2020ལོར་ཤེས་རིག་ཅན་གྱི་བདེ་ཐང་རྒན་གསོའི་ཐོན་ལས་མ་ལག་ཕལ་ཆེར་ཆགས་རྒྱུ་རེད།

 《ཤེས་རིག་ཅན་གྱི་བདེ་ཐང་རྒན་གསོའི་ཐོན་ལས་འཕེལ་རྒྱས་འཆར་གཞི(2017ལོ་ནས2020ལོའི་བར)》ཡི་ནང་བཏོན་དོན། 2020ལོར་སླེབས་དུས་ཚེ་སྲོག་ཧྲིལ་པོར་ཁེབས་པའི་ཤེས་རིག་ཅན་གྱི་བདེ་ཐང་རྒན་གསོའི་ཐོན་ལས་མ་ལག་ཕལ་ཆེར་ཆགས་ཏེ། ཤེས་རིག་ཅན་གྱི་བདེ་ཐང་རྒན་གསོའི་བཀོལ་སྤྱོད་དཔེ་སྟོན་རྟེན་གཞི100འཛུགས་རྒྱུ་རེད། ནུས་ཤུགས་དམའ་བ་དང་ཤེས་རིག་བརྒྱུད་སྤྲོད་བྱེད་ཤུགས་ཆུང་བ་སོགས་ལྟེ་བ་དང་གནད་འགག་གི་ལག་རྩལ་གཏོར་ཏེ། ཤེས་རིག་ཅན་གྱི་རྒན་གསོའི་ཞབས་ཞུ་ཐོན་རྫས་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱ་རྒྱུ་རེད། བདེ་ཐང་དོ་དམ་གྱི་ཕྱོགས་ནས་གྱོན་ཆོག་པའི་སྒྲིག་ཆས་དང་འཁྱེར་བདེ་བའི་བདེ་ཐང་ལྟ་ཞིབ་སྒྲིག་ཆས། རང་བདག་ཅན་གྱི་བདེ་ཐང་ཚད་ཞིབ་སྒྲིག་ཆས། ཤེས་རིག་ཅན་གྱི་རྒན་གསོའི་ལྟ་སྐྱོང་སྒྲིག་ཆས། ཁྱིམ་ཚང་ཅན་གྱི་ཞབས་ཞུ་འཕྲུལ་མི་སོགས་གོང་དུ་སྤེལ་རྒྱུ་དང་། དུས་མཉམ་དུ་རྒྱུན་ནད་དོ་དམ་དང་ཁྱིམ་ཚང་གི་བདེ་ཐང་རྒན་གསོ་སོགས་བདེ་ཐང་རྒན་གསོའི་ཞབས་ཞུ་དཔེ་དབྱིབས་གསར་སྐྲུན་བྱ་རྒྱུ་རེད ། ། XRdཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།