མཉམ་བསྲེས་བྱ་མི་རུང་བའི་ཟས་རིགས་འགའ།

1.སྦི་རག་དང་ཨ་རག་དཀར་པོ་གཉིས་མཉམ་དུ་འཐུང་མི་ཉན།  དེ་གཉིས་མཉམ་དུ་བཏུངས་ཚེ་ཨ་རག་གི་ཉིང་ཁུ་མིའི་ལུས་པོར་སིམ་ཚད་མཐོ་རུ་སོང་སྟེ་ལུས་པོར་གནོད་སྐྱོན་ཆེན་པོ་བཟོས་ཡོད།  Nidཀྲུང་གོ་བོད་ཀྱི་དྲ་བ།

2.སྲན་ཞོ་དང་པོ་ཚལ་མཉམ་དུ་བཟའ་རྒྱུ་མེད།  རྒྱུ་མཚན་ནི་པོ་ཚལ་ལ་འདུས་པའི་རྩྭ་སྐྱུར་དང་སྲན་ཞོའི་ཀལ་གཉིས་ཕན་ཚུན་ཕྲད་ནས་རྩྭ་སྐྱུར་ཀལ་ཟེར་བ་ཞིག་ཆགས་ནས་དེས་ལུས་པོའི་འཇུ་བྱེད་མ་ལག་ལ་ཕོག་ཐུག་བཏང་སྟེ་འཇུ་བྱེད་མ་ལག་ལ་ཞོར་སྐྱོན་ཆེན་པོ་བཟོས་ཡོད།  Nidཀྲུང་གོ་བོད་ཀྱི་དྲ་བ།

3.ཀྲོ་མ་ཀྲུ་དང་ཉ་ཤ་བསྙལ་མའི་རིགས་རྩ་བ་ནས་མཉམ་དུ་བཟའ་མི་རུང་།  ཀྲོ་མ་ཀྲུར་འདུས་པའི་ཨན་རྒྱུ་དང་ཉ་ཤ་བསྙལ་མའི་ཤའོ་སོན་ཨན་གཉིས་ཕན་ཚུན་ཕྲད་པས་དེས་མིའི་ཕོ་བ་དང་། རྒྱུ་མ། མཆིན་པ་སོགས་ལ་ནད་གཞི་ཕོག་སླ་བ་མ་ཟད། ད་དུང་འབྲས་སྐྲན་གྱི་ནད་ཕོག་ཚད་ཀྱང་དེ་མཚུངས་ཀྱིས་མཐོ་རུ་འགྲོ་བས། མི་རྣམས་ཀྱིས་གོང་གསལ་དོན་ཚན་ཁག་ཤེས་པར་བྱས་ཏེ་ཟས་རིགས་གང་བྱུང་མཉམ་དུ་བཟའ་མི་རུང་།  Nidཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།