ཀྲུང་གོ་བོད་ཀྱི་དྲ་བ།

ཟླ7པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་སུ་ས་གནས་གཞན་དུ་ཐོབ་ཐང་ལག་ཁྱེར་སྒྲུབ་ཆོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   641.jpg

ཤེས་གསལ་ལྟར་ན། ཟླ7པའི་ཚེས1ཉིན་ནས་བཟུང་། སྤྱི་བདེ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཐོབ་ཐང་ལག་ཁྱེར་ས་གཞན་དུ་བདག་སྤྲོད་དང་བོར་ཐོ་འགོད་པའི་ཡར་ཞུ། བོར་དངོས་ལེན་བརྡ་གཏོང་བ་སོགས་ཀྱི་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་རེད། སྤྱི་དམངས་ཀྱིས་ས་གནས་གཞན་དུ་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་བྱེད་དུས་བདག་སྤྲོད་བྱེད་སའི་སྤྱི་བདེ་ལས་ཁུངས་ལ་ལག་ཁྱེར་མ་གནས་གྲོན་དངུལ་འཇལ་བ་ལས་གཞན་སྤྱི་བདེ་ལས་ཁུངས་ཀྱིས་གྲོན་དངུལ་ལྷག་མ་ལེན་མི་ཆོག བཞིན་རས་ཀྱི་ཁྱད་ཆོས་འགྱུར་ལྡོག་ཆེན་པོ་ཡོད་པ་དང་། སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་སྟེང་མཛུབ་རིས་ཆ་འཕྲིན་བཀོད་མེད་པས་ཐོབ་ཐང་ངོས་འཛིན་ཐག་གཅོད་མི་ཐུབ་པའམ་ཡིད་རྟོན་མི་བཟང་བའི་ཟིན་ཐོ་ཡོད་པ་བཅས་ལ་ས་གནས་གཞན་དུ་ཐོབ་ཐང་ལག་ཁྱེར་སྒྲུབ་མི་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།