཏགས་ཤིང་ཁལ་མའི་རྔ་རྩར་བསྐོན་ཡོད་ལ། དེའི་ནུས་པ་ནི་ཁལ་མ་ཐུར་དུ་འབབ་སྐབས་ཁལ་མགོར་མི་ནུད་པའོ།། གོང་ཐག་དང་གློ་ཐག སྙེད་སོགས་ནི་རྩིད་སྐུད་ཞེང་ཆེ་ཙམ་གྱིས་བཟོ་ཞིང་། ལྷག་པར་དུ་སྙེད་ལྟ་བུ་ནི་འཇམ་པོ་མེད་ན་ཁལ་མའི་རྔ་རྩར་རྨ་བཟོ་བས། རྒྱུན་པར་ཕྱིང་བུ་ལེབ་མོ་སོགས་བཟོ་བ་ཡིན།kysཀྲུང་གོ་བོད་ཀྱི་དྲ་བ།

སྒ་ལ་ད་དུང་ཁལ་འདོགས་བྱེད་དུ་ཐག་པ་རེ་ཡོད་པ་དང་། དེ་དག་ནི་སྔོན་མར་འབྲེང་ཐག་དང་རྩིད་ཐག་གིས་བཟོས་བ་དང་། ཁལ་འགེལ་བྱའི་ལྗིད་ཚད་ལྟར་འབྲེང་ཐག་གི་རིང་ཐུང་ཡང་མི་འདྲ་བ་ཡིན།kysཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། སཾ་ས་ར།

དཔྱད་མཆན 0 ཡོད།