ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་པའི་ཐད་ནས་ཞབས་ཞུ་བྱེད་ཐབས་གསར་པ་བཏོན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《“ལྷོད་པ་དང་དོ་དམ། ཞབས་ཞུ”བཅས་ཀྱི་བཅོས་བསྒྱུར་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་པའི་འབྲེལ་ཡོད་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བརྡ་ཐོ》ཡི་ནང་གསལ་པོར་བཏོན་དོན། ལས་རྐང་ནས་བུད་དེ་ལས་སྐྲུན་བྱེད་པའི་ཚན་ཞིབ་མི་སྣས་མི་དོན་འབྲེལ་བ་སྔོན་གྱི་ལས་ཁུངས་སུ་བཞག་ཡོད་ན། སྡོད་ཁང་གི་སྤྱི་པའི་གསོག་དངུལ་དེ་རྒྱུན་ལྡན་ངང་གསོག་པའི་ལས་བཟོ་པ་དང་འདྲ་མཉམ་སྒོས་ལེན་པ་དང་བཀོལ་སྤྱོད་བྱེད་པའི་དབང་ཆ་ཡོད། ཚན་ཞིབ་མི་སྣ་དང་སློབ་ཆེན་དགེ་རྒན་གྱིས་རང་ལས་ཁུངས་འཐད་པ་བྱུང་བ་བརྒྱུད་རྩ་འཛུགས་གཞན་པར་སོང་ནས་ལས་འགན་གཅིག་ལྕོགས་བྱས་ཚེ། དེས་བླངས་པའི་ཁྲིམས་མཐུན་ཡོང་འབབ་དེ་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་པའི་ཁྱབ་ཁོངས་སུ་བཞག་ཆོག སྨན་པས་ལས་ཀ་གཉེར་ས་དང་པོའི་སྨན་བཅོས་ལས་ཁུངས་ཕུད་པའི་སྨན་བཅོས་ལས་ཁུངས་གཞན་དུ་ལས་ཀ་གཉེར་ནས་བླངས་པའི་ཁྲིམས་མཐུན་ཡོང་འབབ་དེ་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གྱི་ཁྱབ་ཁོངས་སུ་བཞག་ཆོག མི་བཀོལ་ལས་ཁུངས་ཀྱིས་ཞང་ཀང་དང་ཨོ་མོན། ཐའེ་ཝན་དང་། ཕྱི་རྒྱལ་གྱི་རྒྱལ་ཁོངས་སུ་ཚན་རྩལ་གསར་སྐྲུན་བྱེད་པའི་འཇོན་མིར་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་པར་སྐུལ་སློང་བྱེད་དགོས། གསར་སྐྲུན་རང་བཞིན་གྱི་ཁེ་ལས་ཆུང་བས་ལས་སྐྲུན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ལས་བཟོ་པ་འཐད་པ་བྱུང་བ་བརྒྱུད། ཁེ་ལས་ཀྱིས་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་པའི་བསྡུར་གྲངས་འོས་འཚམ་གྱིས་ཇེ་ཉུང་དུ་གཏོང་བའམ་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གསོག་དུས་ཕྱིར་འགྱངས་བྱེད་ཆོག ཀྲུང་དབྱང་ཁེ་ལས་ཀྱིས་ལས་ཁུངས་ཁུ་བསྡུ་དང་རང་སྟོབས་ཆེར་བསྐྱེད། ཟླ་སྒྲིལ་བསྐྱར་འཛུགས་བཅས་ཀྱི་འཕེལ་རིམ་ཁྲོད་ལས་བཟོ་པའི་སྡོད་ཁང་གི་སྤྱི་པའི་གསོག་དངུལ་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་དང་འབྲེལ་མཐུད་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།