2016ལོར་རང་རྒྱལ་རྒྱལ་དམངས་ཀྱི་མི་རེའི་ཆ་སྙོམས་དཔེ་བཀླགས་ཚད་དཔེ་ཆ་བརྒྱད་ཡིན་པ།

ཉེ་ཆར་ཀྲུང་གོ་གསར་འགྱུར་དང་དཔེ་སྐྲུན་ཞིབ་འཇུག་ཁང་གིས་རྒྱལ་ཡོངས་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་བྱས་ཐེངས་བཅུ་བཞི་པའི་གནས་ཚུལ་ཁྱབ་སྒྲོག་བྱས། བརྟག་དཔྱད་ལས་མཚོན་པ་ལྟར་ན། 2016ལོར་རང་རྒྱལ་གྱི་མི་དར་མ་མི་རེས་དཔེ་ཆ་དེབ7.86བཀླགས་པས། 2015ལོ་ལས་དེབ0.02འཕར། 2016ལོར་ལག་ཁྱེར་ཁ་པར་ལས་དཔེ་ཆ་བཀླགས་ཚད66.1%ལ་སླེབས་ཤིང་། བསྟུད་མར་ལོ་བརྒྱད་ལ་འཕར་བ་རེད།Qqiཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་རྒྱལ་དམངས་ཀྱི་དཔེ་ཀློག་དགའ་ཕྱོགས་ལ་ཞིབ་འཇུག་བྱས་པ་ལྟར་ན། རྒྱལ་དམངས་དར་མའི51.6%“དཔེ་ཆ་བཟུང་ནས་ཀློག་པར་སྤྲོ་བ”དང་ རྒྱལ་དམངས9.8%“དྲ་བའི་ཐོག་ནས་དཔེ་ཀློག་བྱེད་པར་སྤྲོ”ལ། རྒྱལ་དམངས33.8%ཀྱིས“ལག་ཁྱེར་ཁ་པར་ལས་དཔེ་ཀློག་བྱེད་ཀྱིན་འདུག” ཅིང་། 3.8%ཀྱིས“གློག་རྡུལ་དཔེ་ཀློག་འཕྲུལ་ཆས་ཐོག་ནས་ཀློག་ཀིན་འདུག” རྒྱལ་དམངས1.0%གིས་དྲ་ཐོག་ནས་ཕབ་ལེན་བྱས་རྗེས་ཀློག་པ་རེད།Qqiཀྲུང་གོ་བོད་ཀྱི་དྲ་བ།

གཞི་གྲངས་ཅན་གྱི་དཔེ་ཆ་ཀློག་པ་དར་འཕེལ་ཧ་ཅང་ཆེ་བའི་ད་ལྟར་མཚོན་ན། ཤོག་བུ་ལས་གྲུབ་པའི་དཔེ་ཆར་མི་ཕྱེད་ཀ་ཙམ་གྱིས་དགའ་ཞེན་བྱེད་ཀྱིན་ཡོད་ལ། སྣང་ཚུལ་དེར་རྒྱལ་ཡོངས་དཔེ་ཀློག་ཞིབ་འཇུག་དང་སྐུལ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཧྲེན་གོས་བལྟས་ན། སྲོལ་རྒྱུན་གྱི་ཤོག་བུ་ལས་གྲུབ་པའི་དཔེ་ཆ་ལ་སྔར་བཞིན་སྐྱེ་སྟོབས་ལྡན་པར་འདོད་དེ། “ཀློག་པ་པོའི་ཞིབ་ཏུ་ཀློག་པའི་དགོས་མཁོ་ལ་ཟད་མཐའ་མེད་པས། ཤོག་བུའི་དཔེ་ཆ་ལའང་ནམ་ཡང་ཉམས་པ་མེད”ཟེར། །Qqiཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།