སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་སྡུད་སྣ་ཁ41ཟླ4པ་ནས་མེད་པར་བཟོས་པ།

2017ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་། ཀྲུང་དབྱང་གིས་བཙུགས་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་སྡུད་སྣ་ཁ41མེད་པར་བཟོས་པའམ་མཚམས་བཞག་པ་དང་། ཚོང་རྟགས་ཐོ་འགོད་དངུལ་སྡུད་ཚད་གཞི50%ཇེ་ཉུང་དུ་བཏང་། དེའི་ཁྲོད་མེད་པར་བཟོས་པ་དང་མཚམས་བཞག་པའི་མི་སྒེར་གྱི་དོན་དག་དང་འབྲེལ་བའི་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་སྡུད་ལ་འདི་དག་འདུས་པ་སྟེ། ཐོ་འགོད་དངུལ(གཉེན་སྒྲིག་ཐོ་འགོད་དངུལ་དང་ཉར་གསོ་ཐོ་འགོད་དངུལ་འདུས)དང་། སྔོན་འགོག་རང་བཞིན་གྱི་ལུས་བཤེར་དངུལ། ངར་སྨན་ཞིབ་བཤེར་ཚད་ལེན་དངུལ། གསང་གནད་འགྲིམ་འགྲུལ་ཡིག་ཆ(དངོས་པོ)བརྒྱུད་སྤྲོད་བྱེད་པའི་དངུལ། གསོ་སྦྱོང་དངུལ(ཀྲུང་གོའི་སྒྲིག་བཤེར་ཞིབ་བཤེར་སློབ་གླིང་གི་གསོ་སྦྱོང་དངུལ་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་གསོ་སྦྱོང་དངུལ། ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭའི་གསོ་སྦྱོང་དངུལ། ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་དངུལ)སོགས་ཡོད་དོ།  ། utNཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།